ལང་མ་ཐག་ཏུ་བྱང་ཆུབ་སེམས་མཆོག་སྐྱེད།
起床發無間無上菩提心,
དགེ་བ་བསམ་མི་ཁྱབ་པ་ཡོད།
會招引不可思議的淨善!
གང་དུ་འགྲོ་ཡང་མཆོག་གསུམ་སྐྱབས་སུ་སོང་།
何時何地皈依處是三寶,
བྱིན་རླབས་བསམ་མི་ཁྱབ་པ་ཡོད།
會獲得不可思議的加持!
སུ་ཞིག་མཐོང་ན་ལེགས་པའི་ཕྱོགས་ལ་ལྟོས།།
遇任何人觀待妙善現象,
སྤྲོ་སྣང་བསམ་མི་ཁྱབ་པ་ཡོད།
會產生不可思議的興致!
སུ་དང་འགྲོགས་ན་མཐོང་ཆེན་གུས་བཀུར་གྱིས།
凡與人結友要恭敬器重,
ཕན་འབྲས་བསམ་མི་ཁྱབ་པ་ཡོད།
會獲得不可思議的收益!
དཀའ་སྡུག་ཅི་བྱུང་རང་གི་ལས་སུ་སྒོམས།
了知困苦是自己的宿業,
གུ་ཡངས་བསམ་མི་ཁྱབ་པ་ཡོད།
會感覺不可思議的寬敞!
ལེགས་ཚོགས་ཅི་བྱུང་གཞན་གྱི་དྲིན་དུ་ལྟོས།
任何妙集視他人的恩恵,
མཐུན་ལམ་བསམ་མི་ཁྱབ་པ་ཡོད།
有不可思議的友好關係!
ཅི་ཞིག་འཕྲད་ན་ཞེན་ཆགས་མེད་པ་གྱིས།
無論遇何事物切勿貪戀,
བདེ་བ་བསམ་མི་ཁྱབ་པ་ཡོད།
會獲得不可思議的安樂!
འཕྲལ་གྱི་སྣང་བ་རྨི་ལམ་ལྟ་བུར་ལྟོས།
所顯現視暫時夢中幻覺,
ཞི་བདེ་བསམ་མི་ཁྱབ་པ་ཡོད།
會感覺不可思議的平和!
སྣ་ཚོགས་སྣང་བ་སེམས་ཀྱི་ཆོ་འཕྲུལ་ལྟོས།
各種顯現視為心的幻變,
བག་ཕེབས་བསམ་མི་ཁྱབ་པ་ཡོད།
會感覺不可思議的舒暢!
སེམས་ཉིད་གདོད་ནས་སྤྲོས་པ་བྲལ་བར་ལྟོས། །
視心性無始來遠離戲論,
བདེན་པ་བསམ་མི་ཁྱབ་པ་ཡོད།
會賜予不可思議的真諦!
དགེ་ཚོགས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོས་།
淨善迴向眾生達至菩提,
འབྲས་བུ་བསམ་མི་ཁྱབ་པ་ཡོད། །།
會獲得不可思議的果實!
༢༡-༤-༢༠༡༦། སྐལ་བཟང་ཉི་མས།
書於2016年4月21日
尊貴的堪布 格桑尼瑪 仁波切