https://mp.weixin.qq.com/s/sjBXLNkZgVqU2Bk1lq-V8w
འདས་པའི་བྱ་བ་མདང་སུམ་རྨི་ལམ་འདྲ། །
往事猶如昨夜夢,
གར་སོང་རྗེས་མེད་དྲན་པའི་ཡུལ་ཙམ་རེད། །
消失無蹤僅回憶,
མ་འོངས་འཆར་གཞི་བློ་ཡིས་རྟོག་བཏགས་ཙམ། །
未來計劃意幻想,
གནས་ཚུལ་ཅི་འགྱུར་ད་ལྟ་ཆ་མི་འཚལ། །
現在往況不明白!
ད་ལྟའི་གནས་སྟངས་ཆུ་ཡི་གཉེར་མ་འདྲ། །
現況猶如水波紋,
ཡུད་ཙམ་མི་བརྟན་རིམ་བཞིན་འགག་པར་འགྱུར། །
少許不穩漸消失,
བྱས་པ་ཐམས་ཅད་རྗེས་མེད་ཡལ་བའི་ཚེ། །
一切往事消失時,
འབད་པ་ཐམས་ཅད་དོན་མེད་ཡིན་ནམ་དྲན། །
所有努力無意義!
རེ་བ་ཐམས་ཅད་འོངས་བ་མེད་པའི་ཚེ། །
當無一切希望時,
སྨོན་པ་ཐམས་ཅད་འབྲས་མེད་ཡིན་ནམ་དྲན །
以為所願為徒勞,
བསླབས་པ་ཐམས་ཅད་བརྗེད་པར་གྱུར་བའི་ཚེ། །
所學漸被遺忘時,
བརྩོན་པ་ཐམས་ཅད་དོན་མེད་ཡིན་ནམ་དྲན། །
認為所勞無意義!
བརྩེ་བའི་ཐ་མ་འཁོན་པར་གྱུར་པའི་ཚེ། །
情愛之後懷恨時,
དུང་བ་ཐམས་ཅད་ཟུག་རྔུ་ཡིན་ནམ་དྲན། །
認為所愛是刺痛,
སྐྱེས་པ་ཐམས་ཅད་རྒས་པར་གྱུར་བའི་ཚེ། །
當所成年衰老時,
དར་བའི་ལང་ཚོ་རྫུན་མ་ཡིན་ནམ་སྙམ། །
青春韶華疑假相!
བསགས་པ་ཐམས་འཛད་པར་གྲུར་པའི་ཚེ། །
所積錢財耗盡時,
སེར་སྣས་བསགས་པ་ཕན་མེད་ཡིན་ནམ་དྲན། །
認為累積縱無用,
འདུས་པ་ཐམས་ཅད་བྲལ་བར་གྱུར་པའི་ཚེ། །
一切聚集離係時,
དགའ་འཛོམས་བགོད་སྒྲ་ཆོ་མེད་ཡིན་ནམ་དྲན། །
共享聚笑是荒唐!
བྱས་པ་ངལ་བ་དོན་མེད་ཡིན་འདུག་པས། །
作事勞累無意義,
བྱར་མེད་ཅོག་བཞག་ངང་དུ་འབྱམས་པ་དང་། །
無作造究竟狀態,
དྲན་འཁྲུལ་རེ་དོགས་གཡང་སར་མི་འཆོང་བར། །
勿跳入錯亂深淵,
ཞེ་འདོད་བློ་ཡི་སྤྲོས་པ་བོར་ལ་ཐོངས། །
捨棄心中諸戲論!
རྟོག་དཔྱོད་མ་མང་རང་ངོ་རང་གིས་འཚོས། །
無需伺察悟自性,
རེ་དོགས་མ་ཆེ་བྱར་མེད་ངང་དུ་ཞོག །
無顧慮不用造作,
བཅས་བཅོས་མ་བྱེད་གང་ཤར་ངོ་བོ་སྐྱོངས། །
無修改保持自性!
—- སྐལ་བཟང་ཉི་མས། ༣-༡༢-༢༠༡༩།
尊貴的堪布 格桑尼瑪 仁波切
書於2019年12月3日