ད་ཁར་རྩང་ང་ཚོས་ལྟ་བ་སྒོམ་པ་སྤྱོད་པ་གསུམ་བཤད་ཚར་བ་རེད། དེའི་ནང་ནས་དེ་རིང་སྤྱོད་པའི་སྐོར་ནས་ཡང་བསྐྱར་བཤད་རྒྱུ་ཡིན། འཛམ་བུ་གླིང་དུ་ནང་པ་ལ་རྗེས་སུ་ཞུགས་མཁན་མང་པོ་ཡོད་རེད། ལྷག་པར་དུ་ནང་པའི་ཆོས་ལ་མུ་མཐུད་ནས་ཉམས་ལེན་བཟོ་མཁན་གང་ལ་གང་འཚམས་ཤིག་ཡོད་པ་རེད། ཁ་ཤས་གནས་དབེན་པ་ས་ཆ་གུ་ཡངས་པོ་དེ་འདྲ་ལ་མཚམས་ལ་བསྡད་སྒོམ་བརྒྱབས་ལོ་དང་ཟླ་བ་མང་པོ་ལ་བསྡད་མཁན་ཡོད་རེད། མཚམས་ལ་སྡོད་པའི་སྐབས་སུ་སྒོམ་ལ་རྩེ་གཅིག་ཏུ་སེམས་གནས་པར་བྱེད་པ་དེ་འདྲ་ཡང་ཡོད་རེད། དེའི་སྐབས་སུ་སེམས་ལ་ཆོས་ཐམས་ཅད་རང་བཞིན་མ་གྲུབ་པ་སྟོང་པ་ཉིད་ཡིན་པ་སེམས་ལ་ངེས་ཤེས་འདྲ་བོ་གང་ལ་གང་འཚམས་སྐྱེ་ཡོད་པ་རེད།
昨天我們已經講完了見修行,今天繼續講一講其中的“行”。 在這個世界上有很多步入佛門的佛弟子,尤其陸續進入佛門且有一定數量之修行者,有些修行人甚至去寂靜的山林、僻靜的地方,積年累月閉關修行。在閉關期間一心按住在禪定中如如不動,這時對萬法無有自性之空性意義會生起一定層次的定解。
དེ་འདྲའི་ཉམས་ལེན་རྩལ་སྦྱོང་བ་ལ་སྤྱོད་པ་ཟེར་བ་དེ་དགོས་པ་རེད། གང་རེད་ཟེར་ན། གནས་དབེན་པོར་ཡོད་པའི་སྐབས། མཐུན་རྐྱེན་ཕུན་སུམ་ཚོགས་པོ་ཡོད་པའི་སྐབས་ལ་སེམས་གནས་ཐུབ་པ་དང་ཉམས་ལེན་བྱེད་པ་ལ་ལས་སླ་བོ་ཡོད་རེད། ཡིན་ན་ཡང་ཉམས་ལེན་ལ་རྩལ་ཡག་པོ་སྦྱོང་བ་ལ་སྤྱོད་པ་མེད་ན་འགལ་རྐྱེན་དང་བར་ཆད་ཅུང་ཙམ་འབྱུང་བའི་སྐབས་སུ་སྒོམ་མ་བརྒྱབས་པ་ལྟ་བུའི་སེམས་ཆགས་སྡང་གི་རྟོག་པ་དང་རེ་དོགས་ཀྱི་རྟོག་པ་སྔོན་མ་སྦྱངས་པའི་སྐབས་དང་གཅིག་པ་གཅིག་རྐྱང་དུ་གྱུར་པའམ་ད་རུང་དེ་ལས་ཀྱང་སྡུག་པོ་ཆགས་འགྲོ་བ་རེད།
在這種修持境界中做進一步的修煉,便稱之為“行”。 具體解釋一下什麼是“行”呢?住在寂靜山林時,具備應有的條件和順緣,這時就會很容易一心按住閉關修行。如果不做修煉修行境界的“行”,當出現一些違緣和障礙時,就會變得跟沒有修行時的心一樣,容易被愛憎之分別念和得失念头控制,甚至會變得更加糟糕。
སྔོན་གྱི་དམ་པའི་སྐྱེས་བུ་དེ་དག་གིས་རང་གི་སེམས་ལ་རྩལ་སྦྱོང་བ་དང་རང་གི་ཉམས་ལེན་ལ་ཡིག་ཚད་གཏོང་བའི་ཆེད་དུ་ས་ཆ་ཉེན་ཁ་ཅན་ལ་ཕེབས་ནས་སྒོམ་རྒྱག་བཞིན་ཡོད་རེད། ས་ཆ་གང་འདྲ་ལ་བཞུགས་པ་རེད་ཟེར་ན། ནམ་རྒྱུན་མི་ཚང་མ་ཞེད་སྣང་སྐྱེ་སའི་ས་ཆ་དུར་ཁྲོད་ལྟ་བུ་དག་ལ་རང་ཉིད་གཅིག་པུ་བཞུགས་བཞིན་ཡོད་རེད། དེ་ན་བཞུགས་དུས་མཚན་ལ་སྐད་འདྲ་མི་འདྲ་མང་པོ་རྒྱག་མཁན་ཡོད་རེད། རང་བཞིན་གྱིས་དུར་ཁྲོད་ཡིན་པའི་རྐྱེན་གྱིས་དེ་ན་མི་མང་པོ་ཤི་བའི་རོ་སྦས་ས་དང་རོ་ཟ་ས་ཡིན་པར་བསམས་དུས་རང་བཞིན་གྱིས་མི་སུ་ཡིན་ན་སེམས་ལ་དངངས་སྐྲག་གི་ཚོར་བ་སྐྱེ་བ་རེད།
過去的高僧大德們,為了修煉及考驗自之修行境界,會毅然前往比較危險之地閉關修行。什麼樣的地方呢?會去一些普通人認為之恐懼害怕之地,比如去屍陀林自己一個人在那裡閉關修行。在屍陀林的晚上會出現各種各樣之恐怖聲音,因為是屍陀林就會有很多埋葬的屍體和啃吃屍體之各種動物,讓人不禁毛骨悚然。想到這些任何人都不敢住在那害怕之地。
དེའི་སྐབས་ལ་སྐད་འདྲ་མི་འདྲ་རྒྱག་པ་དང་ཞེད་སྣང་གི་ཚོར་བ་སླེབས་ཡོང་བའི་སྐབས་ལ་ཁྱོད་རང་གིས་དངོས་གནས་བདག་མེད་པ་ཟེར་བའི་དོན་ཧ་གོ་ཡོད་དང་མེད་པ་ལ་ཡིག་ཚད་ལེན་ཡོང་གི་རེད། ཉམས་ལེན་ཡག་པོ་ཡོད་པའི་མི་ཐམས་ཅད་ཀྱིས་སྣང་བ་ཐམས་ཅད་རང་གི་སེམས་ཀྱི་འཁྲུལ་སྣང་ཙམ་ཡིན་པར་གོ་ནས་བརྒྱ་ཆ་བརྒྱ་ཡིས་དཔྱད་པ་རྒྱག་ཀི་ཡོད་རེད། སེམས་ཁོ་རང་གི་ངོ་བོ་སྟོང་པ་ཉིད་ཡིན་པ་ལ་བརྒྱ་ཆ་བརྒྱ་ཡིས་ཐག་བཅད། ཡིད་ཆེས་བྱེད་པ་རེད།
在屍陀林閉關修行時,就會出現各種各樣的恐怖聲音令人心中不寒而慄。這時就能真正考驗你是否對無我的法義有沒有穩固之實修。具有好之修行境界的人,就能夠認識到一切顯現不過是心的幻象,然後百分之百會進入觀察分析。當領悟到心之本體為空性後,才會產生百分之百的定解和堅固的信心。
སྟོང་པ་ཉིད་ཀྱི་རང་བཞིན་ལ་ཁམས་གསུམ་པོ་ཚང་མ་དགྲ་རུ་ལངས་པ་ཡིན་ན་ཡང་གནོད་པ་བཟོ་རྒྱུ་རྩ་བ་ཉིད་ནས་ཡོད་པ་མ་རེད། དེ་འདྲའི་ལྟ་བའི་ངར་དང་ལྟ་བའི་གཟེར་དང་ལྟ་བའི་ནུས་པ་དེའི་ངང་ལ་སེམས་རྩེ་གཅིག་ཏུ་འཇོག་པའི་སྐབས་སུ་ཞེད་སྣང་དང་དངངས་སྐྲག་ཟེར་བ་དེ་འཇའ་ཡལ་བ་ལྟར་འགྱུར་འགྲོ་བ་རེད།
哪怕三界輪迴的所有眾生都反對空性,也不會對它有一絲一毫的損傷。有了這樣鋒利、穩固的見解,并且在這種見解之上一心按住,心中的恐懼當下就像彩虹消失在天空一樣悄然遁跡。
མི་ལ་རས་པ་མཚམས་ལ་བཞུགས་པའི་སྐབས་སུ་འདྲེ་ཡི་ཆོ་འཕྲུལ་བར་ཆད་མང་པོ་ཡོང་བ་རེད། དེའི་སྐབས་སུ་མི་ལ་རས་པས་ཉམས་ལེན་གྱི་རྩལ་སྦྱངས་བ་དང་དེའི་སྟོབས་ཀྱིས་ཉམས་རྟོགས་ལ་གོང་འཕེལ་ཆེན་མོ་དཔེ་མི་སྲིད་པ་སོང་བ་རེད། ནམ་རྒྱུན་ང་ཚོ་སྐྱིད་པོ་ལྷོད་པོར་སྡོད་པའི་སྐབས་སུ་སེམས་གང་ས་གང་ལ་ཕར་གྲམ་པ་དང་སྒོམ་རྒྱག་བཞིན་པའི་སྐབས་སུ་ཡིན་རུང་གང་ས་གང་ལ་ཕར་གྲམས་ནས་རྩེ་གཅིག་ཏུ་ཉམས་ལེན་ཡོང་བ་ལ་དཀའ་ལས་ཆེན་མོ་ཡོད་རེད།
一次米拉日巴尊者在閉關修行,出現了很多魔障,此時的米拉日巴尊者開始修煉修行時境界,以此力量在修行上獲得了不可思議的進步。平時我們放鬆身心、生活快樂時,心隨之散亂在外境上。即使在閉關修行時此心也會散亂在各種各樣的事情上,不能一心專注在修行境界上且非常困難。
དེང་སང་གློག་བརྙན་ནང་ལ་ཡང་དེ་འདྲ་མཐོང་རྒྱུ་འདུག དཔེར་ན་གློག་བརྙན་ནང་ནས་མི་གཅིག་གིས་ལྕགས་ཡར་བཀྱག་པའི་སྐབས་སུ་ཐེངས་གཅིག་ལ་བཀྱག་གཉིས་ལ་བཀྱག་བཞི་པ་ལྔ་པ་ནས་རྩ་བ་ཉིད་ནས་བཀྱག་མི་ཐུབ་པར་འགྱེལ་འགྲོ་ཡི་འདུག ག་ཚད་ཤུགས་རྒྱག་བསམས་ན་ཡང་རྩ་བ་ནས་བཀྱག་ཐུབ་ཀྱི་ཡོད་མ་རེད། ད་ཡིན་ད་ཡིན་ད་ཟེར་ནས་ག་ཚད་ལབ་ན་ཡང་བཀྱག་ཐུབ་ཀི་ཡོད་མ་རེད། དེ་ནས་སྦྱིན་བདག་དེས་མེ་མདའ་རྒྱག་གྲབས་བྱེད་སྐབས་ལས་སླ་བོའི་ངང་ནས་བཀྱག་འགྲོ་བ་རེད།
現在電影裡面也會出現這樣的畫面。比如一個人在舉重時易舉一次兩次,當完成四次五次後就沒有能力再舉繼而摔在地上,再怎樣努力也就沒力氣,即使旁邊的人如何鼓勵助威也都無效。假如店長用槍指着他的頭強迫他,反而會輕而易舉地舉起來。
དེ་ནང་བཞིན། ང་ཚོས་སྐྱིད་པོ་བྱས་ཏེ་སྒོམ་ཅུང་ཙམ་རྒྱག ཡང་གཉིད་ཁུག ཡང་ན་བསམ་བློ་གཞན་ལ་གཏོང་། སྐད་ཅ་བཤད། དེ་འདྲ་བྱས་ན་ཉམས་ལེན་ལ་རྩེ་གཅིག་ཏུ་རྩ་བ་ཉིད་ནས་འཇོག་མི་ཐུབ་པའམ་སེམས་ཀྱི་སོའམ་ནུས་པ་ཚང་མ་རྩེ་གཅིག་ཏུ་སྤུང་བ་ལྟ་བུ་རྩ་བ་ཉིད་ནས་འོང་བ་མ་རེད། དུར་ཁྲོད་གཅིག་གི་ནང་ལ་རང་བསྡད་ན། མཚན་ལ་འདྲེའི་ཆོ་འཕྲུལ་སླེབས་པའི་གནས་སྐབས་སུ་ལེ་ལོ་དང་རྣམ་སྨིན་ལ་སོགས་པའི་རྐྱེན་གྱིས་དང་པོ་བློ་ལ་ཞེད་སྣང་འདྲ་བོ་སྐྱེས།
同樣的道理,當我們心情不錯時就會修一點禪定,然後又會打瞌睡或者想入非非跟別人家長裡短,根本就不能一心專注在修行上,更不能把全部心力用在一個點上。如果你獨自一人在屍陀林裡修行,晚上出現魔鬼之恐怖景象時,因懶惰和業力等故,心裡就會產生恐懼。
དེ་ལ་བརྟེན་ནས་ཉམས་ལེན་ལ་རྩེ་གཅིག་ཏུ་མ་བསྒྲིལ་ན་དུར་ཁྲོད་ནས་བྲོས་འགྲོ་བ་མ་གཏོགས་དེ་ལ་གནས་ཐུབ་ཀི་ཡོད་མ་རེད། དེའི་དུས་རིག་པ་རྩེ་གཅིག་ཏུ་བསྒྲིམས་ནས་ཉམས་ལེན་བྱེད་འོང་དུས་ནམ་རྒྱུན་ལོ་མང་པོ་ལ་ཉམས་ལེན་བྱས་པ་ལས་ཀྱང་དེའི་སྐབས་སུ་སྐར་མ་ལྔ་ལ་ཉམས་ལེན་བྱས་པའི་ནུས་པ་ཆེ་བ་རེད།
如果此時不能一緣專注在修行之境界上,就會逃離屍陀林不敢繼續住下去。如這時能一心專注在修行境界上五分鐘,就會比平時多年閉關修行要好很多倍。
སྔོན་མ་ང་ཚོའི་ཕ་ཡུལ་ལ་མི་གཅིག་ཡོད་ཅིང་ཁོ་རོ་འཇོག་སའི་དུར་ཁྲོད་ལ་རྒྱུན་པར་སྐྲག་གི་ཡོད་རེད། ཁོ་མཚན་ལ་ས་གཞན་ཞིག་གི་ལམ་ནས་འོང་སྐབས་དུར་ཁྲོད་ཞིག་ལ་ལམ་དུ་ཁེལ། རང་བཞིན་གྱིས་འདྲེ་ཟེར་བ་དེ་ཡོད་རྒྱུ་རེད་བསམས་པའི་བསམ་བློ་འཁོར་ཡོང་དུས་སྐད་ཚང་མ་འདྲེའི་སྐད་ལ་གྱུར་པའི་སྣང་བ་ཤར་བ་དང་། དེ་ནས་ཤགས་ཤགས་ཤགས་ཟེར་ནས་ལབ་ཀི་འདུག་བསམས་ནས་ཁོ་བྲོས་སོང་བ་རེད། བྲོས་དུས་ག་ཚད་བྲོས་ན་ཡང་སྐད་དེ་ཇེ་ཆེར་འགྲོ་གི་འདུག་བསམས། ཁོ་ཞེད་སྣང་སྐྱེ་བཞིན་རྒྱུགས་ཤིང་ག་ཚད་རྒྱུགས་ན་ཡང་ཤགས་ཤགས་ཤགས་ཞེས་གོ་འོང་གི་རེད། ཁོའི་ཁང་པའི་ཟུར་ལ་སླེབས་ན་ཡང་ད་རུང་ཤགས་ཤགས་ཞེས་པའི་སྒྲ་གོ་ཞིང་། ཁང་པའི་ནང་དུ་འཛུལ་ཚར་རུང་ད་རུང་ཡང་ཤགས་ཤགས་ཞེས་གོ་བ་རེད། དེ་ནས་ནང་མི་ཚང་མ་ནང་ལ་ཡོད་པ་ཤེས་ནས་ཅུང་ལྷོད་ལ་ཆགས་པས་དོན་དུ་ཁོས་གོམ་པ་སྤོ་བའི་སྐབས་སུ་གོས་ཐུང་ཕན་ཚུན་བརྡར་བ་ལས་བྱུང་བའི་སྐད་ཡིན་པ་ཤེས།
以前我家鄉有個人,平時他非常害怕見到屍陀林,一天晚上要去一個地方正好經過此地,想到那裡會有魔鬼作祟時,心裡就蹦蹦直跳非常害怕,還把所有聲音都當魔鬼發出來。然後聽見旁邊有莎莎作響便迅速逃跑,怎麼努力向前奔跑,那聲音卻依然在耳旁莎莎作響,并且越來越大。一邊恐懼一邊奔跑,那聲音也一直追趕著他,當跑到家門附近時依然聽見那莎莎莎的聲音,進家時還聽到“莎莎莎”。見到家人時才放心下來,漸漸明白到發生了什麼!原來那莎莎作響的聲音是逃跑過程中褲腿互相摩擦而發出來的聲音。
ཡང་མི་གཞན་པ་ཞིག་མཚན་ལ་དུར་ཁྲོད་ཅིག་ལ་སླེབས་སྐབས་འདྲེ་ཡོད་རྒྱུ་རེད་བསམས་ནས་ཞེད་སྣང་སྐྱེས། མི་དེའི་མིང་ལ་ངག་དབང་ཟེར། ཁོ་ལ་ཞེད་སྣང་ཅུང་ཙམ་སྐྱེས་པ་དང་མཚམས་ཤིག་ལ་ཨོ་ངག་དབང་ཟེར་བའི་སྐད་ལྟ་བུ་ཞིག་ཐོས། ཁོ་སྐྲག་ཏེ་བྲོས་འདུག དེ་ནས་ཅུང་ཙམ་ངལ་གསོས་ཏེ་ཉན་པས་ཨོ་ངག་དབང་ཟེར་བའི་སྐད་དེ་གོ དེ་ནས་ཁོ་ནང་ལ་སླེབས།
ད་རུང་ཉོན་དུས་སྐད་དེ་གོ དོན་དུ་སྣའི་ནང་གི་དབུགས་ཀྱི་སྐད་ཡིན་པ་རེད། ལ་ལའི་སྣ་ཁུང་ནང་ནས་དབུགས་འགྲོ་དུས་སུར་སུར་ཞེས་པའི་སྒྲ་གྲག་གི་ཡོད་ས་རེད། དེ་ལྟར་དུར་ཁྲོད་ནང་ལ་སླེབས་པའི་སྐབས་སུ་རང་བཞིན་གྱིས་འདྲེ་ཡོད་རྒྱུ་རེད་བསམས་པའི་བག་ཆགས་ཀྱི་རྐྱེན་གྱིས་གང་མཐོང་བ་དང་ཐོས་པ་ཚང་མ་འདྲེའི་སྣང་བ་ཤར་འགྲོ་བ་རེད།
還有另外一個人,他的名字叫“昂旺”,一次晚上經過一個屍陀林時,覺得有魔鬼作祟就開始害怕起來。害怕之余還依稀聽見有人在喊他的名字:哦~~~ 昂旺,他非常害怕便迅速逃跑。當他到了另一地方時,再細聽又聽見那聲音在喊:哦~~~ 昂旺,到家時那聲音還不絕於耳,緩過神時才發現是自己呼吸時鼻孔裡發出來的聲音。有些人在呼吸時可能會發出這種“嗖嗖”的聲音吧!當我們在經過屍陀林時,因下意識就會覺得那裡有鬼,繼而會把所看所聽之東西當成有魔鬼在作祟。
དེ་འདྲའི་དུར་ཁྲོད་འགྲིམ་པའི་སྤྱོད་པ་དེ་དག་བཟོ་བ་ལ་ལྟ་བ་མཐོན་པོ་མེད་ན་དཀའ་ལས་ཁག་པོ་ཡོད་རེད། ད་ཁ་ཤས་ཀྱིས་དེ་འདྲའི་སྤྱོད་པ་དེ་དཔེར་ན་འཇིག་རྟེན་ལ་ཡོངས་སུ་གྲགས་པའི་མི་ཤ་དང་ཁྱི་ཤ་དང་རྟ་ཤ་ལ་སོགས་པ་སྡུག་པོར་བརྩི་བ་རྣམས་ཟོས་ནས་ ཞེན་ཁ་ལོག་པ་དང་བཙོག་པོར་ལྟ་བ་སྐྱེས་སོང་མ་སོང་ལྟ་བ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རང་བཞིན་ཡིན་ན་བཙོག་པ་དང་གཙང་བ་ཟེར་རྒྱུ་དེ་རྫུན་མ་ཡིན་པར་ཤེས་པ་རེད། དེ་འདྲ་བྱས་ཏེ་སྦྱོང་བརྡར་བྱེད་མཁན་ཡང་ཡོད་པ་རེད།
想游歷屍陀林的這種動機,必須要有很高的見解才行,不然很難做到。有的修行人為了體驗自己的修行境界,就會到(屍陀林)吃那些別人認為非常骯髒或者不乾淨的人肉、狗肉和馬肉,看自己是否會惡心或者感覺到不乾淨。如果領悟了萬法皆空的道理,就會明白潔淨和骯髒不過是一種虛幻的假像。也有這樣的修行人,以這種方法去體驗自己的修行境界。
ང་ཚོས་ཚོགས་འཁོར་བསྐོར་བའི་གནས་སྐབས་སུ་མཆོད་དཔོན་གྱིས་གཟིགས་ཤིང་མཛེས་ལྡན་དམ་པའི་ཆོས།། འདི་ལ་རྣམ་རྟོག་ཟ་མི་རུང་།། བྲམ་ཟེ་ཁྱི་དང་གདོལ་བ་ཕག ། རང་བཞིན་གཅིག་ཏུ་དགོངས་ཏེ་རོལ།། ཞེས་གསུངས་པ་རེད། མདོར་ན་ཚོགས་ཀྱི་འཁོར་ལོའི་ནང་དུ་ཡོད་པའི་ཁ་ལག་རྣམས་ལ་འདི་བཟང་པོ་རེད་འདི་ངན་པ་རེད་འདི་ཞིམ་པོ་རེད་འདི་མི་ཞིམ་པ་རེད་ལ་སོགས་པའི་རྟོག་པའི་དབང་དུ་འགྱུར་མི་ཉན་པ་རེད།
我們在會供時會供師經常會念誦一句經文,“ 請看悦意美妙物,於此不得起分別,仙人狗與劣種豬,本性一體請享用,” 總而言之對做會供時的所有食品,不能有這個好那個不好,以及這個好吃或那個不好吃等的分別妄念,不能被它控制。
དེའི་དོན་གང་ཡིན་ཞེ་ན། དང་པོ་བྲམ་ཟེ་ཟེར་དུས་རྒྱ་གར་གྱི་བྲམ་ཟེའི་ཆོས་ལུགས་ལ་དཔེ་མི་སྲིད་པའི་གཙང་སྦྲ་ཆེན་མོ་ཡོད་ཅིང་ཤ་དང་སྒོ་ང་མི་ཟ་བ་དང་ཆང་རྩ་བ་ནས་མི་འཐུང་མཁན་ལ་བྲམ་ཟེའི་རིགས་ཟེར་བཞིན་ཡོད་རེད། དེ་ཚོས་གཙང་སྦྲ་ལ་དོ་སྣང་ཆེན་མོ་བྱས་ཏེ་ཞོགས་ཇའི་སྔོན་དུ་གཟུགས་པོ་ལ་ཁྲུས་མ་བརྒྱབས་ན་ཞོགས་ཇ་འཐུང་བའི་ལུགས་སྲོལ་མེད། འཇིག་རྟེན་སྟེང་དུ་གཙང་སྦྲ་ཆེ་ཤོས་བྲམ་ཟེ་དང་གཅིག དེ་ནས་འཇིག་རྟེན་ནང་ནས་བཙོག་པ་ལ་བརྩི་བའི་ཁྱི་སྟེ། ཁྱི་ཡིས་མིའི་སྐྱག་པ་ཡང་ཟ་བས་ཁྱི་དང་གཉིས། གསུམ་པ་དེ་ཕག ཕག་པས་གད་སྙིགས་ཆ་ཚང་ཟ་འགྲོ་བ་རེད། དེ་གསུམ་གྱི་རང་བཞིན་སྟོང་པ་ཉིད་ཡིན་པ་ལ་ཁྱད་པར་རྩ་བ་ཉིད་ནས་ཡོད་པ་མ་རེད། མདོར་ན་གཙང་མ་དང་བཙོག་པ་ལ་སོགས་པའི་རྟོག་པ་གང་ཡང་མེད་པ་སྟེ་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་པར་ཤེས་པའི་ཐོག་ནས་གང་ལག་ཏུ་རག་ན་དེ་ཟོས་ཏེ་ཉམས་ལེན་ལ་སྦྱར་ཐུབ་པ་དགོས་རེད།
具體是什么意思呢?仙人是印度吠陀教派的修行者,吠陀教派一般非常注重衛生,他们的修行者不吃肉和雞蛋及不喝酒,這樣的修行者被稱為仙人。他们非常重視衛生,一般早餐前如果不進行沐浴,不把身體洗乾淨就不會吃早餐,他们有這樣的習俗。所以第一,世界上最講究衛生的是仙人;第二,世界上最骯髒的動物是狗 —— 狗會吃人的排洩物;第三是豬—— 豬會吃所有不乾淨的垃圾。在空性的層面上,這三者根本就沒有任何(好壞的)差別。總之不能有任何乾淨和骯髒的分別妄念,在認識萬法皆空的基礎上不能挑剔食物,如能吃的都要吃下去,(做會供時)通過這種方式去體驗自己的修行境界。
མ་གཅིག་ལབ་སྒྲོན་ཐོག་མར་ཨ་ནེ་ཡིན་ཞིང་རྒྱུན་དུ་གཙང་སྦྲ་ལ་ཧ་ཅང་དགའ་བོ་ཡོད་མཁན་ཞིག་རེད། ཕྱིས་སུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཟབ་མོ་སྟོང་པ་ཉིད་ཀྱི་ཉམས་ལེན་ལ་གཙོ་བོར་རྩལ་སྦྱངས། དེ་ནས་རྒྱ་གར་གྱི་གྲུབ་ཐུབ་ཅིག་བོད་ལ་ཕེབས་ཤིང་དེའི་མཉམ་དུ་སྦྱོར་བ་སྟེ་གསང་སྔགས་ཀྱི་ཉམས་ལེན་བྱས་ནས་མ་གཅིག་ལབ་སྒྲོན་ལ་བུ་གཉིས་དང་བུ་མོ་ཞིག་སྐྱེས། དེ་འདྲའི་ཉམས་ལེན་བྱས་ནས་མ་གཅིག་ལབ་སྒྲོན་ལ་གཙང་བཙོག་གི་འདུ་ཤེས་དང་ཞེད་སྣང་དང་རེ་དོགས། བདག་དང་གཞན་གྱི་ལྟ་བ་རྣམས་དག་སོང་བ་རེད། དེ་ནས་གོས་གང་ཡང་མེད་པར་གཅེར་བུར་བྱོན་ཞིང་ནམ་རྒྱུན་ང་ཚོས་ང་ལ་སྐྱབས་རོགས་གྱིས་ང་ལ་མགོན་རོགས་གྱིས་ཟེར་ཏེ་སྨོན་ལམ་རྒྱག་བཞིན་ཡོད་ཀྱང་མ་གཅིག་ལབ་སྒྲོན་གྱིས་སྲུངས་ཤིག་སྐྱོབས་ཤིག་བརྒྱ་ཐམ་པ་ལབ་པ་ལས་ངའི་ལུས་པོ་དང་བདག་འཛིན་ཟོ་ཞིག་འཐུང་ཞིག་ཁྱིགས་ཤིག་གཅིག་ལབ་ན་དགའ་བ་རེད་ཅེས་གསུངས་པ་རེད།
瑪吉拉凖是一位尼姑平時非常講究衛生,後來着重修行般若波罗蜜多甚深空性法門,并且跟著一位前往藏地弘法的印度大成就者(帕當巴)修行密法,不久瑪吉拉準有了两個兒子和一個女兒。她通過修行般若波罗蜜多法門而清淨了淨和不淨、恐懼和疑慮,以及自他之一切執著的分別妄念,後來她開始赤身裸體自由行走在街頭。(表示斷除了一切分別妄念) 我們平時祈禱時都會說:“請保佑我!請護佑我!但是瑪吉拉凖卻說:“ 與其祈禱一百次說‘請保佑我!請護佑我!’ ,不如說一次‘請享用我的血肉,請束縛我的身體!’功德之大。”
རྒྱུ་མཚན་གང་རེད་ཟེར་ན། ང་ཚོ་ཚེ་རབས་ཐོག་མ་མེད་པ་ནས་འཁོར་བར་འཁོར་བའི་སྡུག་བསྔལ་ཐམས་ཅད་ཀྱི་རྩ་བ་བདག་འཛིན་ཆགས་བསྡད་ཡོད་རེད། ད་ང་སྐྱོབ་རོགས་གྱི་ང་སྲུང་རོགས་གྱིས་ཟེར་བའི་སྐབས་སུ་བདག་ཏུ་འཛིན་པ་ཤུགས་ཇེ་ཆེར་གཏོང་བཞིན་ཡོད་ཅིང་བདག་ཏུ་འཛིན་པའི་ཞེན་པ་ཆེན་མོ་ཡོད་པ་ལ་བརྟེན་ནས་ང་སྐྱོབ་རོགས་གྱིས་ང་སྲུང་རོགས་གྱིས་ཞེས་ལབ་ཡོང་པ་རེད། ད་ཁྱོད་ཚོས་ངའི་ཤ་ཟོ་ངའི་ཁྲག་འཐུང་རོགས་གྱིས་ཟེར་དུས་ཚེ་རབས་ཐོག་མ་མེད་པ་ནས་ད་ལྟའི་བར་དུ་བདག་ཏུ་བཟུང་བའི་དབང་གིས་འཁོར་བར་འཁྱམས། དོན་དུ་བདག་ཏུ་མ་གྲུབ་པས་ད་ངས་བདག་འཛིན་བློས་གཏོང་རྒྱུ་ཡིན། བདག་གཅེས་འཛིན་བློས་གཏོང་རྒྱུ་ཡིན། དེ་ནས་ངའི་ཤ་ཟ་རོགས་གྱིས་ངའི་ཁྲག་འཐུང་རོགས་གྱིས་ཟེར་དུས་དེས་བདག་འཛིན་གཅོད་འོང་གི་རེད།
為什麼說功德大呢?因為我們在無始以來流轉在輪迴當中,感受到各種各樣之痛苦的根本在於我執。 當祈禱時說“請保佑我! 請護佑我!”,這正時在加強我的執著。正因爲有了這種強烈的“我”之觀念,就會開口說“請保佑我!!請護佑我!”。要明白從無始輪迴以來到現在,正因為我執才流轉在輪迴的漩渦當中,當明白到執著“我”是空性的道理後。就會說:“請享用我的血肉!” 。這也就意味著自己能捨棄我執,拋棄愛“我”的觀念進而徹底消除“我”的執著。
མདོར་ན་འཁོར་བ་ལས་ཐར་དགོས་བསམས་པའི་མི་ཞིག་ཡིན་ན་བདག་ཏུ་འཛིན་པ་འདི་མ་སྤངས་ན་འཁོར་བ་ནས་ཐར་ཐབས་རྩ་བ་ཉིད་ནས་ཡོད་པ་མ་རེད། ང་ཚོ་ལ་ཉི་མ་རེ་རེའི་ནང་དུ་སྤྱོད་པ་ཆུང་ཆུང་མང་པོ་ཡོང་ཞིང་ང་ཚོའི་ཉམས་ལེན་ལ་ཡིག་ཚད་མང་པོ་སླེབས་ཀི་ཡོད་རེད། སོ་སོའི་ལས་ཀ་ལ་འགྲིག་མི་འགྲིག་སོགས་ཀྱི་དཀའ་ངལ་མང་པོ་འཕྲད་ཅིང་ཉིན་རྟག་པར་སོ་སོའི་ནང་མི་དང་ལྟ་བ་མཐུན་མི་མཐུན་པའི་གནས་ཚུལ་མང་པོ་ཆགས་ཀི་ཡོད་རེད། སྤྱི་ཚོགས་ཀྱི་གནས་སྟངས་ལ་ཉིན་རྟག་པར་འཕོ་འགྱུར་མང་པོ་འགྲོ་བཞིན་ཡོད་རེད། ཆོས་ཉམས་ལེན་བྱེད་མཁན་ལ་ཡང་ཆོས་གྲོགས་ཕན་ཚུན་བར་ལ་ལྟ་བ་མཐུན་མི་མཐུན་པའི་དཀའ་ངལ་མང་པོ་འཕྲད་ཀི་ཡོད་རེད། དེ་ནས་སོ་སོའི་གཟུགས་པོའི་གནས་སྟངས་ཏེ་ཁམས་དྭངས་མི་དྭངས་བདེ་མི་བདེ་སོགས་ཀྱི་གནས་ཚུལ་ཡང་མང་པོ་ཡོད་རེད། དེའི་སྐབས་སུ་སོ་སོའི་ཉམས་ལེན་གྱི་ལྟ་བས་ཟིན་ནས་གཞན་དབང་དུ་མི་འགྱུར་བར་སེམས་ཞི་བ་དང་བདེ་བའི་ངང་དུ་གནས་ཐུབ་ན་ཡིག་ཚད་འཕྲོད་པ་རེད།
總之要想從輪迴中得到解脱,就要斷除我執再也沒有其他辦法。在日常生活中,我們會面臨很多的麻煩,這也是考驗我們在修行境界上的“考試”。比如:在日常工作上碰到的很多不順利之小事;正因爲觀念的分歧而與家人之間發生口角;社會上日新月異之變化;即使在修行佛法的佛教團體中,也會因爲觀點的不同而發生很多小小的摩擦;再像身體上出現有時健康和不健康、舒適和不舒適之因素等等。這時我們能夠以修行之境界去攝持身心才不會被煩惱轉移,能保持一顆平靜而安詳的心,這才算是“考試”過了關。
གལ་སྲིད་དེའི་སྐབས་སུ་ཉམས་ལེན་གྱི་དྲན་པ་བརྗེད་ཚར་ན་མི་དཀྱུས་མ་དང་གཅིག་པར་གྱུར་པ་རེད། དེ་ཕྱིར་ཉིན་རེའི་ཡིག་ཚད་འཕྲོད་ཀི་ཡོད་མེད་སོ་སོས་ཞིབ་འཇུག་བྱེད་རྒྱུ་དེ་གལ་ཆེན་མོ་རེད། སོ་སོས་སོ་སོ་ལ་དུས་རྒྱུན་དུ་ཉམས་ལེན་གྱི་གནས་ཚུལ་མི་བརྗེད་པའི་དྲན་པ་བསྟེན་རྒྱུ་འདི་གལ་ཆེན་མོ་རེད། རང་གི་ལུས་ཀྱི་གནས་སྟངས་གང་འདྲ་ཞིག་ཏུ་ཆགས་ཁི་འདུག སེམས་ཀྱི་གནས་སྟངས་གང་འདྲ་ཞིག་ཏུ་ཆགས་ཀི་ཡོད་མེད་སོགས་ལ་ཞིབ་འཇུག་ཡང་ཡང་བྱེད་པ་འདི་ཡང་གལ་ཆེན་མོ་རེད། དེ་འདྲའི་ཡང་ནས་ཡང་དུ་བརྟག་དཔྱད་བྱེད་པ་འདི་ལ་ཤེས་བཞིན་ཟེར་བ་རེད།
如果不幸忘記了自己修行之境界,就等同一般平庸之辈。所以要每天審視自己看看“考試”有沒有過關顯得至關重要,平時更不要忘記自己修行境界的正知。要反復審視本身檢討自己有沒有問題,以及捫心自問觀察自心也同樣非常重要,這種反復審視自己的行為叫做正念。
ང་ཚོས་ཚེ་རབས་ཐོག་མ་མེད་པ་ནས་དྲན་པ་བརྗེད་ཉམས་ལེན་བརྗེད་ནས་འཁོར་བ་ལ་འཁྱམས་སོང་བས་འདི་ཞེད་སྣང་སྐྱེ་དགོས་ས་ཞིག་རེད། ད་རེས་གོ་སྐབས་ཡག་པོ་ཞིག་ཐོབ་པའི་སྐབས་སུ་གཟབ་གཟབ་མ་བྱས་ན་ཡོང་ས་མ་རེད་བསམས་ནས་གཟབ་གཟབ་བྱེད་དགོས། དཔེར་ན་མི་ཞིག་རི་དཔེ་མཐོན་པོའི་སྒང་ཞིག་ནས་འགྲོ་སྐབས་རྐང་པ་ཅུང་ཙམ་ནོར་ན་མར་ཟགས་ཏེ་མགོ་རྐང་པ་ཆག་རྒྱུ་རེད་བསམས་ནས་གཟབ་གཟབ་བྱས་ཏེ་འགྲོ་བ་རེད། དེ་འདྲའི་གཟབ་གཟབ་བྱེད་པ་ལ་བག་ཡོད་ཟེར། དེ་ལྟར་ཉི་མ་རེ་རེ་ལ་ང་ཚོར་ཡིག་ཚད་མང་པོ་སླེབས་ཀི་ཡོད་རེད་ཡིག་ཚད་འཕྲོད་མི་འཕྲོད་ལྟ་རྒྱུ་འདི་གལ་ཆེན་མོ་རེད། འོ་ཡ། ད་དེ་རིང་མཚམས་དེ་ན་འཇོག་རྒྱུ་ཡིན།
我們從無始以來忘記了正知,更忘記了修行才流轉在輪迴! 現在當我們遇到難得的機會,心中要銘記“假如不好好抓住此次機會,就會萬劫不復” ,然後要精進地去實修。打個比方:假如一個人行走在高聳入雲、道路崎嶇不平的山峰上,就會怕失足掉入萬丈深淵以致粉身碎骨,這時才會如履薄冰地非常小心,這種小心的行為就叫做謹慎。 因為我們每天都會面臨着各種各樣的考驗,此時要審視自己能不能過關顯得相當重要。 好!今天就講到這裡。