https://mp.weixin.qq.com/s/Gu-6PyhYhpsY_v09NTbNqQ?fbclid=IwAR0iJ75fYXvuQMYdKaIWyCYcDQHl0Sqa-_590hs6F2onxDkAZMen8xKktOw

ཟས་ཟ་འདོད་ཀྱི་སྲེད་པ་ཆེ་བས། །
膳慾貪婪膨脹,
ཁ་ཞིམ་མངར་ལ་ཚད་མེད་རོལ་བས། །
陶醉美味口感,
ལུས་འབྱུང་བཞི་འདི་ནད་ཀྱིས་ཟིན་འདུག །
四大身體會病,
ད་དུས་མིན་གྱི་ཁ་ཟས་སྤང་དགོས། །
除不適時雜食!

ལུས་ལས་མེད་ངང་སྐྱིད་ཉལ་བྱས་པས། །
安逸不勞身體,
རྩ་ཕྱི་ནང་ཀུན་ཚིལ་གྱིས་ཁེངས་ནས། །
內外飽滿脂肪,
ད་སྙིང་རྩ་ཡང་འགག་ལ་ཉེ་འདུག །
容易阻塞心脈,
ཕྱག་སྐོར་བ་སོགས་ལུས་སྦྱོང་གྱིས་ཤིག །
頂禮圍繞煉身!

ཡུལ་བཟང་ངན་ལ་ལྟ་འདོད་ཆེ་བས། །
渴視好壞事情,
མིག་ཁ་པར་ལ་བསྒྲད་གྲངས་མང་བས། །
雙目圓睜手機,
ད་མིག་དབང་གྱི་ནུས་པ་ཉམས་འདུག །
眼根器官力衰,
མིག་མ་ལོང་གོང་བདག་གཅེས་མཛད་དགོས། །
避失明護眼睛!

སྒྲ་བཟང་ངན་ལ་ཉན་འདོད་ཆེ་བས། །
渴聽好壞聲音,
གཏམ་བཤད་ཚད་ལ་ཇུས་གཏོགས་མང་བས། །
過問任何話語,
དོན་བདེན་པ་ཡང་རྫུན་པར་གོ་འདུག །
妄語當真事實,
ཚིག་གཏམ་འཆལ་ལ་ཡིད་རྟོན་མ་བྱེད། །
勿信無稽謠言!

ལུས་འཆོར་སྒེག་ལ་སྲེད་པ་ཆེ་བས། །
外表貪愛誘惑,
གོས་འདྲ་མིན་ཀུན་ཉོ་རྐྱང་བྱས་པས། །
偏買變異衣服,
ད་ཁྱིམ་ཚང་གི་སྒོར་མོ་ཟད་འདུག །
家中銀圓耗竭,
ནོར་ཡོང་ཁུངས་ལ་བསམ་མནོ་གཏོང་དགོས། །
考慮財富來源!

སེམས་འདོད་རྔམས་ཀྱི་རྗེས་སུ་ཤོར་བས། །
此心變得貪婪,
དངོས་ཅི་འབྱོར་གྱིས་ཚིམ་པ་མེད་པར། །
不會任何滿足,
ནམ་ཉིན་མཚན་ཀུན་ལས་ཀས་བྲེལ་བས། །
明白晝夜忙碌,
རང་ནོར་རྫས་ཀྱི་གཡོག་པོར་གྱུར་འདུག །
自成財富奴僕!

ད་འདོད་རྔམས་ལ་ཚོད་འཛིན་བྱས་ནས། །
控製限量嗜慾,
ནོར་ཅི་འབྱོར་ལ་ཆོག་ཤེས་གྱིས་དང་། །
擁有少慾知足,
ཡིད་དགའ་བདེ་ཡི་སྣང་བས་ཚིམ་ནས། །
呈現開心快樂,
དོན་ཐོབ་ཤོར་གྱི་རེ་དོགས་ཞི་ཡོང་། །
平定勝敗疑慮!

སེམས་ཆགས་སྡང་ལ་མགོ་བོ་འཁོར་ནས། །
跳入貪瞋懸崖,
ནམ་ཉིན་མཚན་ཀུན་སེམས་ཁྲལ་བྱས་པས། །
晝夜操心焦慮,
ད་ཞི་བདེ་ཡི་སྣང་བ་ནུབ་འདུག །
失去平和氣息,
ཁྱོས་རང་སེམས་ལ་ངལ་གསོ་སྟེར་དགོས། །
給予自心休息!

ལག་འཛུབ་མོ་དེ་མི་ལ་བཙུགས་ནས། །
食指刺入他人,
ཁ་བདག་མེད་དེས་གཞན་སྐྱོན་གླེང་བས། །
口說別人過失,
གྲོགས་མཛའ་བཤེས་ཀུན་དགྲ་རུ་ལྡང་འདུག །
切勿情友變敵,
ཚུར་རང་སྐྱོན་ལ་འཛུབ་མོ་གཟུགས་དགོས། །
自指自之過失!

མི་ཤེས་མེད་ཀྱི་ངག་ལ་ཉན་ནས། །
聽信鼠目之輩,
སེམས་བསམ་མེད་འདི་སྨྱོ་རུ་བཅུག་དུས། །
置心逼近瘋狂,
ལས་དགེ་མེད་དང་སྡིག་ལ་བྱང་དུས། །
造作不善惡業,
ད་ཟད་མེད་ཀྱི་སྡུག་གིས་མནར་ཡོང་། །
壓迫無盡痛苦!

ཕྱི་སྣང་བ་འདི་རང་སྣང་ཡིན་ཡང་། །
外在顯現從內,
འདི་སྣང་མཁན་གྱི་གནས་ཚུལ་མ་ཤེས། །
不知顯現實況,
རང་མ་དག་ལ་གོམས་འདྲིས་ཆེ་བས། །
搗爛清淨習氣,
ནང་དགའ་བདེ་ཡི་ཚོར་བ་བརླགས་འདུག །
粉碎內受喜樂!

ཕྱི་གནས་ཡུལ་དང་ལུས་ཀྱི་རྩ་རླུང་། །
外境身之風脈,
ནང་རང་སེམས་ཀུན་འབྲེལ་བ་ཟབ་པས། །
隨心密不可分,
སེམས་དག་སྣང་གྱི་སྒོ་མོ་ཕྱེས་དང་། །
開啓淨相心門,
ཞིང་དག་པ་ཡི་དགའ་བདེ་མྱོང་ཆོག །
感受安樂淨土!

ཆོས་ཕྱི་ནང་གི་རྩ་བ་སེམས་རེད། །
內外法源從心,
སེམས་བསམ་མནོ་ཡི་འཁྱེར་སོ་ནོར་ན། །
思維舉止錯誤,
ལས་བྱ་བ་ཀུན་གཏན་དུ་འཆུགས་ནས། །
所作永遠有漏,
དུས་གཏན་བདེ་ཡི་ལམ་བཟང་འགག་འགྲོ །
阻當安樂道途!

སེམས་རང་ཚུགས་དེ་རང་གིས་ཟིན་ན། །
假如修心得力,
སེམས་གཉིས་འཛིན་གྱི་མདུད་པ་གྲོལ་ནས། །
釋放二取心結,
སེམས་རང་གྲོལ་གྱི་བདེ་བ་ཆེན་པོ། །
自心解脱安樂,
དུས་ད་ལྟ་རང་རང་གིས་མྱོང་ཆོག །
即時各自感受!

སྐལ་བཟང་ཉི་མས། ༨-༡༢-༢༠༡༩།
尊貴的堪布 格桑尼瑪 仁波切
書於2019年12月8日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago