開示

這適合你嗎?

ཅ་དངོས་མ་ལུས་རིན་གོང་ཆེ་དང་གཅིག །
一,現在所有物價越來越昂貴,
ཕྱི་ནང་མཁོ་དགོས་དངོས་པོ་མོད་དང་གཉིས། །
二,內心和外在所需物質較多,
ཇི་ཙམ་ཉོས་ཀྱང་གསར་ཐོན་མང་དང་གསུམ། །
三,怎樣購買又出許多新產品,
འདི་གསུམ་མི་རྣམས་སེམས་པ་འཁྲུག་པའི་གཞི། །
此三種是擾亂人們心的根源!

ཇི་ཙམ་ཡོད་ཀྱང་ཆོག་ཤེས་མེད་དང་གཅིག །
一,人們不管有多少也不知足,
ཇི་ཙམ་སྤྱད་ཀྱད་ཚིམ་པ་མེད་དང་གཉིས། །
二,怎樣享用物質更不會滿足,
སུ་དང་འགྲོགས་ནའང་སུན་སྣང་སྐྱེས་དང་གསུམ། །
三,於何人相處最後不厭其煩,
འདི་གསུམ་མི་རྣམས་སྡུག་བསྔལ་སྐྱེ་བའི་རྒྱུ། །
此三種是人們產生痛苦原因!

སོས་དལ་མེད་པ་ལས་ཀས་བྲེལ་དང་གཅིག །
一,忙碌於工作且無閒暇時間,
ལས་ཀའི་སྒྲིག་འཛུགས་བཙན་བཀའ་ཚ་དང་གཉིས། །
二,加上公司設立的嚴格要求,
ལས་གནས་ཤོར་བའི་དོགས་པས་མནར་དང་གསུམ། །
三,擔驚受怕失去自己的工作,
འདི་གསུམ་མི་རྣམས་ཡི་ཐང་ཆད་པའི་རྐྱེན། །
此三種就是人們焦慮和不幸!

དཔལ་འབྱོར་འགྲན་རྩོད་བང་ཁ་མྱུར་དང་གཅིག། །
一,現今的經濟競爭步伐迅速,
ཐོབ་ཤོར་རེ་དོགས་ཉེན་ཁ་ཆེ་དང་གཉིས། །
二,擔驚得失疑慮的心情增加,
ཕྱི་ནང་བར་ཆད་རླུང་ལྟར་འཚུབ་དང་གསུམ། །
三,內外的障礙如暴風雪而來,
འདི་གསུམ་མི་རྣམས་སྨྱོན་པར་འགྱུར་བའི་ནད། །
此三種就是人們變得瘋狂癥!

ཐག་རིང་དངོས་པོ་ད་ལྟ་མཐོང་དང་གཅིག། །
一,現遙遠物質感覺近在咫尺,
ཤར་ནུབ་འབྲེལ་བ་ད་ལྟ་ཟབ་དང་གཉིས། །
二,如今東方西方關係越頻密,
བཟང་ངན་མ་ལུས་ད་ལྟ་སྟོན་དང་གསུམ། །
三,現在所有善惡都無余瀏覽,
འདི་གསུམ་མི་རྣམས་གཡེངས་བར་འགྱུར་བའི་ལམ། །
此三種是人們分散精力途徑!

ཕྱི་ཡི་ཁོར་ཡུག་གཏོར་གཤིག་བཟོ་དང་གཅིག། །
一,肆意破壞外面的周圍環境,
ནང་གི་ཟས་ལ་རྫས་སྦྱོར་བསྲེ་དང་གཉིས། །
二,昧著良心添加化學的食物,
གསང་བ་སེམས་ཀྱིས་ལས་འབྲས་བོར་དང་གསུམ། །
三,不關心內在細微宿業奧秘,
འདི་གསུམ་སྣོད་བཅུད་འཇོམས་པའི་འབར་རྫས་ཡིན། །
此三種是摧毀器世間的炸彈!

གང་ལ་བསམ་ན་ཉེན་ཁ་ཇེ་ཆེ་རེད། །
看人們行事覺得愈來愈危險,
སུ་ལ་བལྟས་ན་སྡུག་བསྔལ་ཇེ་མང་རེད། །
看人們觀點愈來愈痛苦疲乏,
གང་ཞིག་བསླབས་ཀྱང་འཁྲུལ་ཚབ་ཇེ་ཟབ་རེད། །
如何引導反而會愈來愈混亂,
ཅི་ཞིག་བྱས་ཀྱང་ཕན་འབྲས་ཇེ་དཀོན་རེད།།
如何幫助總是難以獲得效果!

དེ་ཕྱིར་བདེ་བའི་འབྱུང་གནས་དམ་པའི་ཆོས། །
因此,真正快樂的根源是佛法,
བདེན་བཞི་གནས་ལ་འཇུག་ལྡོག་མ་ནོར་བར། །
如果能夠正確往返四聖諦處,
རང་སེམས་འདུལ་བའི་ཐབས་ལ་བརྩོན་ཤེས་ནས། །
想盡一切方法調伏自己的心,
དོན་གྱི་ཞི་བདེ་ནང་ནས་རྙེད་པར་ངེས། །
最終從內找到真正平和快樂!

འཁྲུལ་པའི་སེམས་ལ་བདེན་པའི་ངོ་སྤྲོད་གྱིས། །
我們困惑的心要認識到真諦,
དོགས་པའི་བློ་ལ་གུ་ཡངས་བྱམས་བརྩེ་སྤེལ། །
疑惑的意識要澆灌慈悲寬恕,
འཁྲུག་པའི་ཡིད་ལ་ཞི་ལྷག་སྨན་མཆོག་ཐོང་། །
迷亂的意識要增強止觀勝藥,
འོད་སྟོང་ལྡན་པའི་འདུན་ལམ་འཆར་བར་ངེས། །
確定展示自己種種具備光輝!

ཡིན་མིན་དཔྱད་པ་རང་གིས་རང་ལ་ཐོང་། །
是非取捨要靠自己認真思維,
བདེན་མིན་ཞིབ་འཇུག་རང་གིས་རང་ལ་གྱིས། །
真實與否要自己去仔細審查,
ཕན་གནོད་ཅི་འདུག་ཉམས་སུ་མྱོང་བས་ཤེས། །
利害是否要用自己經念認知,
གཞན་གྱི་བཤད་ཡམས་རྗེས་སུ་མ་རྒྱུགས་ཤིག །
不要盲目地去追隨人雲亦雲!

དེ་ལྟར་གསུམ་ཚན་བདུན་གྱི་དཀའ་ངལ་དང་། །
以上描述七樣三不做的風霜,
དམ་པའི་ཆོས་ཀྱི་ཕན་ནུས་བཤད་པ་འདི། །
以及無上微妙法利益和功德,
ལོ་མང་མཐོང་ཐོས་མྱོང་བའི་ཚོར་སྣང་འདི། །
多年見聞和感覺經驗的談論,
ཁྱོད་ཀྱི་སེམས་ལ་འཐད་ན་ཉམས་སུ་སུ་ལོངས། །
如果你覺得正確請採用修持!

སྐལ་བཟང་ཉི་མས། ༦-༤-༢༠༡༨།
書於2018年4月6日
尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago