如此之危險

ཟབ་གསང་དབང་ཁྲིད་ཞུས་དུས། །
深受密灌頂教導,
དབེན་པར་འགྲོ་ན་བསམས་སོང་། །
想要去靜土之處;
ཚེ་ལུས་འདི་ཡི་སྟེང་ནས། །
今世所獲此身上,
སངས་རྒྱས་གོ་འཕང་ཐོབ་ན་བསམས་སོང་། །
想證佛陀之果位!

འདོད་ཡོན་ཆོས་ལ་གཡེངས་དུས། །
妙慾徘徊於法時,
ཞེན་ཆགས་བདུད་ཀྱིས་བསླུས་པས། །
貪婪被魔之誘惑;
རྣམ་གཡེངས་བཙོན་དོང་ནང་དུ། །
懶散徘徊地獄內,
དལ་རྟེན་དོན་མེད་རྫོགས་སོང་། །
暇滿在虛度終結!
ཨེེ་་་་་་་་་་་འེ་་་
唉……欸…
ཅི་འདྲའི་ཉེན་ཁ་ཆེ་བ། །
如此之危險!
ཅི་འདྲའི་སྟོང་ལོག་འགྲོ་བ། །
如此之空歸!

བླ་མའི་རྣམ་ཐར་མཇལ་དུས། །
聽聞上師傳記時,
ཡེངས་མེད་སྒྲུབ་ལ་བརྩོན་ནས། །
想堅定不移實修,
ཉམས་རྟོགས་རྩལ་ཁ་སྦྱོང་བཞིན། །
想修學證悟能力,
གྲུབ་པའི་གོ་འཕང་ཐོབ་ན་བསམ་སོང་། །
並獲得成就果位!

ཚེ་འདིའི་བྱ་བར་ཞུགས་དུས། །
今生當行事之時,
ཐོབ་ཤོར་རེ་དོགས་དབང་གིས། །
執著於勝敗疑望;
འགྲན་རྩོད་གནས་ལ་གཡེངས་ནས། །
存在著徘徊競爭,
ལང་ཚོའི་མེ་ཏོག་ཡལ་སོང་། །
年華之花將枯萎!
ཨེེ་་་་་་་་་་་འེ་་་
唉……欸…
ཅི་འདྲའི་རྨོངས་ཚབ་ཆེ་བ། །
如此嚴重之無知!
ཅི་འདྲའི་དོན་མེད་འགྲོ་བ། །
如此無意義人生!

སྐལ་བཟང་ཉི་མས་བོད་གཞས་ཤིག་དང་མཐུན་པར་ཤར་མལ་དུ་བྲིས།
༢༤།༡༡།༢༠༡༧།
尊貴的堪布 格桑尼瑪 仁波切
隨着一首藏歌的旋律而奮筆填詞
2017年11月24日

About Author