སྐྱེས་ནས་མ་ཤི་བསྡད་མཁན། །
未曾長生不死,
སུ་དང་གང་ཡང་མི་འདུག །
亙古也不存在;
རང་ཉིད་འཆི་རྒྱུ་ཡིན་པས། །
因人漸趨死亡,
འཆི་ཆོས་ད་ལྟ་སྒྲུབས་དགོས། །
今必精進修法!
འཆི་བ་ཐོག་ཏུ་བབ་ཉིན། །
突然死亡降臨,
སུ་དང་གང་གིས་མི་ཕན། །
無人能夠相助;
ཕན་ངེས་དམ་པའི་ཆོས་ལ། །
能助唯益聖法,
ལེ་ལོ་ཕྱི་བཤོལ་མ་བྱེད། །
切勿懈怠蹉跎!
ད་ལྟ་རང་དབང་ཡོད་དུས། །
現在自由之時,
དམ་ཆོས་ཚུལ་བཞིན་སྒྲུབ་དགོས། །
需如理修正法;
འཆི་བདག་གཤིན་རྗེ་སླེབས་དུས། །
閻羅王來到時,
འགྱོད་ཀྱང་བཅོས་ཐབས་མི་འདུག །
遺憾也無用處!
སྙིང་གཏམ་སྙིང་ནས་ཐོན་ཡོད། །
心腹語自心出,
འཁྲུལ་གཏམ་ཉོབ་གཏམ་མ་ཟེར། །
勿可無聊謬論;
ལོང་གཏམ་ཆགས་གཏམ་ངང་ནས། །
切勿閒話穢言,
མི་ཚེ་ཆུད་ཟོས་མ་གཏོང་། །
莫棄耗竭人生!
སྐལ་བཟང་ཉི་མས།
༢༥-༩-༢༠༡༥
尊貴的堪布 格桑尼瑪 仁波切 2015年9月25日