該怎麼辦?

ལུས་ཀྱི་ལང་ཚོ་རྒས་པའི་སད་ཀྱིས་བཅོམས། །
青春年華被衰老所摧殘,
དགའ་བའི་སྤྲོ་སྣང་རེ་དོགས་རླུང་གིས་སྤུར། །
喜樂興致被疑慮風驚飛,
འདུས་པའི་བགོད་སྒྲ་འབྲལ་བའི་མིག་ཆུས་ཁྱེར། །
聚笑聲被離別淚水吞噬,
ཅི་ལ་བསམས་ཡང་སྙིང་པོ་འགའ་མ་མཆིས། །
無論所思都無任何意義!

འབྱོར་བའི་ནོར་ཡང་གསོ་སྐྱོང་ངལ་བའི་རྒྱུ། །
富裕財產是導致勞累因,
གྲགས་པའི་སྙན་པ་ཕྲག་དོགས་འཕེལ་བའི་ལམ། །
名譽是助長嫉妒之方式,
བརྩེ་བའི་གཉེན་ཡང་འཁྲུག་རྩོད་རྩ་བ་སྟེ། །
親愛之人是紛爭的根源,
ཞིབ་པར་དཔྱད་ན་དོན་མེད་ངལ་བའི་རྒྱུ། །
詳察一切都是痛苦的因!

འབད་འབད་ཚེ་འདིའི་ལྟོ་གོས་ཆེད་དུ་བྲེལ། །
努力為今生衣食所忙碌,
བསམ་བསམ་བདེ་སྐྱིད་ཕུན་ཚོགས་བསམ་ན་ཡང་། །
所思只希望圓滿而幸福,
འགྲུབ་འགྲུབ་སྡིག་དང་སྡུག་བསྔལ་ཁོ་ན་སྟེ། །
得到的僅是罪惡和痛苦,
ངལ་བ་དོན་མེད་བསམ་ན་སྙིང་རླུང་ལངས། །
因所行徒勞無益而怒氣!

འདུས་པའི་འཁོར་ཚོགས་ང་རྒྱལ་སྐྱེ་བའི་རྒྱུ། །
聚集追隨是生起傲慢因,
བསྟོད་ཅིང་བཀུར་བ་དྲེགས་པ་འབྱུང་བའི་རྐྱེན། །
虔敬讚美是提陞我慢緣,
མིང་ཐོབ་གོ་གནས་སེམས་ཁྲལ་རྩ་བ་སྟེ། །
名位頭銜是焦慮的根源,
ཞིབ་པར་བསམ་ན་རང་མགོ་རང་གཡོག་ཙམ། །
詳細作思僅是自欺欺人!

མདོར་ན་བདག་འཛིན་རྩ་བ་མ་ཆོད་བར། །
總之不斷除我執的根源,
ཇི་ལྟར་མཛེས་མཛེས་ལེགས་ལེགས་བྱས་ན་ཡང་། །
如何優雅妝扮自作清高,
བསམ་སྦྱོར་ཐམས་ཅད་ལས་ཉོན་འཕེལ་བའི་རྒྱུ །
一切意樂加行滋養煩惱,
སྟོབས་འབྱོར་ཐམས་ཅད་སྡུག་བསྔལ་རྩ་བ་ཅན། །
所有權勢是痛苦的根源!

དགེ་བའི་ནོར་ཡང་བདག་འཛིན་ཁ་རུ་ཤོར། །
淨善之財富被我執丟失,
འབད་པ་ཐམས་ཅད་བདག་འཛིན་གྲོགས་སུ་གྱུར། །
一切努力變成我執助緣,
བསགས་པ་ཐམས་ཅད་བདག་འཛིན་འཕེལ་བའི་ཐབས། །
所有積累滋長我執機會,
ད་དུང་ཐར་ལམ་འགྲོ་སྣང་སྟོང་བསམ་ཙམ། །
而想解脫只是做白日夢!

ཅི་ཞིག་བཤད་ན་ང་བཟང་ང་མཁས་ཟེར། །
一味講解自己如何卓越,
སུ་ལ་ཐུག་ཀྱང་ངས་སྒྲུབས་ངས་འཇོན་ཟེར། །
遇見誰亦談論自己才能,
གང་ཞིག་བསམ་ན་རང་ལྟ་མཆོག་འཛིན་ཞིག །
凡所思都執取自之觀點,
ངར་འཛིན་ཕུང་འདྲེའི་རང་གཟུགས་ཕྱི་ནང་ཁྱབ། །
我執鬼崇覆蓋自身內外!

རང་གི་ཕྱོགས་ལ་ཞེན་ཆགས་ཆེ་དྲགས་པས། །
由於對自己太過度貪戀,
ཉེས་པའི་སྐྱོན་ཆ་གླེང་ཡང་མི་ཆོག་ཟེར། །
亦不充分討論缺點錯誤;
གཞན་གྱི་ཕྱོགས་ལ་སྡང་བ་ཟབ་དྲགས་པས། །
由於對他人太過度瞋恨,
བཟང་པོའི་ཡོན་ཏན་སྐྱོན་ཅན་ཉིད་དུ་གླེང་། །
僅把賢善功德講成過失!

ད་དུང་རང་ཉིད་དྲང་བདེན་ཡིན་ནོ་ཞེས། །
尚且如此還自認為真實,
ཀུན་ལ་སྒྲོགས་ཤིང་ཀུན་ལ་སུན་གཙེར་བྱེད། །
到處宣揚并且騷擾別人,
འདི་ཕྱི་ཕུང་ལ་སྦྱོར་བཞིན་བག་ཚ་མེད། །
禍殃今生來世毫不畏懼,
བདག་འཛིན་གདོན་གྱི་སྨྱོ་ནད་སྙིང་ལ་ཞུགས། །
心中注入了我執之病狂!

རང་ཉིད་སྨྱོ་བ་རང་གིས་མ་ཚོར་བར། །
竟然忽視其自身之狂亂,
ངལ་བ་འབྲས་མེད་འབད་པ་དོན་མེད་པར། །
所做之辛苦而徒勞無益,
བཟོད་མེད་སྡུག་གིས་ཡང་ཡང་མནར་བའི་རྒྱུ །
難以忍受一再壓迫痛苦,
འདྲེ་ཆེན་བདག་འཛིན་སྙིང་གི་གཅེས་སུ་ཉར། །
還把我執大魔深藏心底!

ཀྱེ་མ། རང་ཉིད་འཁྲུལ་པ་རང་གིས་མ་ཚོར་བར། །
哀哉!忽視自己產生迷亂,
གཉིས་མེད་ཆོས་ལ་གཉིས་སྣང་གདོན་ཆེན་ཞུགས། །
二元魔鬼注入無二法門,
བདག་མེད་ཆོས་ལ་བདག་འཛིན་འགོང་པོ་ལྡང་། །
我執魔障摧毀無我法門,
སྤྲོས་མེད་ཆོས་ལ་སྤྲོས་པའི་མཚན་མས་བསླད། །
戲論相染污離戲之法門!

ཉོན་མོངས་ལྕགས་སྒྲོག་དྲྭ་བའི་སྦུབས་སུ་ཚུད། །
陷在煩惱鐵籠之網彀中,
ལས་དབང་ཤུགས་ཀྱིས་ཐར་མེད་བཙོན་རྭར་ཚུད། །
因業力牽引力難逃監獄,
བཟོད་མེད་སྡུག་བསྔལ་གསུམ་གྱིས་བར་མེད་མནར། །
忍受三種痛苦不斷壓迫,
ད་དུང་ཞེན་ལོག་ངེས་འབྱུང་མི་སྐྱེ་བར། །
尚且還沒生出厭棄出離!

ཡང་ཡང་ཞེན་ཅིང་ཡང་ཡང་འཁྲུལ་བ་ཡིས། །
不斷地執著和反復迷亂,
སྐད་ཅིག་ཙམ་ཡང་རང་ཚུགས་མི་ཐུབ་པར། །
甚至剎那也難制服自性,
གཉིས་འཛིན་མུན་པའི་ཀློང་དུ་འཐོམ་བཞིན་པའི། །
在二取深深黑暗中徘徊,
རྨོངས་པའི་རྒྱ་ལས་ཐར་བའི་སྐབས་ཡོད་དམ། །
何時能逃出愚痴的陷阱?

ད་རེས་དལ་རྟེན་ལན་གཅིག་ཐུབ་དུས་འདིར། །
現在獲得一次暇滿人身,
ཆེ་ཆེ་སྙན་སྙན་གནས་ལ་མི་འཁོར་ཞིང་། །
不能在偉大聞名處分心,
རང་སེམས་རང་གིས་འདུལ་བའི་ཐབས་ཀྱི་མཆོག །
自調伏自心之殊勝方法,
མན་ངག་ཟབ་མོ་སྒོམ་ན་མི་ལེགས་སམ། །
為何不修持甚深之竅訣?

ཐོས་ཐོས་དཔེ་བལྟས་ཁོ་ནར་མི་གཡེངས་ཤིང་། །
勿只已聽聞閱讀過分心,
སྒོམ་སྒོམ་ལོ་ཟླའི་གྲངས་ཀ་མི་རྩི་བར། །
不計算修行之年月數量,
བདག་འཛིན་འདྲེ་ཆེན་རྨང་ནས་གཞོམ་པའི་ཆེད། །
為了根除我執之大魔頭,
སྐྱེ་མེད་གནས་ལུགས་སྒོམ་ན་མི་ལེགས་སམ། །
何不修持無生空性法門?

འཁྲུལ་སྣང་བདེན་འཛིན་གཡོག་ཏུ་མི་རྒྱུག་ཅིང་། །
不成為實執迷亂之奴隸,
ཞེན་ཆགས་འདྲེ་མོའི་ངག་ལ་མི་ཉན་པར། །
不應貪戀聽魔女的話語,
ཆགས་མེད་ཞེན་མེད་འཛིན་པ་མེད་པའི་ངང་། །
無慾望無執無迷狀態中,
བཅོས་མེད་ལྷུག་པར་འཇོག་ན་མི་ལེགས་སམ། །
何不按在無修改中放鬆?

འཁོར་འདས་རེ་དོགས་མདུད་པས་མི་བཅིངས་ཤིང་། །
勿被輪涅疑慮繩索束縛,
བསལ་བཞག་བཅོས་མའི་རྟོག་པས་མི་བསླད་པར། །
勿被造作之分別念染污,
གང་ཤར་སོ་མར་བཅོས་ལྷད་མི་བྱ་བར། །
對原本之佛性不加改造,
རང་ཤར་རང་གྲོལ་ངང་དུ་ད་ལྷོད་ཅིག །
自顯自解脫本性中放鬆!

སྐལ་བཟང་ཉི་མས། 22-1-2019
尊貴的堪布 格桑尼瑪 仁波切
書於2019年1月22日

About Author