དལ་འབྱོར་རྟེན་བཟང་འདི་ལ། །
依這暇滿人身之寶,
མཚན་ལྡན་བླ་མའི་དྲུང་ནས། །
從具相的上師跟前,
གདམས་ངག་ཟབ་དགུ་ཐོབ་ཅིང་། །
獲無量深奧的口訣;
ད་ལྟ་རང་ལག་ཡོད་དུས། །
現在自己擁有之時,
མ་ཡེངས་དམ་ཆོས་སྒྲུབ་དགོས། །
謹慎地實修微妙法,
ད་རེས་གོ་སྐབས་ཤོར་ན། །
若失去此次之機會,
ཕྱིས་ནས་འདི་འདྲ་མི་རྙེད། །
以後再也無法獲得!
སྐྱེས་ནས་མ་ཤི་ལུས་པ། །
從生而沒不死身體,
སུ་དང་གང་ཡང་མི་འདུག །
無論任何人都沒有,
ནམ་འཆི་ཆ་མེད་ཡིན་པས། །
死亡的時間不確定,
འཆི་བ་ནམ་ཡོང་མི་ཤེས། །
不知道何時會死亡;
མ་ཡེངས་དམ་ཆོས་སྒྲུབ་དགོས། །
謹慎地實修微妙法,
འཆི་བ་ཐོག་ཏུ་བབ་ཉིན། །
一旦死亡到來之時,
འགྱོད་ཀྱང་བཅོས་ཐབས་མི་འདུག །
遺憾也都無法改變!
སྐལ་བཟང་ཉི་མས། བོད་བཞས་ཤིག་དང་མཐུན་པར་བྲིས།
༩-༡-༢༠༡༨
尊貴的堪布 格桑尼瑪 仁波切,
即興配合一首西藏歌曲的旋律而作!
2018年1月9日