函件

འགྲོ་བའི་མགོན་མཆོག་ད་ལྟ་གང་དུ་བཞུགས། །
方今眾生之怙主去了哪?
མི་ཡི་ཉི་མ་ད་ལྟ་གང་དུ་ཤར། །
如今人間太陽照耀何方?
ཞི་བདེའི་དེད་དཔོན་ད་ལྟ་གང་དུ་ཕེབས། །
方今和平的使者去了哪?
རླབས་ཆེན་སྐྱེས་བུ་ད་ལྟ་གང་དུ་འགག །
偉大士夫現在受啥阻礙?

ཚད་མེད་སྙིང་རྗེ་ད་ལྟ་གང་དུ་ཐོགས། །
如今為何阻塞無量悲心?
སྔོན་སྨོན་ཐུགས་བསྐྱེད་ད་ལྟ་སུ་ཡིས་བཤོལ། །
往昔發願力現被誰耽擱?
ཀྱེ་མ་འགྲོ་བའི་འདྲེན་མཆོག་མ་བཞུགས་པས།
唉!眾生的至尊導師離去,
སུ་ལ་ཐུག་ཀྱང་ག་དུས་ཕེབས་ཡོང་ཟེར། །
遇誰都議論您何時歸來?

ཅི་ཞིག་བཤད་ན་གང་དུ་བཞུགས་ཡོད་ཟེར། །
與人談事時問您現居哪?
དགུན་ཆོས་སྐབས་ལ་གསུང་ཆོས་ཨི་ཡོད་ཟེར། །
談論冬季法會您所講法?
བགྲོ་གླེང་འགྲན་རྩོད་སྔར་བཞིན་ཨི་ཡོད་ཟེར། །
談論辯論競賽照樣依舊?
སྨོན་ལམ་སྐབས་ལ་མཇལ་ཁ་ཨི་ཡོད་ཟེར། །
談論祈願法會時能朝見?

ད་ལོར་དམིགས་བསལ་མཛད་རིམ་ཅི་ཡོད་ཟེར། །
談今年有特殊佛事行程?
བཙུན་མའི་དགུན་ཆོས་མཛད་འཆར་ཅི་ཡོད་ཟེར། །
尼姑庵能舉行冬季法會?
དགེ་སློང་མ་ཡི་སྡོམ་པ་ནམ་གྲུབ་ཟེར། །
談何時傳授比丘尼戒律?
ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་ཨི་ཡོད་ཟེར། །
會不會有環境保護會議?

མགོན་ཁྱེད་མེད་དུས་གཟི་བརྗིད་མི་འདུག་ཟེར། །
沒怙主您就沒燦爛光輝!
ཡུན་རིང་མ་མཇལ་སྙིང་ཡང་ན་སོང་ཟེར། །
長期沒有朝拜心不知趣!
ཕེབས་སྒུག་ངང་ནས་ཨ་ཐང་ཆད་སོང་ཟེར། །
談論長久等候間已疲累,
ཤར་ནུབ་དད་ལྡན་མགོན་མེད་དྭ་ཕྲུག་འདྲ། །
東西方信眾似無依孤兒!

མགོན་མེད་འགྲོ་བ་ལམ་སྟོར་ལོང་བ་འདྲ། །
沒怙主眾生似迷途盲人,
སྨོན་ལམ་དགུན་ཆོས་སྲོག་མེད་བེམ་པོ་འདྲ། །
冬季祈願法會沒有氣息,
ཉམ་ཐག་འགྲོ་བའི་ངང་ཚུལ་འདིར་དགོངས་ནས། །
請垂憫可憐眾生的本性,
འགྲོ་བའི་གསོས་སྨན་རྒྱལ་བསྟན་རིན་པོ་ཆེ། །
為眾生的福祉佛教珍寶,
མི་ཉམས་སྲིད་མཐའི་བར་དུ་གནས་ཕྱིར་དང་། །
其間宗教不被削弱為故,
མགོན་མེད་འགྲོ་བའི་རེ་འདོད་སྐོང་ཕྱིར་དུ། །
為滿足眾生失怙主之願,
བསྟན་པའི་དཔལ་དང་འགྲོ་བའི་མགོན་ཉིད་དུ། །
為了佛教興盛眾生福祉,
ཞི་བའི་གནས་ལ་ལྷོད་པོར་མི་མཛད་པར། །
請勿執行鬆懈在寂靜處!

ཚད་མེད་སྙིང་རྗེས་རྩལ་ཤུགས་རབ་བསྐྱེད་ནས། །
請發起無量慈悲之力量,
འཕགས་པའི་ཡུལ་དུ་ཆིབས་ཞལ་བསྒྱུར་ནས་ནི། །
請您快速乘來印度聖地,
མཛད་ཕྲིན་སྔར་བཞིན་སྐྱོང་བའི་གསོལ་བ་འདེབས། །
祈願您依舊發展佛事業!

ཅེས་པ་འདི་སུ་དང་ཐུག་ཀྱང་དྲིས་ལན་འདེབས་མ་ཤེས་པར་ཡི་མུག་པའི་ཚོར་ཤུགས་ཀྱིས་ཡུན་རིང་མནར་ཞིང་ལོ་མང་མཛད་འཆར་ཁག་མིག་ལམ་ནས་ཡལ་ལ་ཉེ་བའི་གནས་ཚུལ་ཁག་མཐོང་བའི་རྐྱེན་གྱིས་བརྗོད་མི་ཤེས་སྐྱོ་བའི་མིག་ཆུ་གཞུར་བཞིན་གནས་མཆོག་རྡོར་གདན་ནས། གུས་སློབ་ཐ་ཤལ་བ་སྐལ་བཟང་ཉི་མས་ཕུལ། །12-11-2018
所謂此稿由於被人們一再提起(上師),卻不知該如何回答,感受痛苦卻無能為力,眼看(上師)多年來的事業受影響而心中悲傷淚流!
由恭敬卑劣的弟子 格桑尼瑪 敬獻於聖地金剛座!2018.12.11

書於2018年12月11日
尊貴的堪布 格桑尼瑪 仁波切

About Author