འགྲོ་བཞིན་འདུག་བཞིན་རང་གི་སེམས་ལ་ལྟོས། །
行住坐臥要觀察自心,
ཟ་བཞིན་འཐུང་བཞིན་རང་གི་སེམས་ལ་ལྟོས།།
吃喝睡覺須觀察自心;
བལྟས་པས་མི་མཐོང་སྤྲོས་པའི་མཐའ་དང་བྲལ། །
無法看見遠離一切邊,
མཐའ་བྲལ་ངང་དུ་བཟོ་བཅོས་མེད་པར་ཞོག །
離四邊無造作中按住!
བདེ་སྡུག་སྣང་བ་མདང་སུམ་རྨི་ལམ་འདྲ། །
苦樂顯現猶如三更夢,
ཞེན་མེད་ངང་དུ་ཅི་དགའ་གང་དགར་ཐོངས། །
無執著之中隨意自然;
གུ་ཡངས་བློ་བདེའི་ངང་དུ་ཨ་ལ་ལ། །
無憂無慮寬鬆真歡喜,
འཛིན་མེད་གཉུག་མའི་ངང་དུ་ཨེ་མ་ཧོ། །
無執本性當中真稀奇!
སྤྱི་ལོ་༢༠༡༥ སྤྱི་ཟླ་༩ ཚེས་༡༢ ཞོགས་པའི་
ཆུ་ཚོད་༥་པར་མཁན་པོ་སྐལ་བཟང་ཉི་མས།
書於公元2015年9月12日清晨五點
尊貴的堪布 格桑尼瑪 仁波切