ཉེན་སྐྱོན་རིང་དུ་འདོར་བའི་ཚུལ་ཁྲིམས་ཡོད། །有長期戒除過失之戒律,
ཞི་འཇམ་ནང་ནས་སྦྱིན་པའི་ཏིང་འཛིན་ཡོད། །能賜予内心平和之禪定,
གནས་ལུགས་རང་ཞལ་མཇལ་བའི་ལྷག་མཐོང་ཡོད། །能照見真理面目之勝觀,
ང་ནང་པ་ཡིན་པས་བསོད་ནམས་ཆེ། །因为我是內道所以幸福!
ང་ནང་པ་ཡིན་པས་བསོད་ནམས་ཆེ། །因为我是內道所以幸福!
བསོད་ནམས་ཆེ། །幸福!
བསོད་ནམས་ཆེ། །幸福!
སྡུག་བསྔལ་དགེ་བར་སྒྱུར་བའི་བློ་སྦྱོང་ཡོད། །將痛苦交換淨善之修心,
དགྲ་བོ་གྲོགས་སུ་སྒྱུར་བའི་བཟོད་པ་ཡོད། །將怨敵化為朋友之安忍,
འགྲོ་ཀུན་གཉེན་དུ་སྒྱུར་བའི་བྱང་སེམས་ཡོད། །將眾生化親人之菩提心,
ང་ནང་པ་ཡིན་པས་བསོད་ནམས་ཆེ། །因为我是內道所以幸福!
ང་ནང་པ་ཡིན་པས་བསོད་ནམས་ཆེ། །因为我是內道所以幸福!
བསོད་ནམས་ཆེ། །幸福!
བསོད་ནམས་ཆེ། །幸福!
མ་དག་དག་པར་སྒྱུར་བའི་བསྐྱེད་རིམ་ཡོད། །將不淨轉淨之生起次第,
འཁྲུལ་སྣང་རང་སར་གྲོལ་བའི་རྫོགས་རིམ་ཡོད། །迷亂化解脫之圓滿次第,
བདག་འཛིན་རྩད་ནས་གཅོད་པའི་ཞི་བྱེད་ཡོད། །全能斷我執之般若經義,
ང་ནང་པ་ཡིན་པས་བསོད་ནམས་ཆེ། །因为我是內道所以幸福!
ང་ནང་པ་ཡིན་པས་བསོད་ནམས་ཆེ། །因为我是內道所以幸福!
བསོད་ནམས་ཆེ། །幸福!
བསོད་ནམས་ཆེ། །幸福!
སྐལ་བཟང་ཉི་མས་ད་ནང་ཞོགས་པར་བོདགཞས་ཤིག་གི་དབྱངས་དང་མཐུན་པར་ཚིག་བྲིས་ཏེ་དབྱངས་སུ་གྱེེར། ༡༦-༡༢-༢༠༡༦།
今晨隨興與一首藏歌的旋律填詞而唱!
尊貴的堪布 格桑尼瑪 仁波切
書於2016年12月16日