མཉམ་མེད་ཤཱཀ་སེང་གེ་དེ། །
無等釋迦佛獅子,
ཁོང་མ་ནོར་ལམ་སྟོན་སྒྲོན་མེ་ཡིན། །
真實引路之明燈,
བདེ་ནས་བདེ་བར་འགྲོ་འདོད་ན། །
若欲從樂趣安樂,
སེམས་དད་པ་མ་ཆུང་ཆོས་ཀྱི་གྲོགས།
信心勿淺吾道友!
ལུང་རྟོགས་ཆོས་ཀྱི་ཉི་མ་དེ། །
教證妙法之杲日,
ཡིད་མ་རིག་མུན་པ་སེལ་བྱེད་ཡིན། །
乃是遣除意黑暗,
སྡུག་བསྔལ་རྩ་བ་གཅོད་འདོད་ན། །
若欲斬斷痛苦根,
དེ་ཉམས་ལེན་མ་བརྗེད་ཆོས་ཀྱི་གྲོགས། །
勿忘修行吾道友!
རིག་གྲོལ་འཕགས་པའི་དགེ་འདུན་དེ། །
明智解脱聖僧眾,
གྲོགས་བཟང་པོ་བསླུ་བ་མེད་པ་ཡིན། །
乃是無欺良益友,
ཉམས་རྟོགས་རྩལ་ཁ་རྒྱས་འདོད་ན། །
若欲豐富修證悟,
དེ་འབྲལ་མེད་འགྲོག་ཅིག་ཆོས་ཀྱི་གྲོགས། །
無離常伴吾道友!
སྐལ་བཟང་ཉི་མས། ༣༠-༡-༡༦།
尊貴的堪布 格桑尼瑪 仁波切
2016年1月30日