བཟོད་པ་སྒོམ་ལ་དགྲ་བོ་བཀའ་དྲིན་ཆེ། །
認識怨敵恩德可修持安忍,
སྙིང་རྗེ་སྒོམ་ལ་འགྲོ་རྣམས་བཀའ་དྲིན་ཆེ། །
認識眾生恩德能觀修慈悲,
ཐར་པ་སྒྲུབ་ལ་འཁོར་བ་བཀའ་དྲིན་ཆེ། །
認識輪迴恩德可獲得解脫,
ངེས་འབྱུང་སྐྱེ་ལ་སྡུག་བསྔལ་བཀའ་དྲིན་ཆེ། །
認識痛苦恩德能生出離心!

ལམ་བཟང་ཤེས་ལ་སངས་རྒྱས་བཀའ་དྲིན་ཆེ། །
佛陀的恩德能夠了悟善道,
རང་རྒྱུད་འདུལ་ལ་དམ་ཆོས་བཀའ་དྲིན་ཆེ། །
佛法的恩德可以調伏自心,
གྲོགས་བཟང་འགྲོགས་ལ་དགེ་འདུན་བཀྲིན་ཆེ། །
僧眾的恩德能夠結交益友,
རང་ངོ་འཕྲོད་ལ་བླ་མ་བཀའ་དྲིན་ཆེ། །
上師的恩德能夠明心見性!

ལུས་རྟེན་ཐོབ་ལ་ཕ་མ་བཀའ་དྲིན་ཆེ། །
能獲得人身是父母的恩惠,
ཤེས་ཡོན་སློབ་་ལ་དགེ་རྒན་བཀའ་དྲིན་ཆེ། །
能學習到知識是老師恩德,
བཟའ་བཏུང་རྙེད་ལ་ཞིང་འབྲོག་བཀའ་དྲིན་ཆེ། །
衣食無憂這是農田的恩德,
ཆས་གོས་གྱོན་ལ་བཟོ་གྲྭ་བཀའ་དྲིན་ཆེ། །
衣著光鮮這是工廠的恩德!

ལེགས་པར་བརྟག་ན་ཐམས་ཅད་བཀའ་དྲིན་ཆེ། །
詳細分析一切都有所幫助,
ཐབས་ཀྱིས་ཟིན་ན་ཀུན་ཀྱང་དགེ་བའི་གྲོགས། །
善巧攝受都成為善的助伴,
རང་ངོ་འཕྲོད་ན་ཐམས་ཅད་སེམས་སྣང་ཙམ། །
了悟心性一切是心的顯現,
བཀའ་དྲིན་ཆེ་མཉམ་ཀུན་ལ་གུས་པས་འདུད། །
至誠頂禮一切同具有恩德!

དེ་སྔོན་མ་ཤེས་གཏི་མུག་རྨོངས་པས་བསྒྲིབས།།
過去無知被愚癡黑暗蒙蔽,
ཆགས་སྡང་ཕྲག་དོག་འགྲན་སེམས་དབང་དུ་ཤོར། །
被貪瞋嫉妒競爭心所影響,
ཀུན་ལ་དགྲ་རུ་མཐོང་བའི་ཉེར་ལེན་གྱིས། །
把一切事物當成敵人看待,
དྲིན་ལེན་ལོག་པར་འཇལ་བ་ཡ་རེ་ང་། །
竟然以怨報德真嗚呼哀哉!

གང་དག་བདག་ལ་ངན་སྨྲས་འཚང་འབྲུ་དང་། །
若對本人惡言或受到指責,
གཤེ་སྡིགས་འཕྲོག་བཅོམ་སྲོག་ལ་རྒོལ་ནའང་། །
辱罵攻擊性及暴力的行為,
བྱམས་དང་སྙིང་རྗེ་གཏོང་ལེན་དམིགས་པ་ཡིས། །
願我慈悲心自他交換所想,
རྐྱེན་ངན་བྱང་ཆུབ་ལམ་ལ་སྒྱུར་ནུས་ཤོག །
能把逆緣轉成為菩提妙用!

གང་གིས་བདག་ལ་དགའ་དང་དད་པ་ཡིས། །
任何愛戴恭敬及堅信本人,
ཕྱག་དང་བཀུར་སྟིས་ཞབས་ཏོག་བསྒྲུབས་པ་ཀུན། །
頂禮承侍及對我有信心者,
མ་ནོར་ལམ་བཟང་ཚུལ་བཞིན་སྟོན་ནས་ནི། །
願如理如法指示無錯道途,
རྣམ་གྲོལ་གཏན་བདེའི་ས་ལ་འགོད་ནུས་ཤོག །
安置在快樂解脫的果位上!

མདོར་ན་བཟང་ངན་ལས་ཀྱིས་འབྲེལ་བ་དང་།།
總之與我已結善緣惡緣者,
དགའ་སྐྱོ་ཆགས་སྡང་མཐོང་ཐོས་དྲན་རེག་ཀུན། །
及喜歡愛憎已見聞接觸眾,
དངོས་དང་བརྒྱུད་ནས་ཐམས་ཅད་མཁྱེན་པའི་སར།།
願我能直接間接地把有情,
འགྲོ་རྣམས་མ་ལུས་བདག་གིས་འདྲེན་ནུས་ཤོག །
無遺漏引導他們佛的果位!

མཆོག་གསུམ་རྩ་གསུམ་བདེན་པའི་བྱིན་རླབས་དང་།།
三寶三根本的真理加持力,
ཆོས་ཉིད་ཡེ་ནས་འགྱུར་བ་མེད་པ་དང་།
法性本來不可改變加持力,
བདག་གི་ལྷག་བསམ་རྣམ་པར་དག་པའི་མཐུས།།
本人充滿清淨意樂的力量,
སྨོན་པའི་དོན་ཀུན་གེགས་མེད་མྱུར་འགྲུབ་ཤོག །
願我所願迅速無障礙實現!

རུམ་བཏེག་སྒྲོལ་ལྷ་ཁང་དུ། ,
སྒྲོལ་བསྟོད་འདོན་ཞོར་སྐལ་བཟང་ཉི་མས།
༢༧-༩-༢༠༡༥།
སརྦ་མངྒལཾ།
念誦《二十一度母贊》之余,書於隆德寺度母殿,願吉祥!
2015年9月27日
尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago