回憶吉祥義成王子——引導加持甘霖之木車

ཆོས་བདེན་གཉིས་གཅིག་ཆར་གཟིགས་མཛད་པ།
同悟勝世兩諦之法者,
རྗེ་ཤཱཀྱའི་རྒྱལ་པོ་ཁྱེད་རང་དྲན། །
尊者釋迦之王吾思念;
མ་འགྲོ་ཀུན་སྐྱོབ་པའི་གཉེན་གཅིག་པུ། །
救渡眾生之母唯日親,
དཔལ་དོན་ཀུན་གྲུབ་པ་སྙིང་ནས་དྲན། །
由心憶念白頓衮珠巴!

སྡུག་མུན་པའི་རྩ་བ་དྲུང་འབྱིན་པ། །
拔除黑暗痛苦之根本,
མགོན་ཉི་མའི་གཉེན་ཁྱེད་ཡང་ཡང་དྲན། །
怙主日親一再吾常念;
ཀུན་གཏན་བདེའི་ས་ལ་དབུགས་དབྱུང་བ། །
救渡眾生頓置安樂地,
ཀྱེ་ལྷ་ཡི་བླ་མ་སྙིང་ནས་དྲན།།
嗚呼!殊勝上師吾切念!

ཐུགས་བརྩེ་ཆེན་ཀུན་ལ་ཁྱབ་མཛད་པ། །
大慈大悲遍布於一切,
དཔལ་བདེ་བར་གཤེགས་པ་ཁྱེད་རང་དྲན། །
快樂幸福善逝吾思念;
དོན་མ་ནོར་ལམ་བཟང་སྟོན་མཛད་པ། །
指示意義無誤之善道,
ཀུན་འདྲེན་པའི་སྟོན་མཆོག་སྙིང་ནས་དྲན།
引導眾生聖師吾切念!

སྐུ་མཚན་དཔེའི་གཟི་བྱིན་མཇལ་ན་དྲན།
晤身相好威德吾思念,
གསུང་ཚངས་དབྱངས་ཆོས་སྒྲ་ཐོས་ན་དྲན། །
聽聞梵音佛聲吾思念;
ཐུགས་མཁྱེན་བརྩེའི་བྱིན་ཆེན་མྱང་ན་དྲན། །
祈願智慧加持吾思念,
དྲན་ཆེ་བའི་གདུང་དབྱངས་གསན་ལགས་སམ། །
若想聞思念悲歌抒憤!

བདག་གཅེས་འཛིན་མཚོན་གྱི་སོ་ཁར་འཆོངས། །
則需置我執於鋒刃上!
མ་དྲིན་མོ་ཆེ་རྣམས་དགྲ་རུ་བཟུངས། །
視自大恩母眾為冤敵,
དོན་མེད་པའི་ངལ་བས་མནར་བ་ལ། །
願遭無意義疲倦痛苦,
མཆོག་བྱང་སེམས་ལམ་བཟང་སྐྱེད་དུ་གསོལ།།
增長殊勝善道菩提心!

སེམས་གཉིས་འཛིན་གདོན་གྱིས་རབ་ཏུ་ཟིན། །
心被二取邪魔所控制,
ཆོས་སྟོང་གསལ་བདེན་འཛིན་དྲི་མས་བསྒྲིབས། །
法空明實執之所籠罩!
འབྲས་རེ་དོགས་སྒྲོག་གིས་བཅིང་བ་ལ། །
果希疑鐵鏈之所捆綁,
གནད་རང་ཤར་རང་གྲོལ་དངོས་གྲུབ་སྩོལ། །
賜予自我解脫之精髓!

ཁོང་སྟོན་པའི་རྗེས་འཇུག་གཅིག་ལ་ཡང་། །
彼此雖為佛陀追隨者,
ནང་ཕྱོགས་རིས་གྲུབ་མཐས་ཆགས་སྡང་ཤོར། །
內教派別存在貪嗔現,
ཆོས་ཆོས་མིན་སོང་བའི་མདོ་ཤོར་ལ། །
法與非法失去原則者,
སེམས་དག་སྣང་སྒོ་མོ་འབྱེད་དུ་གསོལ། །
心淨之相大門祈敞開!

ཆོས་ལུང་རྟོགས་བསྟན་པའི་པད་ཚལ་རྒྱས། །
佛法教證之蓮悉盛開,
ཁོང་བསྟན་འཛིན་ཐུགས་མཐུན་སྐུ་ཚེ་བརྟན། །
彼護持法教身心安康;
མ་འགྲོ་རྣམས་བྱམས་བརྩེའི་དཔལ་ལ་སྤྱོད། །
祈願如母眾生行慈悲,
དཔལ་དགེ་ལེགས་འོད་སྣང་འབར་གྱུར་ཅིག །
點燃福德妙善之光芒!

གཞི་ཡེ་གནས་ཆོས་དབྱིངས་ནམ་མཁའི་ཀློང་། །
根本無處法界遍虛空,
ལམ་ཐབས་ཤེས་ཟུང་འཇུག་ཉི་འོད་གསལ།
般若道途日光之明亮;
འབྲས་བྲལ་སྨིན་རྩི་བཅུད་རྒྱུན་མི་འཆད། །
果斷證甘露長流不盡,
ཀུན་ཟག་མེད་དགའ་བདེས་ཚིམ་གྱུར་ཅིག། །
祈願無漏喜樂全滿足!

རྒྱལ་བ་ལྷ་ལས་བབ་པའི་དུས་ཆེན་གྱི་ཞོགས་ཐུན་ལ་དཔལ་མཉམ་མེད་ཤཱཀྱའི་རྒྱལ་པོའི་མཚུངས་པ་མེེད་པའི་བཀྲིན་རྗེས་སུ་དྲན་པའི་སྒོ་ནས་གསོལ་འདེབས་དབྱངས་དང་བཅས་པ་འདི་བཞིན་ཚོགས་དབུས་སུ་གྱེར་ན་སྙམ་པའི་རྟོག་པ་ཞིག་འགོག་མེད་དུ་སྐྱེས་པ་ལ་ལྟར། སྙིགས་དུས་ཀྱི་སྙོམས་ལས་སྐལ་བཟང་ཉི་མས་གདན་ས་རུམ་བཏེག་དུ་བྲིས་པའི་དགེ་བས་འགྲོ་ཀུན་སྟོན་མཆོག་གང་གི་ལམ་བཟང་དེར་འཇུག་པའི་རྒྱུར་གྱུར་ཅིག དགེའོ།། །། ༡༠། ༡༡། ༢༠༡༧།
吾於天降節晨座之時,因憶念無比釋迦之王,自然流露出吟誦及祈禱。又欲唱誦於眾人之間,因此難遮之欲故書於隆德寺。願成就一切眾生渡入佛法妙道之因, 善哉!濁世懶人格桑尼瑪。

尊貴的堪布 格桑尼瑪 仁波切
2017年11月10日

About Author