吉祥

རབ་འབྱམས་རྩ་གསུམ་ལྷ་ཚོགས།
浩瀚之三根本天尊,
བཀྲ་ལ་ཤིས་པ་ལ།
願吉祥!
བྱིན་རླབས་ཆར་ཆེན་ཕོབས་ཤོག
祈願加持降大雨霖,
གཡང་ལ་ཆགས་པ་ལ །
聚福德!
གཡང་གི་མཚོ་མོ་ཡིད་བཞིན་ནོར་གྱིས་གང་།
福德海充滿如意寶,
བཀྲིས་འོ།
吉祥哦!
བཀྲིས་ཕུན་སུམ་ཚོགས།
圓滿吉祥!

དཀོན་མཆོག་རིན་ཆེན་རྣམ་གསུམ།
稀世之珍三寶聖尊,
བཀྲ་ལ་ཤིས་པ་ལ།
願吉祥!
དགོས་འདོད་དངོས་གྲུབ་སྩོལ་ཤོག
祈願賜贈如意悉地,
དོན་ལ་གྲུབ་པ་ལ།
願如意!
འདོད་དོན་རེ་བའི་བང་མཛོད་འབྲུ་ཡིས་ཁེངས།
願如意倉充滿食糧,
བཀྲིས་འོ།
吉祥哦!
བཀྲིས་ཕུན་སུམ་ཚོགས།
圓滿吉祥!

རིན་ཆེན་བྱང་ཆུབ་སེམས་མཆོག
殊勝之珍寶菩提心,
བཀྲ་ལ་ཤིས་པ་ལ།
願吉祥!
མཛའ་བརྩེའི་འོད་སྣང་སྩོལ་ཤོག
祈賜予慈悲之光芒,
དགའ་བ་སྐྱིད་པ་ལ།
真歡喜!
དགའ་སྐྱིད་ཉི་མས་ཕྱོགས་རྣམས་ཀུན་ལ་ཁྱབ།
幸福之光普照各方,
བཀྲིས་འོ།
吉祥哦!
བཀྲིས་ཕུན་སུམ་ཚོགས།
圓滿吉祥!

ཞེས་པ་འདི་ཡང་འདས་དོན་གྱི་བྱ་བ་འགའ་རེ་ཡིད་ལ་འཁོར་ཞིང་རང་ཉིད་ཆུང་དུས་ཞབས་བྲོ་འཁྲབ་མྱོང་བའི་འཇང་དཀར་ལུང་པའི་ཞབས་བྲོའི་དབྱངས་དང་མཐུན་པར་སྐལ་བཟང་ཉི་མས་ཚིག་བྲིས་ཏེ་དབྱངས་སུ་གྱེར་བའི་དགེ་བས་དགེ་ལེགས་ཀྱི་སྣང་བ་ཕྱོགས་ཀུན་ལ་ཁྱབ་པའི་རྟེན་འབྲེལ་ཡོད་པར་སེམས་སོ།། ༡༥-༨-༢༠༡༩།
回想起一些的陳年往事,更想起小時在江噶地方跳過的舞蹈。隨著這支舞之曲子,經由格桑尼瑪填詞并隨性而唱。願此功德能以善法的光芒普照四方之緣起!

尊貴的堪布 格桑尼瑪 仁波切
書於2019年8月15日

About Author