吉祥周遍

སྐྱབས་མཆོག་གསུམ་སྤྲིན་ཆེན་མཁའ་ལ་འཁྲིགས། །
皈依處三寶雲罩在天空,
རྗེ་བླ་མའི་བྱིན་རླབས་ཆར་རྒྱུན་འབེབས། །
降下尊者上師的加持雨;
གྲོགས་མཆེད་ལྕམ་དད་དམ་རྩ་བ་བརྟན། །
师兄妺的誓言信心堅固,
ཆོས་ལུང་རྟོགས་བསྟན་པའི་འབྲས་བཟང་སྨིན། །
法教的教義正有效成熟,
དེ་འགྲོ་བ་ཀུན་གྱི་གསོས་སྨན་ཏེ། །
那全是眾生尚有的補藥,
ཨེ་མ་བཀྲིས་དགེ་མཚན་ཕྱོགས་རྣམས་ཀུན་ལ་ཁྱབ། །
奇哉!一切吉祥善相遍寰宇!

དགུང་དྲང་བདེན་ཁྲིམས་ཀྱི་བླ་རེ་མཛེས། །
崇高真誠戒律華蓋高雅,
གཞི་ཕན་གྲོགས་བྱམས་བརྩེའི་སྐུ་མཁར་བརྗིད། །
友善慈悲的宮堡閃光輝;
གོང་དཔོན་པོའི་ལྷག་བསམ་ཀ་བ་བརྟན། །
威德的首領樁柱之堅固,
འཁོར་གཡོ་མེད་འབངས་ལ་ཕན་བདེ་སྦྱིན། །
隨員之正直賜庶民福利,
འབངས་ཟོལ་མེད་འདྲ་མཉམ་དཔལ་ལ་སྤྱོད། །
庶民享有無畏誠摯平等,
ཨེ་མ་བཀྲིས་དགེ་མཚན་ཕྱོགས་རྣམས་ཀུན་ལ་ཁྱབ། །
奇哉!一切吉祥善相遍寰宇!

དགུང་བཀྲིས་གཟའ་སྐར་འོད་འཚེར་འཚེར། །
吉祥行星空中光明燦爛,
ས་དོག་མོར་རྩི་བཅུད་འཛུམ་ཕྲེང་བགོད། །
大地上的花朵爭奇鬥艷;
དྲིན་ཕ་མའི་སྐུ་ཚེ་རི་བས་བརྟན། །
願慈愛的父母壽比南山,
ནང་ཕུ་ནུ་བརྩེ་སེམས་མཚོ་ལས་ཟབ། །
家中的兄弟倆情深如海,
ཆོས་དགེ་བཅུ་སྙིང་གི་དཀྱིལ་དུ་ཉར། །
十善法永存在人們心間,
ཨེ་མ་བཀྲིས་དགེ་མཚན་ཕྱོགས་རྣམས་ཀུན་ལ་ཁྱབ། །
奇哉!一切吉祥善相遍寰宇!

སྐལ་བཟང་ཉི་མས།
尊貴的堪布 格桑尼瑪 仁波切

About Author