危險!該怎麼辦?

སྤྱི་ཚོགས་བྲེལ་ཟིང་ཆེ་བའི་ཁོར་ཡུག་ན། །
社會環境極紛亂,
གནས་ཚུལ་བདེན་རྫུན་སྣ་ཚོགས་ཉིན་བཞིན་བརྡོལ། །
爆發日常各是非;
རང་སེམས་རང་གིས་བདག་པོ་མ་བརྒྱབས་ན། །
自不守護自之心,
མགོ་བོ་གདུགས་ལྟར་འཁོར་བའི་ཉེན་ཁ་ཡོད། །
自欺欺人之危險!

རིག་འཕྲུལ་དྲ་བས་ཁ་ལོ་བསྒྱུར་བའི་དུས། །
心力轉移網絡時,
མཐོ་དམན་དྲགས་ཞན་མ་ལུས་དེ་ལ་གཡེངས། །
捆綁貴賤低劣身;
རང་གི་དུས་ཚོད་རང་གིས་མ་བསྲུངས་ན། །
若自時刻不守護,
དོན་མེད་མི་ཚེ་རྫོགས་པའི་ཉེན་ཁ་ཡོད། །
虛棄人生之危機!

ཅ་དངོས་སྣ་མིན་སྣ་ཚོགས་ཉིན་བཞིན་དར། །
天天層出各種物,
བཟོ་དབྱིབས་གསར་ཐོན་ཉིན་ནས་ཉིན་བཞིན་མོད། །
逐漸新穎新產品;
རང་གི་ཆོག་ཤེས་རང་གིས་མ་བསྲུངས་ན། །
若自不守自知足,
ངལ་རྩོལ་སྒོར་མོ་ཡོད་ཚད་འཛད་ཉེན་ཡོད། །
花費銀圓之危險!

ཞིམ་ཞིམ་མངར་མངར་མོད་པའི་གྲོང་ཁྱེར་ནང་། །
甘美食物城市中,
རྫས་སྦྱོར་ཟས་རིགས་གང་སར་ཁྱབ་དུས་འདིར། །
遍佈化學之食品;
རང་གི་འཕྲོད་བརྟེན་རང་གིས་མ་གཟབ་ན། །
自不注意食衛生,
བཅོས་མེད་ནད་ཀྱིས་ཟིན་པའི་ཉེན་ཁ་ཡོད། །
影響疾病之危險!

མཛེས་མཛེས་ལེགས་ལེགས་མང་པོ་དགོས་སྣང་ཤར། །
需要眾多奢侈物,
དེ་ཡང་ཁྱབ་སྤེལ་ཐུབ་ན་ལེགས་སྣང་ཤར། །
彼亦發展更悦心;
བཅོས་མའི་གནས་ལ་མགོ་བོ་འཁོར་དྲགས་ན། །
過分偽善蒙蔽心,
དངོས་བདེན་རྫུན་མར་མཐོང་བའི་ཉེན་ཁ་ཡོད། །
視真為惡之危險!

མིག་ཏུ་མཐོང་ཚད་བརྙན་དང་པར་དུ་ལེན། །
眼見照片映圖像,
ཡིད་ལ་འཁོར་ཚད་དྲ་བའི་ལམ་དུ་སྤེལ། །
心想一切傳網絡;
དགོས་པའི་ལས་ལ་བློ་རྩེ་མ་གཏད་ན། །
必需專心於工作,
དགོས་མེད་གཡེངས་བས་མི་ཚེ་རྫོགས་ཉེན་ཡོད། །
浪費人生之危險!

རྒྱུས་མེད་ཐག་རིང་མི་རྣམས་དྲ་གྲོགས་འགྱུར། །
陌生遠人成網友,
རྒྱུས་ཡོད་ནང་མི་མཛའ་གྲོགས་རྒྱང་དུ་ལུས། །
揮之即去親家眷;
དགོས་མེད་འཆལ་གཏམ་ཀློང་དུ་ཐིམ་དྲགས་ན། །
過度閒話無實義,
དོན་མེད་རྙོག་འཛིང་ནང་དུ་ཚུད་ཉེན་ཡོད། །
陷於雜亂之險境!

སྔོན་བསགས་ལས་ཀྱིས་འཕངས་བའི་ལུས་རྟེན་འདིར། །
所依宿業之人身,
རང་འཁོས་ཟས་གོས་གནས་མལ་འཛོམས་ན་ཡང་། །
即有豐富之宿食;
སྟོང་བསམ་ཧམ་སེམས་འདོད་རྔམས་ཆེ་དྲགས་ན། །
過分妄想及貪婪,
ད་ལྟའི་དགའ་བདེའི་འཚོ་བ་རླག་ཉེན་ཡོད། །
毀壞目前安樂福!

ཆེ་ཆེ་ལེགས་ལེགས་རེ་བའི་འཆར་སྒོ་ནས། །
希求美觀想法中,
མཐོ་མཐོ་སྙན་སྙན་གནས་ལ་བརྩོན་དྲགས་ན། །
過度追求高貴處;
རང་ལ་དབང་བའི་རང་དབང་ངོ་མ་ཤོར། །
自失屬自之自由,
དོན་མེད་ལག་སྟོང་ལོག་པའི་ཉེན་ཁ་ཡོད། །
擔驚虛棄空手回!

ཆོས་དཔལ་རིག་གསུམ་འཕེལ་བའི་གོ་ལའི་སྒང་། །
增興文教地球上,
ཕན་ཚུན་འགྲན་རྩོད་རྦ་རླབས་བཞིན་དུ་འཕྱུར། །
彼此競爭波浪雲;
འགྲན་སེམས་ཕྲག་དོག་རྗེས་སུ་ཤོར་དྲགས་ན། །
過於爭勝嫉妒心,
ཡི་མུག་མུན་པའི་ཀློང་དུ་ཐིམ་ཉེན་ཡོད། །
墮落痛苦黑暗中!

སྣ་མང་ལས་ལ་བྲེལ་བའི་འཇིག་རྟེན་འདིར། །
繁多無暇世間中,
ཇི་ཙམ་འཛོམས་ཀྱང་དེ་ཙམ་སྲེད་པ་འཕེལ། །
如何圓滿愛貪婪;
རང་སེམས་གུ་ཡངས་ངལ་གསོ་མ་བྱས་ན། །
自心未能悠寬鬆,
སྲོག་རླུང་ན་ཚས་སྨྱོ་བའི་ཉེན་ཁ་ཡོད། །
狂亂癲癇病危險!

ཚན་རྩལ་འཕྲུལ་ཆས་སྣ་མང་རྡོལ་བའི་སྐབས། །
機械繁多出現時,
ཤར་ནུབ་རིག་གཞུང་ཕན་ཚུན་བརྗེ་བསྒྱུར་བྱེད། །
東西學術做交流;
རང་གི་ཆོས་རིག་རང་གིས་མ་བསྲུངས་ན། །
未能守衛自法教,
ཅོལ་ཆུང་གཞན་རྗེས་འབྲང་བའི་ཉེན་ཁ་ཡོད། །
隨波逐流之風險!

ཕྲག་དོག་རླུང་དམར་མཆེད་པའི་གྲུ་སོ་ན། །
嫉妒狂風之蔓延,
སྐུར་འདེབས་རྦ་རླབས་དྲག་པོ་རྒྱུན་ཆད་མེད། །
不斷強烈誹謗潮;
རང་གི་དད་མོས་རང་གིས་མ་བསྲུངས་ན། །
自不守衛自信仰,
ལོག་ལྟས་དགེ་རྩ་གཅོད་པའི་ཉེན་ཁ་ཡོད། །
毀壞善根之危險!

ཐོབ་ཤོར་ཕམ་རྒྱལ་ཆེ་བའི་མི་ཚེ་འདིར། །
得失勝敗一生中,
རེ་དོགས་ཆགས་སྡང་འགྲན་པ་བཞིན་དུ་འཕྱུར། །
愛憎疑慮競爭雲;
བློ་ལྡོག་རྣམ་བཞིས་བློ་སྣ་མ་བསྒྱུར་ན། །
不修四種厭世心,
དལ་འབྱོར་སྟོང་ལོག་བྱེད་པའི་ཉེན་ཁ་ཡོད། །
枉費人身之危險!

རྒྱ་ཆེ་གཏིང་ཟབ་ནང་དོན་རིག་པའི་གནས། །
悟知廣大甚深教,
ལུང་རིགས་སྣ་མང་གྲོགས་དང་མ་བརྟེན་ན། །
若不依靠各教理;
མ་རྟོགས་ལོག་རྟོག་ཐེ་ཚོམ་གྱིས་བཅིངས་ནས། །
不知懷疑邪分別 ,
བདེན་གཉིས་གནས་ལ་རྨོངས་བའི་ཉེན་ཁ་ཡོད། །
迷惑二諦之危險!

ཐོག་མེད་བག་ཆགས་རི་བོ་བཞིན་དུ་བརྟན། །
無始習氣穩泰山,
ཚེ་འདིའི་འཆར་གཞི་རྒྱ་མཚོ་བཞིན་དུ་ཟབ། །
今生計划似大海;
སྔོན་འགྲོའི་བསགས་སྦྱང་ཚུལ་བཞིན་མ་བྱས་ན། །
不修前行積淨法,
དངོས་གཞིའི་ཉམས་ལེན་རྐྱེན་གྱིས་འཇིག་ཉེན་ཡོད། །
正行修持隨境轉!

ངར་འཛིན་ལྟ་བས་ང་རུ་ཞེན་དྲགས་པས། །
束縛我執老概念,
ང་རང་མ་གཏོགས་བསམ་རྒྱུ་མེད་པ་འདི། །
除此自我無思誰;
གཞན་ཕན་བྱང་སེམས་དཔུང་གིས་མ་བཅོམ་ན། །
調伏利他菩提心,
རང་གཞན་དགའ་བདེ་མ་ལུས་འཕྲོག་ཉེན་ཡོད། །
摧毀自他安樂險!

གཉིས་སྣང་བདེན་པར་འཛིན་པའི་མུན་ཁུངས་ན། །
執著二取黑暗根,
ཆགས་སྡང་ཆུ་སྲིན་སོ་ཁར་ཚུད་དུས་འདིར། །
落入愛憎鯨魚口;
འཛིན་བྲལ་ཤེས་རབ་སྒྲོན་མེ་མ་སྤར་ན། །
不燃無執智慧燈,
ཐར་མེད་རྣམ་གསུམ་སྡུག་གིས་མནར་ཉེན་ཡོད། །
難逃三苦所壓迫!

ཐོས་ཐོས་གོ་གོ་མང་བའི་ཚོགས་གྲལ་ནས། །
聽聞眾多是非場,
རེ་སྨོན་བླང་དོར་གནས་ལ་གཡེངས་བའི་ཚེ། །
注意求取捨之道;
བྱར་མེད་བློ་འདས་ངང་དུ་མ་བཞག་ན། །
同時按住離思境,
མི་རྟོག་ཡེ་ཤེས་གནས་ལ་རིང་ཉེན་ཡོད། །
能獲無分別智慧!

ལུང་རིགས་དཔྱད་པ་མང་བའི་ཆོས་རྭ་ན། །
眾多道場辯教理,
དགག་སྒྲུབ་རིགས་པའི་འགྲོས་ལ་གཡེངས་བའི་ཚེ། །
分心破立思理論;
སྨྲ་བསམ་བརྗོད་མེད་ངང་དུ་མ་བཞག་ན། །
不按難喻空性中,
ཡིད་བྱེད་རྟོག་པའི་སྒྲོག་གིས་འཆིང་ཉེན་ཡོད། །
被捆伺察分別網!

གསོག་གསོག་སྒྲུབ་སྒྲུབ་མང་བའི་ཐུན་གསེང་ན། །
每座間置辦物件,
བསྐྱེད་རིམ་རྟོག་པའི་འཆར་བཀོད་མང་བའི་ཚེ། །
空想多生起次第;
ཡེ་དག་ཡེ་གྲོལ་རང་ངོ་མ་ཤེས་ན། །
不知本淨解脱性,
གནས་ལུགས་དོན་གྱི་རང་ཞལ་སྒྲིབ་ཉེན་གདའ། །
難解真理自性義!

མཁས་མཁས་མ་ཡིན་ཉམས་མྱོང་བསླབ་བྱ་ཡིན། །
不爭口舌經驗教,
ཆེ་ཆེ་མ་ཡིན་ལྷག་བསམ་སྐད་ཆ་ཡིན། །
不圖名聞忠良言,
སྙན་སྙན་མ་ཡིན་དངོས་ཡོད་བདེན་གཏམ་ཡིན། །
不為動聽正直話,
མཚར་མཚར་མ་ཡིན་དུས་ཀྱི་སྦྲང་ཆར་ཡིན། །
不作滑稽及時雨!

བདེན་དང་མི་བདེན་རང་གིས་རང་ལ་དྲིས། །
虛假捫心當自問,
ཕན་དང་མི་ཕན་ཉམས་སུ་མྱོང་བས་ཤེས། །
利弊修持便受用,
མཁོ་དང་མི་མཁོ་དཀའ་སྡུག་འཕྲད་དུས་ཚོར། །
重要遇到困難知,
དགོས་དང་མི་དགོས་རང་དབང་རང་ལ་ཡོད། །
用否不受任拘束!

ཡིད་འོང་བྱམས་བརྩེ་དཔྱིད་ཀྱི་དགའ་ཚལ་དུ། །
慈悲宜人春樂園,
ཤེས་རབ་པདྨ་དཀར་པོའི་འདབ་སྟོང་བཞད། །
千瓣智慧白蓮花,
ཀུན་ཕན་དྲི་བསུང་མངར་མོ་ཕྱོགས་ཀུན་ཁྱབ། །
到處利益芬芳甜,
འགྱུར་མེད་དགའ་བ་དམ་པས་སྲུང་གྱུར་ཅིག །
惟願喜樂堅守護!

སྐལ་བཟང་ཉི་མས། 21-4-2019
尊貴的堪布 格桑尼瑪 仁波切
書於2019年4月21日

About Author