བསྟན་འགྲོའི་དཔལ་དུ་ཤར་བའི། །
教眾榮耀出現,
རང་བྱུང་ཕྲིན་ལས་ཀུན་ཁྱབ། །
自然事業周遍;
ཐུགས་བརྩེའི་འཛུམ་ཟེར་རེ་ཡིས། །
各縷慈容光芒,
རྨོངས་པའི་མུན་པ་བསལ་སོང་། །
根除無知黑暗;
བླ་མ་ལགས། བླ་མ། བཀའ་དྲིན་ཆེ།
上師啦,上師!感恩!
འགྱུར་མེད་རྡོ་རྗེའི་ངོ་བོར། །
堅固金剛本質,
བསྟན་འགྲོ་དཔལ་དུ་བཞུགས་རོགས། །
保留教眾昌盛!
སྙིགས་དུས་འགྲོ་བའི་མགོན་སྐྱབས། །
濁世眾生救怙,
གྲུབ་དབང་སངས་རྒྱས་མཉན་པའི། །
證王桑杰年巴;
ཞལ་གསུང་ཆོས་ཆར་རེ་ཡིས། །
每句教言法語,
ཤེས་རབ་འདབ་སྟོང་རྒྱས་སོང་། །
綻放千瓣般若,
བླ་མ་ལགས། བླ་མ། ཐུགས་རྗེ་ཆེ།
上師啦,上師!謝謝!
མི་ཤིགས་ཚེ་ལྷའི་ངོ་བོར། །
不壞長壽本質,
སྙིགས་དུས་མགོན་དུ་བཞུགས་རོགས། །
保留濁世怙主!
ཐུགས་བསྐྱེད་དམ་བཅའ་བརྟན་པོས། །
發心誓言堅固,
རྒྱལ་བསྟན་ཕྱོགས་བཅུར་སྤེལ་བའི། །
佛教弘揚十方;
རྣམ་ཐར་ཆ་ཤས་རེ་ཡིས། །
每次點滴事跡,
ཐར་པའི་ལམ་དུ་ཁྲིད་སོང་། །
指示解脱之道;
བླ་མ་ལགས། བླ་མ། ངོ་མཚར་ཆེ།
上師啦,上師!甚奇哉!
འགག་མེད་ཚངས་དབྱངས་ངོ་བོར། །
暢通梵音本質,
ཆོས་ཀྱི་འཁོར་སྐོར་རོགས། །
祈請長轉法輪!
༧སྐྱབས་རྗེ་གྲུབ་དབང་སངས་རྒྱས་མཉན་པའི་འཁྲུངས་སྐར་བསུ་ཆེད་དུ་ཚིག་དང་དབྱངས་བཅས་ཞོགས་ཐུན་ལ་སྐལ་བཟང་ཉི་མས།
為慶祝成就自在桑杰年巴誕辰,格桑尼瑪於晨座之時唫誦而作。
༥།༡༡།༢༠༡༧།
尊貴的堪布 格桑尼瑪 仁波切 2017年11月5日