道歌和開示

是否所願能實現?

སེམས་ཀྱི་རེ་བ་ཆེ་ན་ཡང་། །
心的慾望雖大,
དོན་གྱི་ནུས་པ་མེད་གྱུར་ན། །
卻沒實際能力;
བྱིས་པ་འཇའ་རྗེས་སྙེགས་པ་བཞིན། །
小孩追逐彩虹,
དོན་མེད་ལག་སྟོང་ལུས་པ་མང་། །
只會落到空手!

འགྲུབ་ངེས་བྱ་བ་ཆུང་ཆུང་ཡང་། །
哪怕極少事情,
བརྩོན་པས་རྒྱུན་སྐྱོང་བྱ་ནུས་ན། །
保持恆常工作;
རླབས་ཆེན་ཉིད་དུ་འགྱུར་ངེས་པས། །
成就偉大事業,
དོན་ཆུང་སྣང་མེད་བྱ་མི་རུང་། །
所勿輕視小事!

ཀུན་ལ་འགུ་བའི་བྱ་བ་ཞིག། །
萬事心滿意足,
སངས་རྒྱས་ཀྱིས་ཀྱང་མ་འགྲུབ་ན། །
佛也不能成辦;
ང་ཚོའི་འགྲུབ་པར་ག་ལ་འགྱུར། །
豈至我們凡夫,
ཧམ་སེམས་མ་ཆེ་རང་ཚོད་ཟུང་། །
不要誇大野心!

ཆེ་ཆུང་མཐོ་དམན་སུ་ལ་ཡང་། །
無論高低貴賤,
རང་དང་འཚམས་པའི་ནུས་ཤུགས་དང་། །
適合自己能力,
ཐུན་མིན་ཁྱད་ཆོས་ཀུན་ལ་ཡོད། །
與眾不同特點,
ལེ་ལོ་སྤོངས་ལ་རང་འགན་སྒྲུབས། །
棄懶惰負責任!

དམན་པའི་སྐྱེ་བོ་སུ་ལའང་། །
即使低劣之人,
ལེགས་ཆ་སྣ་རེ་མེད་པ་མེད། །
不會沒有優點;
ཀུན་ལ་དོ་སྣང་གུས་བཀུར་གྱིས། །
尊敬關注每人,
ལེགས་ཆ་རང་ལ་ལེན་ཤེས་དགོས། །
自己取長補短!

ཆེ་ཆེ་གཉེན་གཉེན་སུ་ལའང་། །
哪怕富有權威,
སྐྱོན་ཆ་སྣ་རེ་མེད་པའང་དཀོན། །
稀少沒有缺點;
ལེགས་པར་དཔྱོད་ལ་ཐར་པའི་གེགས། །
觀察解脫障礙,
དྲི་མ་རྒྱང་རིང་དོར་ན་ལེགས། །
捨棄阻礙違緣!

སྣ་མང་བྱ་བས་ཁེངས་ནའང་། །
需做各樣事情,
རང་ལ་ངེས་པར་མཁོ་ཆེ་བ། །
自己大的決定,
གང་ཡིན་དེ་ལ་དོ་སྣང་དང་། །
凡要時刻注意,
འབད་པ་དྲགས་པོས་རྒྱུན་སྐྱོང་གྱིས། །
堅持不懈精進!

ཁ་མཁས་ཚིག་སྙན་ངོ་བསྟོད་ཀྱིས། །
阿諛甜言密語,
རང་ཉིད་ལྷ་ལྟར་བཀུར་ན་ཡང་། །
讚頌自己如神;
ཕུགས་ཀྱི་བསམ་ཚུལ་མ་ཤེས་བར་། །
沒明最終意趣,
ཡིད་ཆེས་བློ་གཏད་བྱ་མི་རུང་། །
切勿依賴信任!

རང་ལ་སྙིང་ནས་གཅེས་པའི་མིས། །
內心關愛於己,
མ་འགྲིག་མ་འཇོན་ལ་སོགས་པའི། །
指責這那不宜,
རྙོག་གྲས་སུན་སྣང་སྟེར་སྲིད་ཀྱང་། །
給你麻煩壓力,
དང་ལེན་གྱིས་དང་བསླབ་བྱ་མང་། །
虛心接受教訓!

ཡུལ་སྐོར་རྒྱས་སྤྲོས་ལ་སོགས་པ། །
漫游豪華浪費,
ཧ་ཅང་སྤྱོད་གྲངས་མང་དྲགས་ན། །
過分放縱行為,
གང་གིས་ཚིམ་མེད་ནད་ཀྱིས་མནར། །
不知足病纏身,
སྟབས་བདེའི་འཚོ་བ་སྟེན་པ་གལ།
重要簡單生活!

འབག་བཙོག་ལྷད་པའི་ས་ཕྱོགས་དང་། །
訪問染汚地方,
འཚོ་བས་དབུལ་བའི་ལུང་པ་རུ། །
生活貧窮地區,
སོང་དང་ཁྱོད་ལ་བརྩེ་སེམས་དང་། །
汝會發展慈愛,
བསོད་ཅན་ཡིན་པའི་ངེས་པ་སྟེར། །
給你認知幸運!

དོན་ལ་དཔྱོད་པའི་ཤེས་རབ། །
探索真理智慧,
གཞན་ལ་ཕན་པའི་བྱམས་སྙིང་རྗེ། །
利益他人慈悲;
བཟང་ངན་ཤོང་བའི་གུ་ཡངས་ཀྱིས། །
容納好壞胸襟,
རང་མགོ་རང་གིས་ཐོན་པར་གྱིས། །
自己扬帆領航!

སྐལ་བཟང་ཉི་མས། ༢-༦-༢༠༡༨།
書於2018年6月2日
尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago