不要再睡該醒來

རེ་བའི་སྣེ་ལ་དོགས་པའི་འགག་སྒོ་རེ། །
希望後出現疑惑之淵,
དགའ་བའི་རྗེས་ལ་སྡུག་གི་ཁུར་པོ་རེ། །
歡喜過後背負着痛苦,
བརྩེ་བའི་གསེང་ལ་འཁྲུག་པའི་ཡོ་ལང་རེ། །
情誼間埋藏爭吵紛亂,
རེས་དགའ་རེས་སྡུག་ངང་ནས་མི་ཚེ་རྫོགས། །
時歡時苦人生到終止!

ཐོབ་ན་ད་དུང་ཚང་མ་དགོས་སྣང་ཞིག །
已擁有感覺還想一切,
མ་ཐོབ་ཡི་མུག་སྡུག་གི་སྐྱོ་སྣང་ཞིག །
未曾擁有卻絕望痛苦,
ཐོབ་ཤོར་བར་ན་ཚུལ་མིན་རྣམ་རྟོག་རེས། །
得失間不能分別非理,
ལུས་སེམས་ཞི་བདེའི་རྒྱ་མཚོ་ཡོམ་གྱིས་གཡོ། །
顫動身心歡樂之海洋!

ཁར་སང་འཆར་གཞི་དེ་རིང་དོན་མེད་འདྲ། །
昨天計劃今已無意義,
དེ་རིང་བྱ་བ་སང་ཉིན་ནུས་མེད་འདྲ། །
今天事情明天無效益,
ད་དུང་རྟོག་འཆར་ཆུ་ཡི་གཉེར་མ་འདྲ། །
分別念似漣漪般起伏,
འཁྲུལ་སྣང་སྨིག་རྒྱུའི་རྗེས་སུ་ངལ་ཡང་རྒྱུག །
追逐海市蜃樓忙疲累!

རང་གི་ཞི་བདེ་རང་གིས་རྒྱང་དུ་བསྲིང་། །
自己快樂被自推遠方,
སྡུག་གི་རྩ་བ་རང་གིས་དམ་པོར་བཟུང་། །
緊握自己痛苦之根源,
ད་དུང་ཉེས་སྐྱོན་མ་ལུས་གཞན་ལ་གཡོགས། །
還凡所過失責怪他人,
བསམ་བཞིན་བསམ་ན་ངུ་བགད་འཆོར་བའི་རྒྱུ། །
故細思維啼笑皆非因!

ཨེ་མ་འཁྲུལ་པའི་སྣང་བ་རྨི་ལམ་འདྲ། །
奇哉幻象顯現如夢境,
སྣ་ཚོགས་སྣང་ཡང་ཆུ་རིས་བཞིན་དུ་ཡལ། །
但顯各種事物會消失,
ད་ནི་བྱར་མེད་ངང་དུ་མཉམ་པར་ཞོག །
應按住無造作空性中,
རྣམ་རྟོག་བཅོས་མས་རང་སེམས་མ་དཀྲུགས་ཤིག །
勿讓分別念擾亂自心!

རྟོག་དཔྱོད་བློ་ཡིས་གནས་ལུགས་དོན་མི་རྟོགས། །
伺察意識不能悟真理,
བཅོས་མའི་སྒོམ་གྱིས་རང་བཞིན་དོན་མི་མཐོང་། །
造作修持不會悟自性,
གང་ལ་ཞེན་པ་ཡོད་ན་འཆིང་བའི་རྒྱུ། །
凡其執著都是束縛因,
ཚོགས་དྲུག་ལྷུག་པའི་ངང་དུ་ཅམ་གྱིས་ཞོག །
讓六識按住輕鬆自然!

གང་ཤར་ཤར་གྲོལ་སྣང་སྟོང་ལྷ་ཡི་སྐུ། །
顯現相空解脱本尊身,
གང་ཐོས་ཐོས་གྲོལ་གྲགས་སྟོང་ལྷ་ཡི་སྔགས། །
聲是還空解脫佛咒語,
གང་དྲན་དྲན་སྟོང་བདེ་ཆེན་ཐུགས་ཀྱི་རྩལ། །
理念空性大樂心妙力,
མཉམ་ཉིད་བློ་འདས་དབྱིངས་སུ་གདེང་ཆོས་ཤིག།
超越心靈平等性法界!

དེ་སྐད་གང་དྲན་གཏམ་གྱི་རོལ་མོ་འདི། །
這些理念教言之音聲,
དད་ལྡན་སློབ་བུའི་རྣ་བའི་རྒྱན་དུ་བཀྲོལ། །
為信心弟子縈繞耳畔,
གཏི་མུག་གཉིད་ཀྱི་རྨི་ལམ་རབ་སད་ནས། །
徹底從無知夢中覺醒,
མི་རྟོག་ཡེ་ཤེས་འོད་སྣང་འཕྲོ་གྱུར་ཅིག །
煥發無分別智慧之光!

སྐལ་བཟང་ཉི་མས། ལྡི་ལི་བསམ་ཡས་གླིང་འཚོ་པདྨའི་མགྲོན་ཁང་དུ་བྲིས། ༣༠-༤-༢༠༡༧།
書於德里桑耶嶺蓮花宾館
尊貴的堪布 格桑尼瑪 仁波切
2017年4月30日

About Author