如何拯救自己?

རང་ཉིད་དགེ་ན་གཞན་པས་སྨད་ཀྱང་བཟང་། །
自善比別人誹謗也是善,
རང་ཉིད་ཉེས་ན་གཞན་པས་བསྟོད་ཀྱང་ངན། །
自惡比別人讚嘆亦是惡;
བཟང་ངན་རྩ་བ་རང་ལ་ཐུག་ཡོད་པས། །
好壞的根本取決於自己,
རང་གིས་རང་ཉིད་གཅུན་པ་ཤིན་ཏུ་གལ། །
重要是自己要調伏自身!

རང་ཚུགས་ཟིན་ན་རྐྱེན་ངན་གྲོགས་སུ་འགྱུར། །
受持本份違緣轉化道緣,
རང་ཚུགས་མ་ཟིན་ལེགས་ཚོགས་ཉེས་པའི་རྒྱུ །
未得本份善緣也是惡因;
ལེགས་ཉེས་རྩ་བའང་རང་ལ་ཐུག་ཡོད་པས། །
是非的根本取決於自己,
རང་ཚུགས་རང་གིས་གཟུང་བ་སྲོག་གི་གནད། །
要客觀自己本份如生命!

བསམ་པ་བཟང་ན་བྱས་ཚད་ཚོགས་སུ་འགྱུར། །
意識善良所做成為資糧,
བསམ་པ་ངན་ན་ཅི་བྱས་སྡིག་པའི་ཁུར། །
意識卑劣所做負擔惡果;
དགེ་དང་མི་དགེ་རང་སེམས་ལ་ཐུག་པས། །
善良與罪惡取決於自心,
རང་སེམས་ཁ་ལོ་བསམ་པ་དཀར་ལ་སྒྱུར། །
自心朝向變換意識清白!

རང་སྣང་དག་ན་ཅིར་སྣང་དགེ་ཞིང་ལེགས། །
主觀清淨無論出現賢善,
རང་སྣང་མ་དག་སྣང་སྲིད་དགྲ་རུ་ལྡང་། །
主觀褻瀆萬物爆發為敵;
དག་དང་མ་དག་རང་གི་ལས་སྣང་སྟེ། །
清淨與褻瀆是自己業力,
རང་གི་ལས་སྒྲིབ་རང་གིས་སྦྱོང་བར་གྱིས། །
自己的業障自己去淨除!

སེམས་རྒྱ་ཆེ་ན་བཟང་ངན་མ་ལུས་ཤོང་། །
心大容納無一例外善惡,
སེམས་རྒྱ་ཆུང་ན་གྲོགས་མེད་ཁེར་རྐྱང་ལུས། །
心胸狹窄只會孤寂一身;
ཀུན་ལ་འགྲིག་མིན་རང་སེམས་ལ་ཐུག་པས། །
無論一切是否取決自心,
རང་གི་སེམས་ལ་གུ་ཡངས་སྒོ་མོ་ཕྱེས། །
定要開辟自己廣闊的心!

ལྟ་སྟངས་བཟང་ན་གནས་བབ་སྐྱོ་ཡང་སྐྱིད། །
觀點善良傷境也能快樂,
ལྟ་སྟངས་ཞན་ན་ཇི་ཙམ་འབྱོར་ཡང་སྡུག། །
觀點惡劣多富裕也痛苦;
སྐྱིད་སྡུག་རྩ་བ་རང་ལ་ཐུག་ཡོད་པས། །
苦樂的根本取決於自己,
རང་གིས་རང་ལ་ཆོག་ཤེས་ནོར་མཆོག་བྱིན། །
自己知足自己的純寶石!

རང་སེམས་ལྷོད་ན་ལུས་ཁམས་བདེ་ཞིང་སྐྱིད། །
放鬆自心身界享樂幸福,
རང་སེམས་རྒོད་ན་ཁམས་འཁྲུགས་ནད་ཀྱིས་གཟེར། །
暴戾擾亂自心疾病纏身;
ལུས་ཁམས་བདེ་མིན་སེམས་ལ་ཐུག་ཡོད་པས། །
康寧與不精神取決身界,
རང་སེམས་རང་གིས་ལྷོད་ལ་སྐྱོང་བར་མཛོད། །
要放鬆自心來救護自己!

རང་ངོ་ཤེས་ན་ཐམས་ཅད་སེམས་ཀྱི་རྩལ། །
認識自性全是心的善巧,
རང་ངོ་མ་ཤེས་གང་སྣང་ཆགས་སྡང་རྐྱེན། །
不懂自性則是貪瞋助緣;
འཁྲུལ་གྲོལ་རྩ་བ་སེམས་ལ་ཐུག་འདུག་པས། །
迷亂解脫根本取決於心,
རང་སེམས་གསང་བ་རང་གིས་རྙེད་པར་གྱིས། །
自己要尋找自心的秘密!

སྐལ་བཟང་ཉི་མས། ༦-༦-༢༠༡༨།
書於2018年6月6日
尊貴的堪布 格桑尼瑪 仁波切

About Author