ཞིམ་དང་མི་ཞིམ་གོམས་འདྲིས་ཆེ་ཆུང་ཙམ། །
不同程度習慣導致苦與甜,
འགྲིག་དང་མི་འགྲིག་བསམ་མནོ་གཏོང་སྟངས་ཙམ། །
不同意識形相導致是與非,
འཇུག་དང་མི་འཇུག་སྤྲོ་བ་ཆེ་ཆུང་ཙམ། །
不同程度興趣導致守與退,
བཟང་དང་མི་བཟང་སེམས་ཀྱི་ལྟ་སྟངས་ཙམ། །
不同意識觀點導致好與壞!

དགའ་དང་མི་དགའ་སེམས་ཀྱི་འཁོར་ཕྱོགས་ཙམ། །
喜歡與厭惡只是心的傾向,
མཛེས་དང་མི་མཛེས་སེམས་ཀྱི་འདོད་ཚུལ་ཙམ། །
美麗與醜陋只是心的觀點,
མཐུན་དང་མི་མཐུན་བརྩེ་བ་ཡོད་མེད་ཙམ། །
和諧與爭鬥是否存有愛心,
འགྲུབ་དང་མི་འགྲུབ་སེམས་ཤུགས་ཆེ་ཆུང་ཙམ། །
成功失敗在於勇氣的大小!

དད་དང་མི་དད་རྒྱུ་མཚན་ཤེས་མིན་ཙམ། །
相信與疑惑是否認知原因,
དགེ་དང་མི་དགེ་ཀུན་སློང་བཟང་ངན་ཙམ། །
善良與邪惡主要起因好壞,
ཐེག་པ་ཆེ་ཆུང་སེམས་བསྐྱེད་མཆོག་དམན་ཙམ། །
大小乘佛教看發心的高低,
འཁོར་བ་མྱང་འདས་རིག་དང་མ་རིག་ཙམ། །
輪迴涅槃是否無知與覺醒!

དེ་ཕྱིར་འཁོར་འདས་ཐམས་ཅད་སེམས་ཀྱི་འཕྲུལ། །
因此,輪涅一切是心的變幻,
སེམས་ཉིད་རྟོགས་ན་སངས་རྒྱས་སེམས་ཀྱི་གཤིས། །
因證悟心真實性佛就是心,
སེམས་ཉིད་མ་རྟོགས་འཁོར་བའང་རང་སྣང་ཙམ། །
不認知心真實性顯現輪迴,
ཐམས་ཅད་སེམས་ཉིད་འདི་ལ་ཐུག་འདུག་པས། །
一切都依存於這心真實性!

གཉིས་འཛིན་འཁྲུལ་པའི་རྗེས་སུ་མི་འབྲང་བར། །
不要追逐二取迷惑的後面,
རང་སེམས་རང་ངོ་ཤེས་པའི་ཐབས་ཚུལ་ལ། །
了悟自心真實性質的途徑,
ཡེངས་མེད་དྲན་ཤེས་ཆུ་བོའི་རྒྱུན་བཞིན་དུ། །
像類似河流綿延正念正知,
བླ་མའི་བཀའ་ལྟར་ཉམས་སུ་ལེན་འཚལ་ལོ། །
遵從上師的指引修持佛法!

སྐལ་བཟང་ཉི་མས། ༣༠-༩-༢༠༡༦།
書於2016年9月30日
尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago