ན་མོ་གུ་རུ།
頂禮上師!

ཚེ་རབས་ཐོག་མེད་ད་ལྟར་ཐུག་གི་བར། །
無始生世至今天,
འཁྲུལ་སྣང་རྨོངས་པའི་དབང་དུ་གྱུར་གྱུར་པས། །
競隨愚痴漂流轉,
ད་ལྟ་དམ་ཆོས་སྒྲུབ་འདོད་བློ་སྐྱེས་ཀྱང་། །
於今雖有修法意,
ཡུད་ཙམ་མི་བརྟན་འཁྲུལ་པའི་གཞན་དབང་ཤོར། །
瞬息之間隨境轉。

ཁར་སང་ཞིམ་པ་དེ་རིང་མི་ཞིམ་ཟེར། །
昨日思甜今成苦,
ཁར་སྔོན་མཛེས་པ་དེང་སང་མི་མཛེས་ཟེེར། །
前日思美今丑陋,
ན་ནིང་བརྩེ་བ་ད་ལོ་མི་བརྩེ་ཟེར། །
去年兩心拳拳時,
འཁྲུལ་པའི་སེམས་ལ་འགྲིག་པའི་དུས་མ་མཆིས། །
今日激情悄然逝。

ཁང་སང་འཛུམ་ཕྲེང་དེ་རིང་ཁྲོ་བའི་ངོ་། །
昨日皓齒今怒懟,
ཁར་སྔོན་བརྩེ་ས་དེ་རིང་འཁོན་པའི་གནས། །
前日情深今成怨,
ན་ནིང་མཛའ་གྲོགས་འདི་ལོ་སྡང་བའི་དགྲ །
去年兩心相許之,
བརྩེ་བ་དགའ་བ་འདིའང་འཁྲུག་པའི་རྒྱུ། །
於今只恨成怨敵。

དེ་སྔོན་འཆར་གཞི་ད་ལྟ་དགོས་མེད་མང་། །
前日計劃今無用,
ན་ནིང་འབད་པ་ད་ལྟ་དོན་མེད་མང་། །
去年勞作今成空,
ཉེ་ཆར་ཉོས་པ་ད་ལྟ་ཕན་མེད་མང་། །
近來所購今無益,
ཕུགས་བསམ་ཕུགས་ལ་ཕན་གནོད་ཆ་མ་མཆིས། །
益害之事總難辨。

ད་ནང་འཆར་གཞི་ད་ལྟ་འགྱུར་སོང་ཟེེར། །
清晨藍圖剎那變,
ཁར་སང་བཤད་པ་ད་ལྟ་བརྗེད་སོང་ཟེར། །
昨日之語今忘却,
ད་ལྟའི་བསམ་པ་ད་ལྟ་འཁྲུལ་སོང་ཟེར། །
當下之念亦迷幻,
ཡིད་བརྟན་མེད་པའི་ཡིད་ལ་ཡིད་ཆེས་དཀའ། །
此心兀兀難足信。

ཚིག་ངན་ཙམ་གྱིས་དགྲ་བོར་གྱུར་པ་མང་། །
惡語多成仇視敵,
རྣམ་འགྱུར་ཙམ་གྱིས་འཁྲུག་པ་ཤོར་བ་མང་། །
態度多發無端爭,
གནས་ཚུལ་གླེང་བས་མཚང་ལ་ཕོག་པ་མང་། །
真相亦多揭嘴臉,
འཕྲལ་རྐྱེན་ཆུང་ངུ་ཙམ་ཡང་ཐེག་པ་དཀའ། །
難忍暫時小惡緣。

བཞག་སར་མི་སྡོད་འཁྲུལ་པའི་རྗེས་སུ་འབྲང་། །
靜坐不思隨幻相,
བཏང་སར་མི་འགྲོ་རེ་དོགས་གནས་ལ་གཡེངས། །
來去無本墮是非,
སྒོམ་པའི་བློ་ཡང་བྱིང་རྒོད་གྲོགས་སུ་ཤོར། །
掉舉之心牽念頭,
ངན་ལང་སེམས་འདི་བཅོས་པ་ཤིན་ཏུ་དཀའ། །
心性狂妄難調馭。

དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་དང་། །
暇滿難得死無常,
ལས་འབྲས་བསླུ་མེད་འཁོར་བའི་ཉེས་དམིགས་སོགས། །
業果無欺輪迴苦,
བློ་ལྡོག་རྣམ་བཞིས་བློ་རེ་མ་སྦྱངས་ན། །
不修四種厭世心,
གཤིས་ངན་སེམས་འདི་ཐུལ་བ་དཀའ་མོ་རེད། །
難伏狂亂暴躁心。

དེ་ཕྱིར་ད་རེས་དལ་རྟེན་རྙེད་དུས་འདིར། །
是故於今得暇滿,
དགོས་ངེས་དམ་ཆོས་ཚུལ་བཞིན་མ་འགྲུབ་ན། །
若未如理行佛法,
ཕྱིས་ནས་འདི་ལྟའི་རྟེན་བཟང་རྙེད་དཀའ་བས། །
來世難覓暇滿身,
དལ་འབྱོར་ཆུད་ཟོས་མ་གཏོང་དམ་ཆོས་སྒྲུབས། །
請勿浪費修佛法。

དེ་ཡང་ད་ལྟ་ཉིད་དུ་མ་སྒྲུབ་ན། །
若未當下勤修法,
ཚེ་ནི་མི་རྟག་རླུང་གསེབ་མར་མེ་འདྲ། །
生死無常風中燭,
དབུགས་ནི་མི་རྟག་ཆུ་ཡི་ཆུ་བུར་འདྲ། །
壽命無常如水泡,
སང་ཉིན་མི་འཆི་ད་ལྟ་གདེང་མེད་པས། །
明日死亦無定準,
ཕྱི་བཤོལ་མ་བྱེད་ད་ལྟ་དམ་ཆོས་སྒྲུབས། །
請勿蹉跎當修法。

འཆི་ནས་རྣམ་ཤེས་ལས་ཀྱི་རྗེས་སུ་འབྲངས། །
死已靈䰟隨業力,
འབྲས་བུ་བཟང་ངན་རྒྱུ་ཡི་རྗེས་འགྲོ་བ། །
善惡果報隨其因,
སུས་ཀྱང་མ་བྱས་དངོས་པོའི་ཆོས་ཉིད་རེད། །
非誰能創實規律,
དགེ་སྡིག་གནས་ལ་བླང་དོར་མ་འཆུག་ཅིག །
善惡取捨當分辨。

ལས་ཉོན་དབང་གིས་སྐྱེས་པའི་འཁོར་བ་འདིར། །
隨業流轉此輪迴,
རིགས་དྲུག་གང་དུ་གནས་ཀྱང་བདེ་བ་དབེན། །
漂泊六趣無快樂,
སྡུག་བསྔལ་གསུམ་གྱིས་རབ་ཏུ་མནར་བས་ན། །
三大痛苦日日煎,
ཞེན་ཆགས་སྤོངས་ལ་ཐར་པའི་གོ་འཕང་འཚོལ། །
是故斷情覓解脱。

དད་མོས་དྲགས་པོས་མཆོག་གསུམ་སྐྱབས་སུ་སོང་། །
猛力信心歸三寶,
སྟོབས་བཞི་ཚང་བའི་རྡོར་སེམས་སྒོམ་བཟླས་གྱིས། །
具足四力修薩埵,
ཆགས་མེད་མནྜལ་མཆོད་པ་ཚད་མེད་ཕུལ། །
勿斷曼陀廣供養,
མོས་གུས་གདུང་བས་བླ་མའི་རྣལ་འབྱོར་སྒོམས། །
虔信當修上師法。

ཐུན་མོང་ཐུན་མིན་སྔོན་འགྲོའི་གཞི་མེད་པར། །
若無共同不共法,
ཕྱག་རྫོགས་ཉམས་ལེན་སྒོམ་པར་འདོད་པ་ནི། །
欲修手印大圓滿,
མི་བརྟན་ཆུ་ལ་རི་མོ་བྲིས་པ་ལྟར། །
付諸東流如水紋,
བློ་སྣ་ཆོས་ལ་འགྲོ་བ་དཀའ་མོ་གདའ། །
此心亦難與法應。

དེ་ཕྱིར་དངོས་གཞི་ལས་ཀྱང་སྔོན་འགྲོ་ཟབ། །
是故前行重真實,
ཟབ་དོན་སླ་ཆོས་ཉིད་དུ་མི་འཛིན་པར། །
甚深修法雖難行,
ཡང་ཡང་ངེས་ཤེས་མ་སྐྱེས་བར་དུ་སྒོམས། །
再次勤修生定解,
འབད་བརྩོན་སྐྱེད་ལ་ལེགས་པར་འགྲུབ་པ་གྱིས། །
精勤修行碩果豐。

སྐལ་བཟང་ཉི་མས། རུམ་བཏེག་ནས། ༡-༧-༢༠༡༧།
尊貴的堪布 格桑尼瑪
仁波切 書於隆德寺
2017年7月1日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago