སེམས་ཀྱི་གསང་བ་སེམས་ཀྱིས་ཤེས་གྱུར་ན། །
心能認識心奧秘,
སེམས་ཀྱི་དཀའ་ངལ་སེམས་ཀྱིས་སེལ་བར་ངེས། །
心定能除心之苦,
སེམས་ཀྱི་གནད་འགག་སེམས་ཀྱིས་རིག་གྱུར་ན། །
心能認知心要義,
སེམས་ཀྱི་འཆིང་བ་སེམས་ཀྱིས་ཁྲོལ་བར་ངེས། །
心定解脱心束縛!

སེམས་ཀྱི་དེ་ཉིད་སེམས་ཀྱིས་རྟོགས་གྱུར་ན། །
心定了悟心之性,
སེམས་ཀྱི་བདེ་བ་སེམས་ལས་རྙེད་པར་འགྱུར། །
由心獲得心安樂,
སེམས་ཀྱི་རང་ཚུགས་སེམས་ཀྱིས་ཟིན་གྱུར་ན། །
心能自主本自心,
སེམས་ཀྱི་རྙོག་མ་སེམས་ལ་ཐིམ་པར་ངེས། །
心定融合心淨土!

སེམས་ཀྱི་འཆར་སྣང་སེམས་སུ་ཤེས་གྱུར་ན། །
若知心力就是心,
སེམས་ཀྱི་འཇིགས་སྣང་སེམས་སུ་ཞི་བར་འགྱུར། །
心敵從心中寂滅!
བདེ་བ་འདོད་ན་སེམས་ཀྱི་གསང་བ་འཚོལ། །
若想快樂求心秘,
ཞི་བ་འདོད་ན་སེམས་ཉིད་གཏན་ལ་ཕོབས། །
若想解脱尋自性,
ལེགས་པ་འདོད་ན་སེམས་ཀྱི་རང་རྩལ་སྦྱོངས། །
若想妙善修內心,
སེམས་དོན་ཉམས་ལེན་སེམས་ལ་ཕན་པ་གྱིས། །
修持心力之意義!

——- སྐལ་བཟང་ཉི་མས། ༣-༡༢-༢༠༡༩།
尊貴的堪布 格桑尼瑪 仁波切
書於2019年12月3日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago