ཕྱི་སྣང་བ་སྣ་ཚོགས་ཁྲ་ལམ་ལམ། །
諸種外景紛亂呈,
ནང་སེམས་ཀྱི་འཕྲོ་འདུ་རྒོད་བྲེང་བྲེང་། །
內心思緒飄萬里,
ཡིད་རྟོག་པའི་རེ་དོགས་དམ་སེ་དམ། །
是非分別死束縛,
དོན་རིག་པའི་རང་རྩལ་ཉམས་ཆུང་ཆུང་། །
見性光明力不從。
ཚེ་སྟོད་ཀྱི་གལ་ཆེའི་བྱ་བ་རྣམས། །
付諸半輩有意事,
དུས་ད་ལྟ་ཕན་མེད་གནོད་པའི་གཞི། །
於今成害終無益,
ལས་ཅི་བྱས་སྡུག་བསྔལ་རྒྱུ་རུ་སོང་། །
所行反成痛苦因,
གཏམ་ཅི་བཤད་ཉོན་མོངས་ཁ་སྣོན་ཙམ། །
所言之語伴煩惱。
ཚེ་འདིར་སྣང་ལས་ལ་གཡེངས་གཡེངས་ནས། །
漂泊散亂今生事,
དོན་མེད་དུ་མགོ་བོ་གདུགས་ལྟར་འཁོར། །
忘念頭顱轉如傘,
ཆོས་སང་སྒྲུབ་ཀྱི་ཕྱི་བཤོལ་བྱས་བྱས་པས། །
修行明日復明日,
དལ་འབྱོར་འདི་སྟོང་ལོག་འགྱུར་ཉེན་གདའ། །
暇滿人身易空耗。
ད་ཅི་དྲགས་བླ་མ་དཀོན་མཆོག་མཁྱེན། །
吾今何去三寶知!
དལ་མེད་ཀྱི་འཁོར་བའི་བྱ་བཞག་འདིར། །
無暇漂泊輪迴事,
ཁོམ་པ་དང་ཚར་བའི་དུས་མི་འདུག །
於此無有空余暇,
ངོམས་པ་དང་ཚིམ་པ་དེ་བས་དབེན། །
更無心滿意足時。
ངལ་དུབ་ཀྱིས་མི་ཚེ་ཟད་ཟད་ནས། །
兀自空耗壽生命,
སྡིག་ལྟུང་གི་ཁུར་ཆེན་རྒྱབ་ཏུ་ཁྱེར། །
背負罪惡大包袱,
ཁེར་རྐྱང་གིས་བར་དོར་འགྲིམ་པའི་དུས། །
獨自漂泊中蔭時,
ཡི་མུག་ཞིང་མགྱོད་པ་སྐྱེས་ཀྱང་ཕྱིས། །
悔恨交集總成空。
རྟེན་དལ་འབྱོར་ལན་གཅིག་རྙེད་ན་ཡང་། །
雖得一次暇滿身,
ཚེ་མི་རྟག་ནམ་མཁའི་གློག་དང་འདྲ། །
壽命無常如閃電,
སྡུག་སྣང་མང་གིས་ཁེངས་པའི་འཁོར་བ་འདིར། །
籠罩痛苦此世間,
ལས་ཉོན་གྱིས་དབང་མེད་དམ་པོར་བསྡམས། །
業力煩惱無情縛。
དུས་ད་ལྟ་གསོན་པོར་གནས་དུས་སུ། །
於今閒暇歲余時,
རང་སེམས་ལ་བྱམས་བརྩེའི་ས་བོན་སྐྲུན། །
自心播種慈悲種,
ཤེས་རབ་ཀྱི་ཡལ་འདབས་སྐྱེད་སྲིང་ནས། །
哺育智慧之花瓣,
ཕན་བདེ་ཡི་འབྲས་བཟང་སྨིན་པ་ལ། །
締結利樂妙果實。
དྲན་པ་དང་ཤེས་བཞིན་བག་ཡོད་ཀྱིས། །
正知正念謹慎力,
ལེ་ལོ་དང་རྣམ་གཡེངས་དགྲ་བཅོམ་ནས།
摧毀懶惰散亂敵,
དགའ་སྤྲོ་ཡིས་མྱུར་དུ་འཇུག་ནུས་ན། །
若能歡喜入門扉,
ཐར་པ་ཞིག་སྒྲུབ་ལ་ཐག་མི་རིང་། །
解脱之日不遙遠。
ད་མ་ཡེངས་མཆོག་གསུམ་གཙུག་ཏུ་བཀུར། །
請勿散亂敬三寶,
གཞན་ཕན་གྱི་བྱང་སེམས་ཡང་ཡང་སྐྱེད། །
再次生發菩提心,
དགེ་སྡིག་ལ་བླང་དོར་ཚུལ་བཞིན་གྱིས། །
如理取捨善惡事,
མཚན་ལྡན་གྱི་བླ་མའི་གདམས་ངག་སྒོམས། །
勤修具相師言教。
ཡིད་དད་པའི་གསོལ་འདེབས་ཡང་ཡང་གྱིས། །
虔誠敬信多祈禱,
རྗེ་བླ་མའི་ཐུགས་དང་རང་གི་སེམས། །
上師之意與自心,
དབྱེར་མེད་དུ་བསྲེས་ལ་མཉམ་པར་ཞོག །
無二融一勤安住,
བྱར་མེད་ཀྱིས་ངང་དུ་ལྷོད་ཀྱིས་ཀློད། །
無作之中安然行。
ཅིར་སྣང་ཀུན་སེམས་ཉིད་རང་རྩལ་ལ། །
外界顯現心妙力,
རེ་དོགས་ཀྱི་དྲི་མས་མ་བསླད་པར། །
是非詬病未染污,
ཟུང་འཇུག་གི་རང་ངོ་ཤེསཔའི་ཡིས། །
悟得雙運本來面,
མི་འཇིགས་པའི་གདེང་དང་ལྡན་པར་གྱིས། །
習得無畏之把握。
དགེ་ཚོགས་ཀུན་འགྲོ་བའི་དོན་དུ་བསྔོས། །
此善迴向眾生界,
བསྔོ་བྱ་དང་བསྔོ་བྱེད་བསྔོ་མཁན་གསུམ། །
所迴能迴與迴向,
སྤྲོས་མེད་ཀྱི་ཀློང་དུ་ཆམས་སེ་ཞོགས། །
離戲法界等空住,
འཛིན་མེད་ཀྱི་ངང་དུ་ཨེ་མ་ཧོ། །
無執之中誠奇哉!
སྐལ་བཟང་ཉི་མས། ༡༢-༡-༢༠༡༧།
尊貴的堪布 格桑尼瑪 仁波切2017年1月12日