開示

心性本清淨(下)

འདི་འདྲ་བའི་སྟོང་པ་ཉིད་དེ། སྟོང་ཉིད་ཀྱི་དོན་དངོས་གནས་དེ་ང་ཚོས་གཉིས་སྣང་ཅན་གྱི་བློ་ཡི་ཡུལ་དུ་གྱུར་ཐུབ་ཀྱི་ཡོད་མ་རེད་ལ་ངག་གིས་ཡང་བརྗོད་ཐུབ་ཀྱི་ཡོད་མ་རེད། ང་ཚོའི་སྒྲ་དང་རྟོག་པའི་ཡུལ་དུ་གྱུར་གྱི་ཡོད་མ་རེད།
དེ་འདྲ་ཡིན་དུས་སྨྲ་བསམ་བརྗོད་མེད་ཅེས་དང་སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན་ཞེས་ཟེར་གྱི་ཡོད་པ་རེད། མ་སྐྱེས་པ་རེད། རྒྱུ་དང་རྐྱེན་གང་གིས་ཡང་སྐྱེ་བ་མ་རེད། གང་ཡིན་ཟེར་ན་རྨི་ལམ་ནང་གི་ཕྲུ་གུ་སྐྱེ་བ་དེ་ཕ་མ་སུ་ཡིས་ཀྱང་སྐྱེས་ཡོད་མ་རེད། སྐྱེས་མེད་པ་ཡིན་ཙང་འགག་པ་ཡང་ཡོད་མ་རེད། ཕྲུ་གུ་མ་སྐྱེ་ན་ཁོ་ལ་ཤི་ཡ་ཡང་མེད་པ་རེད།
這種真實之空性,而不是我們二取分別念的對境;也不能用言語來形容,更不是我們用語言和思維所能及之對境。所以說:“不可言思”或“ 不可言思般若度” 而是無生,沒有通过任何的因緣所產生。就像這夢中的小孩一樣沒有任何父母去生他,即沒有生也就不會有滅,小孩沒有出生也就不會有他的死。
དེ་འདྲ་ཡིན་ཙང་དོན་ལ་ཡོད་མེད། སྟོང་མི་སྟོང་། ཞེས་པའི་སྤྲོས་པ་ཐམས་ཅད་ལས་འདས་པ་རེད། དཔེ་ལ། དཔེར་ན་ནམ་མཁའི་རང་བཞིན་བཞག་པ་རེད། ང་ཚོས་ནམ་མཁའ་ཟེར་ནས་ཡར་མཛུབ་མོ་བཙུགས་ཀྱི་ཡོད་རེད། ཡིན་ནའང་གོང་གི་ཁ་དོག་སྔོན་པོ་ཡོད་པ་དེ་ནི་རྒྱ་མཚོའི་རླབས་ཡར་ཤར་བསྡད་པ་རེད་མ་གཏོགས་སྔོན་པོ་དེ་ནི་ནམ་མཁའ་མ་རེད། ནམ་མཁའ་ལ་ནི་ཁ་དོག་ཡོད་མ་རེད། ནམ་མཁའ་ལ་ཤར་ལྷོ་ནུབ་བྱང་སོགས་ཕྱོགས་གང་ཡང་ཡོད་མ་རེད། ང་ཚོས་ནམ་མཁའ་ཟེར་ནས་ཚིག་ཙམ་བཏགས་པ་རེད་མ་གཏོགས་དངོས་ཡོད་ནམ་མཁའ་འདི་རེད་ཟེར་ན་ཡོད་པ་མ་རེད།
所以,空性在真實意義上不存在“有無”、“空不空”,它是遠離一切戲論的。就用虛空的性質來作比喻,我們嘴說“虛空”,用手指向“虛空”,但是那湛藍色的東西不是虛空,只是大海之顏色映射在那裡。虛空根本就沒有顏色,也沒有東南西北等方位。而所謂的虛空只是一个名詞,更不是一個真實存在的東西。
བྱས་ཙང་སྟོང་པ་ཉིད་དེ་ནམ་མཁའ་ལ་དཔེ་བཞག་པ་རེད། འོ་ན་དེ་ང་ཚོས་བརྗོད་མི་ཐུབ། བསམ་ཡང་མི་ཐུབ། དེ་ན་དེ་སུས་ཧ་གོ་ཡི་རེད་ཟེར་ན། འཕགས་པའི་གང་ཟག་མཉམ་པར་བཞག་པའི་སོ་སོའི་རང་རིག་པའི་ཡེ་ཤེས་ཀྱིས་རྟོགས་ཀྱི་རེད། སྟོང་པ་ཉིད་ཟེར་བ་དེ་དཔེ་གཏིང་ཟབ་པོ་རེད། དེ་རྟོགས་ཡ་ལ་ཚོགས་བསགས། སྒྲིབ་པ་སྦྱང་། ཉམས་ལེན་བྱས། སྒོམ་བརྒྱབས་ན་མ་གཏོགས་ང་ཚོའི་རྣམ་རྟོག་གིས་དོགས་པས་བཅད་ནས་རྟོགས་འགྲོ་ཡ་མ་རེད།
所以,空性才能比喻作虛空。如果問“ 既然空性不可言又不可思,那麼有誰能知道呢?”只有聖者在入定時無分別智慧的勝觀。所謂的空性是非常深奧,若想了悟它就要積資、淨障、修行、禪定,不能通過我們的分別念去分析能夠領悟它。

ཁ་ཤས་སྒོམ་རྒྱབ་སྐབས་གང་ཡང་མེད་པ་སྟོང་པ་ཉིད་རེད་འདུག ངས་སྟོང་ཉིད་རྟོགས་སོང་ཟེར་མཁན་ཡང་ཡོད་རེད། དེ་ང་རང་གིས་རྟོགས་པ་ཙམ་མ་ཟད་མི་གཞན་ལའང་སྟོང་པ་ཉིད་རྟོགས་སོང་ཟེར་ནས་བཤད་ཀྱི་ཡོད་རེད།
དེ་འདྲ་ལབ་མཁན་དེ་གང་ཡང་མེད་པའི་མཐའ། འཆད་མཐའ་ལ་འགྲོ་གི་ཡོད་རེད། ཁ་ཤས་ཀྱི་ཡང་སེམས་ཀྱི་གནས་ལུགས་ཟེར་བ་དེ་ངོ་བོ་ལ་འགྱུར་བ་མེད་པ། ཚུགས་ཐུབ་ཏུ་བསྡད་པ། འགྱུར་ཡ་མེད་པ། བདེན་པས་གྲུབ་པ་ཞིག་ཡོད་ས་རེད་བསམ་མཁན་རྣམས་རྟག་པའི་མཐའ་ལ་ལྷུང་སོང་བ་རེད།
有些人甚至在打坐時自認為什麼都沒有,這叫做空性,然後還說自己“我證悟了空性”,不僅自認為已經領悟了空性而且逢人便說。說這種話的人便墮入了什麼都沒有之邊——墮入了斷邊。有些人卻又認為所謂“心的自性” 就是本體不變而屹然自立,不會改變而真實存在,這種人則墮入了常邊。
དེ་འདྲ་ཡིན་ཙང་སྒོམ་རྒྱབ་དུས་མ་ཡེངས་། མི་སྒོམ། བཟོ་མེད། ཅེས་གསུམ་བཤད་དགོས་པའི་རྩ་བ་དེ་ཡིན་པ་རེད། དེ་གསུམ་ལས་གལ་ཆེ་ཤོས་དེ་གཉིས་པ་དང་གསུམ་པ་དེ་རེད། ང་སྒོམ་རྒྱབ་ཡ་དེ་ཡང་གོང་ནས་ཞུས་པ་ལྟར་དཔེ་ནམ་མཁའ་བཞག་པ་ནང་བཞིན་སྟོང་པ་ཉིད་ཀྱི་དོན་དེ་ག་ཚོས་རྟོགས་དགོས་ཀྱི་ཡོད་རེད། སེམས་ཀྱི་གནས་ལུགས་དེ་ད་སྔོན་སྟོང་པ་ཉིད་ལ་འགྲེལ་བཤད་བྱས་པ་བཞིན་སྟོང་པ་ཉིད་ཆགས་བསྡད་ཡོད་པ་རེད། བྱས་ཙང་སེམས་དེ་ཡེངས་མི་ཉན། མ་ཡེངས་པར་སྒོམ་དགོས།
所以在打坐時,要不亂、不修、無改這三點的原因就在這裡。其中第二和第三尤為重要。關於打坐我已經在前面所說之虛空的比喻一樣,要用空性的意義去理解如何去打坐。心的自性也在前面解釋空性的道理一樣,也是空性。所以心不能亂更要不亂而修。
མ་སྒོམ་ཟེར་དུས་ག་རེ་རེད་ཟེར་ན། སྒོམ་པའི་སྐབས་སུ་སྟོང་པ་ཉིད་རེད་བསམ་ན་མི་འགྲིག་པ་རེད། མི་སྟོང་པ་རེད་བསམ་ནའང་མི་འགྲིག་པ་རེད། ཡང་འགའ་ཤས་ཀྱི་གསལ་བ་རེད། བདེ་བ་རེད་བསམ་པ་ལ་སོགས་པ་མདོར་ན་བདེ་བའོ། སྟོང་པའོ། མི་རྟོགས་པའོ་བསམ་པ་སོགས་ནོར་བ་ཡི་དུས་དེ་འདྲ་གང་ཡང་མི་སྒོམ་ཟེར་བ་རེད།།
所謂的不修是什么意思呢?在坐禪時不能想“這是空性”,也不能想“這不是空性”。甚至有些人在想:“這是光明”、“這是大樂” 等等。總而言之,不能想着這些是“大樂”、“空性”、“無分別”等這些都是錯誤之處。
འདི་འདྲ་བའི་སྟོང་པ་རེད། མི་སྟོང་པ་རེད་བསམ་པ་གང་ཡང་མི་བྱེད་པར་སེམས་དེ་རང་དབང་ངང་ལྷོད་ལྷོད་བཞག་པ་ཙམ་མ་གཏོགས་པར་སྟོང་མི་སྟོང་སོགས་གང་ལ་མ་འཇུག་པར་དེ་ལ་ཟེར།།
心不但不能想“這是空性” “這不是空性”,而是要在自然舒適的狀態下放鬆,這種沒有空与不空的狀態下這叫做不修。
གང་ཡིན་ཟེར་ན་སེམས་ཀྱི་གནས་ལུགས་སྟོང་ཉིད་དེ་ང་ཚོས་ཡུལ་དུ་གྱུར་པ་མ་རེད། བློ་ལས་འདས་པ་ཡིན་ཙང་དེའི་ཕྱོགས་ལ་སེམས་འགྲོ་དགོས་ན་ལྷོད་ལྷོད་བཞག་པ་མ་གཏོགས། སྟོང་པ་རེད། མི་སྟོང་པ་རེད་བསམ་ཚར་ན་དེ་གནས་ལུགས་ཀྱི་དོན་ལ་མཐུན་གྱི་ཡོད་མ་རེད།།
為什麼要這樣修呢?因為心的自性是空性,不是我們之對境而是超越言思的,所以想趣入這種狀態只能自然放鬆,如果起心动念只想着“空”或者“不空”,就違背了實相之真理。

གསུམ་པ་དེ་བཟོས་བཅོས་མ་བྱས་པ། སེམས་དེ་རང་དབང་ངང་ནས་བཞག་ཡོང་པའི་སྐབས་རེ་རྣམ་རྟོག་འཁྲུག་འགྲོ་ཡ་ལྟ་བུ་དང་། རྣམ་རྟོག་འཁྲུག་སྐབས་ད་འགྲིག་མ་སོང་། ད་སེམས་ཞི་བར་གནས་དགོས་ཀྱི་ཡོད་བསམ་ནས་སེམས་བསྒྱུར་བཅོས་བཏང་ནས་ཞི་བར་གནས་ཐབས་ལ་འབད་བརྩོན་བྱས་ནས་དེ་ཤུགས་རྒྱབ་ཡོང་དུས་སེམས་དེ་ད་དུང་ཤུགས་ཆེ་རུ་འཁྲུགས་འགྲོ་བ་སོགས་ཡོང་གི་ཡོད།
第三點就是要不加改造;能讓心在自然的狀態下放鬆,有時分別念也會此起彼伏。這時想:“不行!因我動了念頭如何讓心平靜下來。” 這樣使勁地去改變心的去向,更刻意地讓心平靜下來,這樣做只會讓心變得越來越浮動。
ཁ་ཤས་ཡང་སེམས་དེ་གསལ་པོ་མེད་པ་དང་དེ་གསལ་པོ་བྱེད་དགོས་བསམ་ནས་བཟོས་བཅོས་བྱེད་པ་དེ་འདྲ་བྱས་ན་འགྲིག་གི་མེད་པ་རེད། ཁ་ཤས་ཀྱིས་ངའི་སྒོམ་དེ་དཔེ་ཡག་པོ་ཞིག་ཆགས་དགོས་བསམ་ནས་སྒོམ་རྒྱབ་སྐབས་རེ་བ་བྱས་ནས་སྒྱུར་བཅོས་བཏང་བ་དེ་ཡང་ནོར་སོང་བ་རེད། ཁ་ཤས་ཡང་ངའི་སྒོམ་དེ་ནོར་སོང་ཡོད་ས་རེད་བསམ་ནས་དོགས་པ་བྱས། དེ་འདྲའི་དོགས་པ་དེ་ཡང་སྒོམ་རྒྱབ་སྐབས་འགྲིག་གི་མེད་པ་རེད།
有些人想:“我的心不是很明,要讓它變得明亮些”,也不可以這樣去做來改變自己的心;更有一些人則想著:“我一定要好好打坐”,用這種强烈的願望去改變心的做法,也是不對的;更加有些人則懷疑自己打坐是不是錯了,在坐禪時也不能有這種懷疑的念頭。
དེ་བཟོས་དགོས་པའི་རྒྱུ་མཚན་ནི་ང་ཚོའི་སྒོམ་དགོས་དོན་ནི་སེམས་ཀྱི་གནས་ལུགས་རྟོགས་ཡ་དེ་རེད། སེམས་ཀྱི་གནས་ལུགས་དེ། གཉིས་འཛིན་ལས་འདས་པ། གཉིས་མེད་ཅིག་ཆགས་བསྡད་ཡོད་རེད། སེམས་ཀྱི་གནས་ལུགས་དེ། འཁོར་འདས་གཉིས་ལས་འདས་པ་རེད། དེ་ལ་འཁོར་འདས་གཉིས་སུ་མེད་པ་རེད།
為什麼要“不改”而修呢?因為我們打坐的目的就是為了領悟心的自性。而心的自性是遠離二取更加是不二的境界;心的自性超越了輪迴和涅槃,所以叫做輪涅不二。

尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago