開示

如果修行不謹慎,僅有一點善根也會被我執吞沒!

ང་ད་ནང་སྔ་མོ་ལང་ནས་གནས་རྡོ་རྗེ་གདན་མཆོད་རྟེན་རིན་པོ་ཆེ་མཇལ་དུ་སོང་། དེང་སང་གནམ་གཤིས་ཚ་དྲོད་ཆེ་བས་མཆོད་མཇལ་དུ་འགྲོ་མཁན་མང་པོ་མེད་པས་གུ་ཡངས་པོ་འདུག མཆོད་རྟེན་ནང་གི་ཐུབ་དབང་མཆོག་གི་སྐུ་བརྙན་མཇལ་བས་སེམས་ལ་དགའ་དད་ཚད་མེད་སྐྱེས། ན་བཟའ་ཁག་གསུམ་དང་ལྷུང་བཟེད་ནང་དུ་འབྲས་དང་ཤིང་ཏོག་སོགས་ཀྱིས་བཀང་ནས་ཕུལ་སྟེ་རྒྱལ་བསྟན་དར་ཞིང་འགྲོ་ཀུན་བདེ་བའི་སྨོན་ལམ་ཤུགས་དྲགས་བཏབས། སྐབས་དེར་མཆོད་མཇལ་བུད་མེད་ཞིག་གིས་བཟོ་བཀོད་ཕུན་སུམ་ཚོགས་པ་ཅན་གྱི་མེ་ཏོག་རིགས་ཁ་ཤས་ཤིག་ཕུལ་བར་རྗེས་སུ་ཡི་རང་བྱས།
我今天一大早起來,去了聖地金剛座瞻仰菩提大塔。這些天因為天氣異常炎熱,轉繞瞻仰的信眾很少,也因此便多了几分寬敞。當菩提大塔裏的釋伽牟尼佛像映入眼簾,心中由然生起了難以抑製的興奮之情和信心。這時我便用米和水果等供品盛滿三法衣和鉢盂,進行供養。并以猛烈的信心發願“佛法四時興盛!有情永久安樂!”當時,前來瞻仰的一位婦女,手拿五彩繽紛、艷麗奪目的花朵,供養了佛陀。看到她的行為,我在一旁深深地隨喜了她的功德!
ཡིན་ནའང་སྟབས་མ་བདེ་བ་ཞིག་ལ་གཞན་གྱིས་ཕུལ་བའི་མེ་ཏོག་དང་ལྷུང་བཟེད་སོགས་ཟུར་དུ་བཀར་ནས་མོ་རང་གི་མེ་ཏོག་དེ་ཁོ་ན་སྐུ་འཁྲིས་བཞག་རྗེས་གཞན་དག་གི་མཆོད་སྤྲིན་ཇི་སྙེད་ཡོད་པ་དག་སྣང་མེད་ཟུར་དུ་བཀར་ནས་བཞག་སོང་།
ལེགས་པར་སོམས་དང་། མོ་རང་སངས་རྒྱས་དད་པ་ཡོད། ལས་འབྲས་ལ་ཡིད་ཆེས་ཡོད། མཆོད་པ་འབུལ་འདོད་ཀྱི་གཏོང་སེམས་ཡང་ཡོད། དེ་ཡང་དུས་ཡུན་རིང་པོར་ངལ་བར་མ་འཛེམས་པར་མེ་ཏོག་དག་བཀོད་ལེགས་པར་བསྐྲུན་ནས་ཕུལ་བའི་སྐབས་སུ། བདག་གཅེས་འཛིན་གྱི་གཞན་དབང་དུ་གྱུར་ནས། རང་གི་མེ་ཏོག་དེ་ཁོ་ན་སྐུ་འཁྲིས་སུ་འཇོག་འདོད་པའི་དབང་གིས་གཞན་གྱི་མཆོད་པ་ལ་རྗེས་སུ་ཡི་རང་དང་གུས་བཀུར་མེད་པ་མ་ཟད། གཞན་གྱིས་ཕུལ་བའི་མཆོད་པ་དག་སྣང་མེད་དུ་དོར་བའི་རྣམ་འགྱུར་འདིས་ང་ལ་སེམས་ཚོར་མ་འདྲ་བ་ཞིག་སྐྱེས་སོང་།
可令人驚訝的是,她把別人供養的花朵和鉢盂等供品推向一旁,只把自己的花朵供在了佛前,無視別人的所有供雲。我們捫心自問,認真想想:她對佛陀有信心!相信因果報應!也有願意供養佛陀的施捨之心!她不辭辛苦,經過很長時間凖備了這些齊爭鬥艷的花朵來供養佛陀。卻不曾想,被自私自利之心控製着自己的身心,只把自己的花朵放在了佛前,不僅沒有尊重和隨喜他人的供養功德,更無視了別人的清淨供養。這些舉動,着實讓我有了不一樣的滋味。
གང་ལགས་ཞེ་ན། ང་ཚོའི་མི་ཚེ་ནང་འདི་ལྟའི་ནོར་འཁྲུལ་ཅི་འདྲ་མང་པོ་ཞིག་ཤོར་ཡོད་དམ། བདག་གཅེས་འཛིན་གྱི་གཞན་དབང་དུ་གྱུར་ནས། ང་ཡི་མི་རིགས་དང་ང་ཡི་ལུང་ཚན་ང་ཡི་ཆོས་ལུགས་ང་ཡི་བརྒྱུད་པ་ང་ཡི་བླ་མ་སོགས་ལ་ཞེན་ཆགས་ཆེ་བའི་དབང་གིས་། ཀུན་ལ་བྱམས་བརྩེ་དང་དག་སྣང་རྒྱང་རིང་དུ་དོར་ནས། གཞན་དག་ལ་གུས་བཀུར་དང་ཡི་རང་མེད་པ་མ་ཟད་སྐུར་འདེབས་དང་འཕྱ་སྨོད་མང་པོ་སྣང་མེད་ངང་ག་ཚོད་ཅིག་ཤོར་ཡོད་དམ། རང་བརྒྱུད་ལེགས་པར་མ་བརྟག་ན། ཐ་ན་རང་གི་བསགས་པའི་དགེ་རྩ་ཕྲན་བུ་རེ་ཡོད་པའང་གཞན་ལ་ངོམས་འདོད་པའི་བློ་སྐྱེ་བ་སོགས་མདོར་ན་ཡོད་ཚད་བདག་གཅེས་འཛིན་གྱི་གྲོགས་སུ་གྱུར་ནས་བློ་ཆོས་སྣ་དམ་པའི་ཆོས་སུ་གཏན་ནས་འགྲོ་མ་མྱོང་ཡང་རང་ཉིད་ཆོས་པ་ཡིན་པར་རློམས་ནས་དལ་འབྱོར་སྟོང་ཟད་དུ་འགྲོ་ཉེན་འདུག་པས། དམ་ཆོས་ཀྱི་ཉམས་ལེན་གྱི་སྙིང་པོ་ནི་བདག་འཛིན་དགྲ་བོ་འདུལ་ཐབས་ལ་འབད་དགོས་པར་གསུངས་པས། རང་བརྒྱུད་རང་གིས་བརྟག་ནས་མཆོད་མེ་ཀོང་བུ་རེ་དང་མ་ཎི་ལྡོག་པོ་རེ་ཚུན་ཆོད་བདག་འཛིན་འདུལ་བའི་གཉེན་པོར་འགྲོ་བ་ལ་འབད་དགོས་པར་སེམས་སོ།
是什麼滋味呢?我們這一生曾經犯過多少次這種錯誤而不自知!我們被自私自利之心牽着鼻子走,我們執著——我的民族!我的家鄉!我的宗教!我的傳承!我的上師等等…… 放棄了愛他的慈悲心和清淨心,不僅不尊重、不隨喜別人的清淨功德,在不經意間做過多少次誹謗、侮辱他人的卑劣行徑?如果不好好觀察自相續,認真反思,就連自己辛苦積累的那點善業也會因爲炫耀之心而付諸東流。總之,一切的所思所想都會成為自私自利的幫凶。我們的心雖不曾真正融入佛法,卻會自以為是地認為自己是個修行人,最終白白浪費了難得的暇滿人身。這樣非常危險!所以,前輩大德們也諄諄教誨道:“想方設法調伏我執這個敵人,才是修行佛法的精華所在。”因此,我想我們要反觀自心、認真反思,哪怕是供養一盞燈、念一句六字真言,都要千方百計使其成為調伏我執的對治力。

གནས་མཆོག་རྡོར་གདན་དུ་སྐལ་བཟང་ཉི་མས། ༣-༩-༢༠༡༧།
尊貴的堪布 格桑尼瑪 仁波切 寫於聖地金剛座 2017年9月3日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago