ཀྱེ་མ།
嗚呼!

སྡུག་བསྔལ་མུ་མེད་འཁོར་བའི་རྒྱ་མཚོ་ཆེར། །
無量苦痛輪迴大苦海,
ལས་ཉོན་རྦ་རླབས་བར་མེད་དགུང་ལ་ཕྱུར། །
業力煩惱波濤空中湧,
མ་རིག་རྨོངས་པའི་མུན་པ་གཏིང་ནས་གནག །
無明愚痴黑暗深彌漫,
སྐྱེ་རྒ་ན་འཆིའི་ཆུ་སྲིན་ཁ་རུ་ཚུད། །
生老病死鯊魚被吞沒。

ཡང་ཡང་བར་མེད་སྐྱེ་བའི་སྐྱེ་བ་རུ། །
反復流轉生生世世中,
ཤ་རུས་བསགས་ན་འཇིག་རྟེན་གཏོས་དང་མཉམ། །
堆積骨肉大如廣世界,
རྣག་ཁྲག་བསགས་ན་རྒྱ་མཚོ་ཆེན་པོ་ཙམ།
匯聚血濃無垠如大海,
ལས་འཕྲོས་བསགས་ན་བསམ་འདས་བརྗོད་མེད་གསུངས། །
匯集業力佛說難思量!

འོན་ཀྱང་སྔོན་བསགས་དགེ་འབྲས་སྨིན་པའི་མཐུས། །
前世積累善業成熟力,
དལ་འབྱོར་རྟེན་ཐོབ་མཚན་ལྡན་བླ་མ་མཇལ། །
獲得暇滿人身遇上師,
དམ་པའི་ཆོས་ཐོས་དགེ་སྡིག་ཕན་གནོད་ཤེས། །
聞得佛法善惡利害明,
མཆོག་གསུམ་གནས་ལ་དད་པའི་སྒོ་མོ་བྱེ།
打開信仰三寶之門扉。

དེ་ལྟ་ན་ཡང་ཚེ་འདིའི་ལྟོ་གོས་དང་། །
雖此卻為今生之衣食,
ཉེར་སྤྱོད་མཛའ་བཤེས་དོན་དུ་ཉིན་མཚན་ཀུན། །
日用資具以及親朋友,
རྫོགས་མེད་བྱ་བས་ལུས་སེམས་ངལ་ཞིང་དུབ། །
瑣碎之事日夜累身心,
ཇི་ཙམ་རྒྱུགས་ཀྱང་དེ་ཙམ་བྲེལ་ཟིང་ཆེ། །
拼命奔波反愈疲奔忙。

སྐབས་རེར་དམ་ཆོས་སྒྲུབ་པའི་སྐབས་ཐོབ་ཚེ། །
時而獲得修法之機遇,
དང་པོ་བསམ་པའི་ཀུན་སློང་བཟང་ན་ཡང་། །
本自心中發心雖賢善,
ཡུད་ཙམ་མི་བརྟན་བརྗེད་ངས་རྐུན་པོས་ཁྱེར། །
瞬息不穩卻被偷竊去,
འཁྲུལ་འབྱམས་ངང་དུ་གཡེངས་བ་ཡེ་མ་ཚོར། །
不知陷入迷亂幻相中。

ཐོག་མེད་དུས་ནས་རིགས་དྲུག་གནས་རིས་སུ། །
無始輪迴流轉六道途,
ཉོན་མོངས་འཁྲུལ་པའི་གནས་ལ་གོམས་གོམས་པས། །
反復串習煩惱迷亂相,
ད་རེས་དམ་པའི་ཆོས་དང་འཕྲད་ན་ཡང་། །
現今雖遇微妙之佛法,
ངན་གོམས་བག་ཆགས་འདི་ཡིས་གཏོང་བ་དཀའ། །
卻被惡劣習氣常困擾。

མཚད་ལྡན་བླ་མའི་གདམས་ངག་ཟབ་ན་ཡང་། །
具相上師教言雖甚深,
འཁྲུལ་སྣང་ངན་གོམས་འདི་ཀོ་དབང་བཙན་པས། །
卻因幻相惡習牽引力,
ཞེན་ཆགས་འཁྱག་རོམ་སྲ་འཁྲིགས་གྲང་ངར་ཁྲོད། །
耽執冰窟堅固寒風中,
ཉམས་རྟོགས་ལྗང་བུ་སྐྱེ་བ་དཀའ་མོ་གདའ། །
難以生起證悟之苗芽。

སེམས་མཆོག་བསྐྱེད་ཀྱང་རང་འདོད་དབང་དུ་གྱུར། །
菩提佛心常被自私轉,
དག་སྣང་སྒོམ་ཡང་མ་དག་སྣང་བས་བསྒྲིབས། །
清淨之心卻被業力覆,
ཡེངས་མེད་སྒོམ་ཡང་རྣམ་གཡེངས་ངང་གིས་སླེབས། །
精勤禪修散亂自然至,
རང་ཚུགས་རང་གིས་ཟིན་པ་དཀའ་མོ་གདའ། །
難以堅固安守我本份。

ཐོས་བསམ་སྒོམ་པ་ང་རྒྱལ་གྲོགས་སུ་གྱུར། །
聞思修行反成驕慢友,
འཆད་རྩོད་རྩོམ་པ་འགྲན་སེམས་དཔལ་དུ་བསྐྱེད། །
講辯著述成為競爭因,
སྐུ་གསུང་ཐུགས་རྟེན་ཞལ་འདེབས་སློང་བའི་རྟེན། །
三門所依募集善款用,
ཅི་ཞིག་བྱས་ཀྱང་ཆོས་བརྒྱད་འཕེལ་བའི་ཐབས། །
一切所行豐富八風緣。

འདུ་ཚོགས་འཆོད་འབུལ་ཁྱབ་བསྒྲགས་གཏོང་བའི་རྟེན། །
共修供養一味大宣傳,
དབང་ཁྲིད་མན་ངག་སྙན་གྲགས་རྒྱས་པའི་ཐབས། །
灌頂竅訣只為沽名譽,
སློབ་ཚོགས་རྗེས་འཇུག་རང་ཕྱོགས་རྒྱལ་བའི་གྲོགས། །
隨行弟子戰勝我方因,
རང་རྒྱལ་གཞན་ཕམ་སྒྲོག་ལས་གྲོལ་བ་དཀའ། །
我勝他敗之中難解脱。

སྣང་བའི་ཆོས་ལ་རེ་དོགས་དྲི་མས་ལྷད། །
希冀之垢染污顯現法,
སྟོང་པའི་ཆོས་ལ་བདེན་འཛིན་འགོང་པོ་ཞུགས། །
實執魔頭注入空性法,
གཉིས་མེད་ཆོས་ལ་གཉིས་འཛིན་སྒྲོག་གིས་བཅིང་། །
二執繩索桎梏不二法,
ཅི་ཞིག་བྱས་ཀྱང་འཁྲུལ་པའི་ཁ་སྣོན་ཙམ། །
一切所行皆添迷亂因。

མཉམ་ཉིད་ཆོས་ལ་བཟང་ངན་རེས་སུ་བཅད། །
善惡之心割截平等法,
བློ་འདས་ཆོས་ལ་བློ་ཡི་མཚན་མས་སྒྲིབ། །
伺察之相垢障離思境,
བྱར་མེད་དོན་ལ་ཡིད་བྱེད་རྩོལ་བས་ལྷད། །
作意之力染污無作義,
གནས་ལུགས་དོན་ལ་རྒྱང་ཐང་ཧ་ཅང་རིང་། །
與道不謀相去甚遙遠。

བདེ་བ་འདོད་ཀྱང་ངན་གོམས་བག་ཆགས་འདིས། །
雖慾安樂惡劣之習氣,
བདེ་བའི་རྒྱུ་རྣམས་སྐྱེ་བའི་སྐབས་མི་སྟེར། །
不予生起安樂之機遇;
སྡུག་བསྔལ་འདོར་འདོད་རེ་སྨོན་ཆེ་ན་ཡང་། །
雖慾除苦心亦常凱覦,
སྡིག་པའི་ལས་རྣམས་ངམ་ངམ་ཤུགས་ཀྱིས་སྐྱེས། །
然卻自然造作痛苦業。

དེ་ལྟ་བས་ན་འཁོར་བའི་གནས་རིས་འདིར། །
是故豈有輪迴處所中,
ཐར་བའི་གོ་སྐབས་ནམ་ཞིག་ཨེ་ཡོད་ན། །
能得解脱機遇之時日?
ཐོག་མེད་ནས་གོམས་གཉིས་འཛིན་འཁྲུལ་སྣང་འདི། །
無始串習二執迷亂相,
གཉེན་པོའི་སྟོབས་ཀྱིས་ཟློག་པའི་སྐབས་མཆིས་སམ། །
對治之力豈能遮除耶?

དགེ་བ་སྒྲུབ་པའི་གོ་སྐབས་ད་རེས་ཙམ། །
如今正值行持善法日,
འཆི་བ་མི་རྟག་ནམ་ཡོང་ཆ་མེད་པས། །
死亡無常死期亦無定,
ད་ལྟ་ཉིད་དུ་དམ་ཆོས་མ་སྒྲུབ་ན། །
如若當下不修微妙法,
ཕྱིས་ནས་འདི་ལྟའི་གོ་སྐབས་རྙེད་པར་དཀའ། །
日後再難獲得此機遇!

ཆེ་ཆེ་སྙན་སྙན་གཏམ་ལ་མི་ཆགས་ཤིང་། །
心不貪執柔美悦耳語,
ཟིང་ཟིང་འུར་འུར་གནས་ལ་མི་འཁོར་བར། །
身不淪落是非熱鬧場,
རང་གི་རྒྱུད་ལ་རང་གིས་ལེགས་བརྟགས་ནས། །
自己認真反觀自相續,
རྣམ་དག་ཆོས་ཤིག་སྙིང་ནས་སྒྲུབ་རེ་རན། །
時逢由衷修行正法日!

རན་པ་མི་ཚད་ཧ་ཅང་འཕྱི་བ་འདྲ། །
不僅正值然露遲遲相,
ལུས་སེམས་ནུས་སྟོབས་ཕལ་ཆེར་ཉམ་པ་འདྲ། །
力不從心身心正衰竭,
དྲན་ཤེས་བློ་རིག་ཕལ་ཆེར་འཐིབ་པ་འདྲ། །
精神不明心智常恍惚,
རེངས་པར་རེངས་པར་གདམས་ཟབ་ཉམས་སུ་ལོངས། །
速疾快捷當修甚深教!

ངེས་མེད་རྒྱལ་ཁམས་ཁྱི་ལྡོམ་བཞིན་དུ་ཉུལ། །
流浪湖海如同惡狗漂,
དོན་མེད་བྱས་བས་མི་ཚེ་ཕལ་ཆེར་རྫོགས། །
閒雜瑣事虛耗我一生,
མཐའ་མེད་འཁོར་བར་འཁོར་བའི་སྙོམ་ལས་པས། །
流轉無邊輪迴懈怠者,
ཐོགས་མེད་མཁའ་དབྱིངས་ཀློང་ནས་བྲིས་པ་དགེ། །
無阻空中執筆願吉祥!

ལྡི་ལི་ནས་བྷག་ཌོ་རར་གནམ་གྲུའི་ནང་འཕུར་སྐབས་རང་ལ་དྲན་སྐུལ་ཚུལ་དུ་བྲིས་པ་དགེའོ། ། ༡༠-༩-༢༠༡༧།
為激勵自己,寫於德里到巴卓讓的飛機上。願吉祥!
尊貴的堪布 格桑尼瑪 仁波切
2017年9月10日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago