心性本清淨(上)

སྟག་གིས་ཟ་འགྲོ་གི་རེད་བསམ་པའི་རེ་དོགས་གང་ཡང་དགོས་མ་རེད། གང་ཡིན་ཟེར་ན་ཁོ་རང་གི་ཉེ་ས་ཉལ་ཁང་ནང་ལ་སྟག་རྩ་བ་ནས་མེད་པ་ཡིན་པ་དང་གཉིད་སད་བསྡད་ཡོད་པ་ཡིན་ནའང་ཁང་པ་ལ་སྟག་རྩ་བ་ནས་ཡོད་མ་མྱོང་བ་རེད། དེ་ཡིན་དུས་སྟག་ལ་ཞེད་སྣང་སྐྱེ་དགོས་ཡ་ཡོད་མ་རེད།།
དཔེ་དེ་ནང་བཞིན་སངས་རྒྱས་མ་རིག་པ་དང་སྒྲིབ་པ་ལས་སངས་ཚར་བ་དང་གཉིད་ལས་སད་ཚར་བ་ཡིན་ཙང་། ང་ཚོ་ལ་སྣང་བའི་བག་ཆགས་སྣ་ཚོགས་པ་སྣང་བའི་དཀའ་ངལ་རྩ་བ་ནས་མེད་པ་རེད།
不用擔心自己會被一只老虎吃掉,為什麼呢?因為你的臥室周圍根本就沒有老虎,即使睡醒了屋內也不會出現有老虎,所以用不着害怕老虎存在。通過這個例子,佛陀已經清除了無明和業障,从睡夢中徹底醒來,根本不會出現像我們凡夫擁有之各種习氣而被困擾。
མི་གཅིག་གཉིད་བསྡད་ཡོད་པ་ཡིན་ན། ཁོང་གཉིད་ལས་ཨ་ན་ ཨ་ཚ་་ཟེར་ནས་འབོད་བཞིན་འདུག་ན། ཁོ་གཉིད་ལས་ཡར་སློང་ཆེད་ལུས་འགུལ་ཀྱོག་གཏང་བས། གཉིད་ལས་སད་སྐབས། འདི་རྨི་ལམ་རེད་སྟག་ཡོད་མ་རེད། སྟག་གང་ན་འདུག གཉིད་སད་ནའང་ད་དུང་ཁོའི་སྙིང་(སྒོག/ སྒོག)ཟེར་ནས་འདར་བཞིན་ཡོད། ཁྱད་མཚར་སྐྲག་དགོས་ཡ་ཡོད་མ་རེད། འདི་རྨི་ལམ་རེད་བ་སྟག་རྩ་བ་ནས་ཡོད་མ་རེད། དེ་རྨི་ལམ་རེད། རང་ད་ལྟ་གཉིད་ལས་ལྡང་ཡོད་པ་རེད་ཟེར་ཡང་ད་དུང་ཁོས་ངའི་རྐང་པ་གཏུབ་མི་འདུག་བ། ཁྲག་དོན་གྱི་མི་འདུག་བ་ཟེར་ནས་ལྟ་སྐབས་བདེ་ཐང་ཡིན་དུས་སེམས་པ་ལྷོད་ལྷོད་ཆགས་པ།
如果一个人睡著了,并且在睡夢中嗷嗷直叫“這裡疼,那裡痛。” 為了使讓他從睡夢中醒來而去搖他的身體。待醒來後告訴他,“你只是在夢中見到老虎而這裡根本就沒有老虎。現在你看看有沒有老虎!” 他即然醒來了,但是心還在撲通直跳。 告訴他“ 你剛才只是在做夢而根本就沒有老虎,那只是一場夢,你現在已經醒過來了,” 但他依然还念叨著“我的腳有沒有被撕碎?有沒有流血?” 檢查身体體後當他發現自己安然無恙時,才放鬆下來。

དེ་ནང་བཞིན་ང་ཚོའི་འཁོར་བའི་སྣང་བ་སྣ་ཚོགས་རྣམས་བཟང་པོ་ལ་ཆགས། ངན་པ་ལ་སྡང་། དེ་ལ་ཐོབ་ཤོར་རེ་དོགས་ངང་ལྷུང་བསྡད་དུས་སངས་རྒྱས་ཀྱིས་ཆོས་གསུངས་ནས་འདི་སྣང་བ་ཐམས་ཅད་ཁྱོད་རང་གི་འཁྲུལ་བའི་སྣང་བ་རེད། དོན་ལ་གྲུབ་ནས་ཁྱོད་ལ་སྣང་བ་ཡོང་བ་མ་རེད། ཁྱོད་རང་བློ་རྟོག་པས་སྣང་བ་རེད་མ་གཏོགས་དོན་ལ་སྣང་བ་དེ་གྲུབ་ཀྱི་མ་རེད་ཟེར་ནས་སངས་རྒྱས་ཀྱིས་ཆོས་གསུངས།
同樣,在這輪迴包羅萬象的事物當中,我們貪戀好的且不喜歡壞的,落入到得失擔憂之中不能自拔。佛陀宣說“這些現象都是自身之迷亂的幻覺,而不是實際上存有的顯現。因為除了你的意識而顯現這些以外,實際上顯現是不存在。” 佛陀是如此宣講。
དེ་འདྲ་བའི་ཆོས་སྟོན་པ་ལ་བརྟེན་ནས་སངས་རྒྱས་ཀྱིས་ཆོས་བསྟན་མ་ཐག་ཏུ་མ་རིག་པའི་གཉིད་ལས་སད་ནས་མང་པོ་ཞིག་དགྲ་བཅོམ་པའི་གོ་འཕང་ཐོབ་འགྲོ་ཡ་དེ་མི་དེ་ཁོའི་ལུས་བསྒུལ་ནས་གཉིད་སད་དུ་བཅུག་པ་དང་ཁོ་ལ་རྨི་ལམ་གྱི་ཞེད་སྣང་ཡལ་སོང་བ་ནང་བཞིན་ཆགས་ཀྱི་ཡོད་རེད། ཁང་པ་ནང་ལ་སྟག་རྩ་བ་ནས་ཡོད་མ་མྱོང་ན། སྟག་ཡོད་པ་ཟེར་བ་དེ་གྲུབ་ཀྱི་ཡོད་མ་རེད།
依靠這種宣說的方式,當佛陀說法完畢時,立即就有很多人證得阿羅漢的果位。就像搖動一個人的身體叫他醒來時一樣,擺脫夢中的恐懼。假如屋內沒有老虎,那根本就不可能有老虎的存在。

གང་ཡིན་ཟེར་ན་སྐབས་དེའི་སྟག་དེ་ཁོའི་རྨི་ལམ་གྱི་སྟག་དེ་རེད།
རྨི་ལམ་ནང་གི་སྟག་དེ་སྟག་དངོས་གནས་མ་ཡིན་པ་ཡིན་ཙང་། རྨི་ལམ་ནང་གི་སྟག་ཁོ་རང་གིས་སྟོང་སོང་བ་རེད། གང་ཡིན་ཟེར་ན་སྟག་མ་རེད།།
ཡང་ཧིན་དྷུ་ལྷ་ཁང་ཞིག་གི་ནང་དུ་མི་གཉིས་རི་མོའི་དོན་དུ་འཁྲུག་པ་ཤོར་བསྡད་ཡོད་རེད། གཅིག་གིས་ཟེར་ན་ལྷ་ཤི་བ་(Shiva)རེད་ཟེར། གཅིག་གིས་ཟེར་ལྷ་ཀིར་ཤི་ན་(Krishna)རེད་ཟེར་ནས་རྩོད་པ་བརྒྱབས་བསྡད་ཡོད་པ་རེད།
為什麼不存在呢?當時他只是在夢中出現的老虎,因夢中的老虎而不是真實的老虎,所以他自身就是空性而不是老虎。還有在印度教的一個寺廟裡,兩個人因這壁畫而開始爭了起來。 一個人說那是濕婆神 ,另一個人卻說是奎師那神,两人爭執不休。
དེ་ནས་མི་གསུམ་པ་དེ་སླེབ་ཡོང་དུས་ཁོ་ལ་སྐད་ཆ་དྲིས་པ་རེད།
འདི་ཀིར་ཤི་ན་དང་ཤི་བ་གཉིས་སུ་རེད་དྲིས་པས། ཁོང་གི་ཀིར་ཤ་ན་ཡང་མ་རེད་ཤི་བ་ཡང་མ་རེད། འདི་ནི་རི་མོ་རེད། ཤི་བ་དང་ཀིར་ཤི་ན་ཟེར་བ་དེ་རི་མོ་མ་རེད། དཔེ་དེ་ནང་བཞིན་ང་ཚོས་སྣང་བ་ཐམས་ཅད། དེ་བཟང་པོ་རེད། དེ་ངན་པ་རེད་ཟེར་ནས་འཁྲུལ་བསྡད་ཡོད་རེད། འདི་ཡག་པོ་རེད། འདི་སྡུག་པོ་རེད་ཟེར་ནས་བཟང་ངན་གྱི་དབྱེ་བ་ཤུགས་ཆེན་བཟོ་ཀི་ཡོད་རེད། ཡིན་ནའང་དོན་ལ་རང་གིས་སྣང་བ་ཙམ་མ་གཏོགས་བཟང་ངན་རྩ་བ་ནས་གྲུབ་མ་མྱོང་བ་རེད།
然後來了第三個人,他俩問:“這是湿婆神還是奎師那神?” 那人回答:“ 這既不是濕婆神也不是奎師那神而只是一幅畫。濕婆神和奎師那神都不是而是一幅畫像。” 同樣的道理,我們對各種各樣的顯現,分別這是好的而那是壞的,當下就在迷亂之中。因我們去分別這是好的而那是壞的,有强烈分別好壞之觀念。但是除了自己顯現以外,實質上沒有好壞之分。

ཡང་བུ་མོ་གཅིག་གིས་རྨི་ལམ་ནང་ལ་བུ་ཞིག་སྐྱེ་བ་རྨིས་ནས་ཧ་ཅང་སེམས་པ་དགའ། བུ་དེ་ལ་བྱམས་སྐྱོང་གནང་བ་སོགས་རྨི་ལམ་བྱུང་བ་རེད། ཕྲུ་གུ་དེ་ཏོག་ཙམ་ཆེན་པོ་ཆགས། རྗེས་སུ་ཕྲུ་གུ་དེ་ཤི་སོང་བ་དེའི་སྐབས་སུ་སེམས་པ་སྐྱོ་ནས་ངུས་བསྡད་པའི་རྨི་ལམ་བཏང་བ་རེད།
再比如:有一位婦女夢見自己生了一個小孩而非常高興,并對他關愛有加。當小孩稍稍長大後便死了,這時她又傷心落泪。
དེ་བུ་མོ་དེའི་རྨི་ལམ་གྱི་སྣང་བ་རེད་མ་གཏོགས་དངོས་ཡོད་གནས་ཚུལ་ལ་བུ་སྐྱེ་ནས་ཤི་བ་དེ་རྩ་བ་ནས་བྱུང་མེད་པ་རེད། དཔེ་དེ་ནང་བཞིན་ང་ཚོས་བཟང་ངན་གྱི་གནས་ཚུལ་ལ་སྡང་ཞེན་བྱེད་པ་དེ་རྨི་ལམ་ནང་གི་བུ་སྐྱེ་བ་དང་ཤི་བ་ལ་དགའ་སྡུག་བྱེད་པ་ནང་བཞིན་རེད།
但是,這只是那個婦女在夢中的景象,實際上她根本就沒有生過小孩也沒有死掉。同樣的道理,我們對事物好壞之愛憎,就像在夢中因小孩之生死而產生的快樂和悲傷一樣。
བུ་མོ་དེ་ཕྲུ་གུ་སྐྱེ་མྱོང་མེད་ཀྱང་ཕྲུ་གུ་སྐྱེ་བའི་སྣང་བ་ཤར་གྱི་ཡོད་རེད།
ཕྲུ་གུ་རྩ་བ་ནས་ཆགས་མྱོང་མེད་ནའང་ཕྲུ་གུ་ཆགས་པ་དང་སྐྱེ་བ་ཤི་བ་སོགས་ཀྱི་དགའ་སྐྱོའི་ཚོར་བ་དེ་གང་ནས་སྐྱེ་བ་རེད་ཟེར་ན། སེམས་དེ་རྨི་ལམ་དང་གཉིད་ཀྱིས་བསླད་སོང་བ་ལ་བརྟེན་ནས་ཡོང་བ་རེད།
那個婦女雖然沒有生過小孩,卻有生小孩的幻覺;雖然沒有懷孕,卻有懷孕、分娩、死亡,以及對這些事情的喜怒哀樂。這些感覺是從哪裡來的呢?是因為她的意識被睡眠和夢幻所染污而產生的。
དཔེ་དེ་ནང་བཞིན་ང་ཚོས་ཀྱང་མ་རིག་པ་དང་ཉོན་མོངས་པའི་ལས་དང་བག་ཆགས་ལ་བརྟེན་ནས་ང་ཚོས་སྣང་བ་སྣ་ཚོགས་འཆར་ཡ་དེ་ཡང་བུ་མོ་དེའི་རྨི་ལམ་ནང་དུ་ཕྲུ་གུ་ཡི་སྣང་བ་ཤར་བ་དང་གཅིག་པ་རེད།
同樣,我們也被無明、煩惱之業障和習氣所染污,而產生了這些包羅萬象之現象。就像那個婦女在夢中出現生小孩的景象一樣。

About Author