འབྲས་བུ་རྒྱུ་མེད་པ་ལས་མིན། །
果絕無有非因,
མི་མཐུན་རྒྱུ་ལས་འབྲས་བུ་མིན། །
不順因非善果;
རྒྱུ་རྐྱེན་རྟེན་འབྲེལ་ཚོགས་པ་ལས། །
因緣相互和合,
འབྲས་བུ་ངང་གིསའབྱུང་བ་ཡིན། །
自然各成自果!

ཇི་ལྟར་རྒྱུ་རྐྱེན་སྔོན་སོང་བ། །
善因條件之下,
འབྲས་བུ་དེ་ལྟར་འབྱུང་བ་ནི། །
會產生似彼果;
ཆོས་ཅན་རྟེན་འབྲེལ་བསླུ་མེད་དེ། །
有法緣起不欺,
དངོས་པའི་ཆོས་ཀྱི་འགྲོ་སྟངས་ཡིན། །
乃是事物法則!

དཔེར་ན་ས་བོན་མངར་མོ་ལ། །
譬如甜美種籽,
འབྲས་བུ་མངར་མོ་འབྱུང་བ་ལྟར། །
成熟甜美果實;
བསམ་སྦྱོར་རྣམ་པར་དག་པ་ལས། །
清淨意樂加行,
རྣམ་སྨིན་འབྲས་བུ་བདེ་བ་འབྱུང་། །
產生清淨果報!

དཔེར་ན་ས་བོན་ཁ་བ་ལས། །
譬如苦澀種籽,
འབྲས་བུ་ཁ་བ་འབྱུང་བ་ལྟར། །
成熟苦澀果實;
བསམ་ངན་སྦྱོར་བ་རྩུབ་པ་ལས། །
惡劣意樂加行,
རྣམ་སྨིན་སྡུག་བསྔལ་འབྱུང་བ་ཡིན། །
產生痛苦果報!

ཅི་འདྲ་བ་ཡི་ལས་བྱས་པ། །
造就如何之因,
འབྲས་བུའང་དེ་འདྲ་འབྱུང་ངེས་པ། །
產生似彼果報;
བཟང་པོའི་ལས་ཀྱི་འཕྲོ་མཐུད་ནས། །
繼續行持善業,
ངན་པའི་ལས་རྣམས་སྤངས་བར་བྱོས། །
捨棄一切惡業!

དགའ་བདེའི་དཔལ་ལ་སྤྱོད་འདོད་ན། །
若想亨受快樂,
དགེ་བའི་ལས་ལ་འབད་བརྩོན་གྱིས། །
精進行持善業;
སྡུག་བསྔལ་གནས་ལས་ཐར་འདོད་ན། །
若想遠離痛苦,
སྡིག་པའི་ལས་ཀུན་རྟག་ཏུ་སྤོངས། །
恆時捨棄惡業!

———སྐལ་བཟང་ཉི་མས། ༣-༡༢-༢༠༡༩།
尊貴的堪布 格桑尼瑪 仁波切
書於2019年12月3日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago