因果

བཟང་ངན་ལྷ་ཡིས་བཟོས་པ་མིན། །
好壞不是神的創造,
བདེ་སྡུག་གཞན་གྱི་སྤྲད་པ་མིན། །
苦樂也非他人所賜;
རྒྱུ་རྐྱེན་རྟེན་ཅིང་འབྲེལ་འབྱུང་ལས། །
依靠因緣和合而成,
ཕྱི་ནང་སྣོད་བཅུད་གྲུབ་པ་ཡིན། །
產生內外情器世間!

ཐོག་མེད་དུས་ནས་ད་ལྟའི་བར། །
從無始以來到現在,
རིགས་དྲུག་གནས་རིས་མཐོ་དམན་དུ། །
六道眾生貴賤所處;
སྐྱེ་བ་བཟང་ངན་སྣ་ཚོགས་བླངས། །
接受各種好壞身份,
བདེ་སྡུག་ཚོར་བ་སྣ་ཚོགས་མྱངས། །
感受各種各樣苦樂!

ཀུན་གཞི་ཞིང་ས་ཆེན་པོའི་སྟེང་། །
在阿賴耶識肥土上,
བག་ཆགས་ས་བོན་སྣ་ཚོགས་བཏབས། །
播下各種習氣種籽;
ཉོན་མོངས་ཆུ་ལུད་འཕྲད་པའི་ཚེ། །
當接觸煩惱水肥時,
རིམ་བཞིན་བདེ་སྡུག་སྣ་ཚོགས་སྨིན། །
成熟各種苦樂果報!

ས་བོན་ས་ལ་བཏབས་པ་ན། །
播種地面上之種籽,
སྨིན་པར་དཀའ་སླ་ཡོད་པ་ལྟར། །
果實成熟存有快慢;
བཟང་ངན་ལས་ཀྱི་འབྲས་བུ་ཡང་། །
於是善惡業力果報,
སྨིན་པར་མྱུར་བུལ་སྣ་ཚོགས་ཡོད། །
成熟同樣各有快慢!

མྱུར་བ་ཚེ་འདིར་སྨིན་པ་དང་། །
最快速此生即成熟,
འབྲིང་བ་སྐྱེས་བ་གཅིག་གི་རྗེས། །
如中等者來世成熟,
བུལ་བ་སྐྱེ་བ་མང་པོས་འཚམས། །
緩慢者許多世成熟,
སྨིན་པ་སྟོན་པའི་ཞལ་ནས་གསུངས། །
本師佛陀金口玉言!

ཚེ་འདིའི་རང་གི་བདེ་བ་ཀུན། །
自己這輩所有快樂,
རང་བྱས་དགེ་བའི་འབྲས་བུ་དང་། །
是本身行善之果報;
ཚེ་འདིར་དཀའ་སྡུག་སྣ་ཚོགས་ཀུན། །
此生各式各樣困苦,
རང་བྱས་སྡིག་པའི་འབྲས་བུ་ཡིན། །
自己造下惡業果報!

དེས་ན་དཀའ་སྡུག་འཕྲད་པའི་ཚེ། །
因此當遇到困苦時,
རང་གི་ལས་སུ་ཤེས་ནས་སུ། །
已知認定自己宿業;
གཞན་ལ་འཁང་ར་མི་ཆེ་བར། །
不能抱怨他人不是,
སྡིག་པ་སྤོང་བའི་ཐབས་ལ་བརྩོན། །
尋求斷滅業障方法!

གང་ཚེ་བདེ་སྐྱིད་ལྡན་པའི་ཚེ། །
當享受幸福之時光,
རྣམ་དཀར་ལས་ལ་ཡིད་ཆེས་ཤིང་། །
確信是做善業果報;
མུ་མཐུད་དགེ་བའི་བྱ་བ་ལ། །
繼續努力淨善之事,
ཆེས་ཆེར་འབད་ལ་སྤྲོ་བར་རིགས། །
應該極大勤奮精進!

རང་ལ་བྱམས་བརྩེ་སྐྱེས་པའི་ཚེ། །
自心中生起慈悲時,
རང་དགའ་གཞན་སྐྱིད་ལུས་སེམས་བདེ། །
自他身心愉快舒暢;
བརྗོད་མེད་དགའ་བདེ་སྦྱིན་པ་ནི། །
賜予不可言喻快樂,
ད་ལྟ་ཡོང་བ་མྱོང་བས་ཤེས། །
通過經歷就會明白!

སེམས་ལ་ཁོང་ཁྲོ་སྐྱེས་པའི་ཚེ། །
當心中生起瞋恚時,
རང་ཚིག་གཞན་ཕུང་དགའ་བདེ་བརླགས། །
自遭殃他人失快樂,
དཀའ་སྡུག་སྣ་ཚོགས་ཁྲིད་པ་ནི། །
導致各種各樣困苦,
རང་བསམ་རང་གིས་བཏང་བས་ཤེས། །
自己要自思維道理!

དེ་ཕྱིར་དུས་ཀུན་སྡིག་པའི་ལས། །
故任何時候勿作惡,
ཕྲ་མོ་ཚུན་ཡང་ཅི་ནུས་སྤང་། །
盡可能斷德細微內;
རྣམ་དཀར་དགེ་བའི་བྱ་བ་ལ། །
所作之善心情舒暢,
དགའ་ཞིང་སྤྲོ་བས་འཇུག་པར་ཤོག །
著手類似享受奮勉!

དགའ་བའི་འབྱུང་གནས་དགེ་བ་དམ་པ་ལ། །
利樂源泉殊勝淨善,
འཇུག་ན་འདི་བདེ་ཕྱི་མ་སྐྱིད་པས་ན། །
今生快樂來世幸福;
རང་གཞན་དགའ་བདེའི་དཔལ་ལ་རོལ་བའི་ཕྱིར། །
陶醉無畏自他歡樂,
དགའ་ཞིང་དགེ་ལ་ངང་གིས་འཇུག་པར་ཤོག། །
願自然行持淨善美!

སྡུག་གི་རྩ་བ་ནག་པོ་སྡིག་པ་ལ། །
若趨入苦根黑法業,
འཇུག་ན་འདི་ཕྱི་ཕུང་ལ་སྦྱོར་བས་ན། །
毀壞今生來世安樂;
རང་གཞན་མི་འདོད་རྐྱེན་ངན་ཟད་པའི་ཕྱིར། །
避免自他帶來不幸,
སྡིག་པའི་ལས་ཀུན་སྡུག་བཞིན་སྤོང་ནུས་ཤོག །
祈願止惡業棄痛苦!

སྐལ་བཟང་ཉི་མས། ༨-༧-༢༠༡༨།
書於2018年7月8日
尊貴的堪布 格桑尼瑪 仁波切

About Author