གནས་ངེས་མེད་རྒྱལ་ཁམས་འགྲིམ་དུས་སུ། །
因緣故周遊列國,
གྲོགས་ངེས་མེད་མི་རིགས་སྣ་ཚོགས་འཕྲད། །
遇上不同各族友;
གཏམ་ངེས་མེད་འཚོ་བའི་གྲུབ་ཆ་གླེང་། །
暢言浮生瑣碎語,
སེམས་ངེས་མེད་དགའ་སྐྱོའི་བར་ལ་གཡེངས། །
不同心徘徊喜悲;
གྲ་འགྲིག་ལ་མི་འགྲིག་འཚོ་བའི་ཁྲོད། །
在變幻的生活中,
ཆོས་ཟབ་མོའི་སྦྱིན་པ་སྣ་རེའི་ཡིས། །
佈施於甚深佛法;
སེམས་གུ་ཡངས་བློ་བདེའི་འོད་སྣང་བསྐྲུན། །
創舒適安心之光,
གྲོགས་འཕྲད་ཚད་ཐར་པའི་ས་བོན་བཞག །
饋友予解脫種籽;
འདི་མཉམ་མེད་སྟོན་པའི་བྱིན་མཐུ་དང་། །
無比佛陀加持力,
རྗེ་བླ་མ་རྣམས་ཀྱི་བཀའ་དྲིན་ལགས། །
殊勝上師之恩慧;
དྲིན་འཁོར་ཐབས་མེད་ཀྱང་དྲིན་གསོའི་ཕྱིར། །
雖感恩卻難回報,
གཞན་བློ་སྣ་ཆོས་ལ་འཇུག་ཕྱིར་བརྩོན། །
且能度他心向法!
ཀ་ལེ་ཀ་ཏར་སིང་ལོང་ནང་དུ་ཞོགས་ཐུན་གྲུབ་རྗེས་སྐལ་བཟང་ཉི་མས།
༡༠-༦-༢༠༡༦།
尊貴的堪布 格桑尼瑪 仁波切 於印度 寧靜的加爾各答早課後 2016年6月10日