莫讓無價值

ཡུན་ཐུང་མི་ཚེའི་འཚོ་བ། །
人生生存短暫,
ལྟོ་གོས་ལས་ལ་གཡེངས་ནས། །
徘徊衣食工作;
དམ་ཆོས་ཉམས་ལེན་བསམ་ཡང་། །
希望修持正法,
ཁོམ་པའི་དུས་སྐབས་མི་འདུག །
卻無閒暇之時!

དུས་ཀྱིས་སྒུག་པ་མི་འདུག །
時間不會等待,
ཚེ་ལ་སྣོན་པ་མི་འདུག །
生命也無增添;
འཆི་ལ་ཇེ་ཉེར་གྱུར་ཀྱང་། །
死亡越近變遷,
ལས་ཀ་རྫོགས་རྒྱུ་མི་འདུག །
工作也無窮盡!

བྱས་བྱས་སྡིག་པའི་འབྲས་བུ། །
製造罪惡果報,
ཕྱི་མར་ངན་སོང་སྡུག་བསྔལ། །
後世惡道之苦;
བཟོད་མེད་རང་ལ་སྨིན་དུས། །
難忍自身成熟,
འགྱོད་ཀྱང་བཅོས་ཐབས་མི་འདུག །
遺憾也無療效!

ད་ལྟ་རང་དབང་ཡོད་དུས། །
現在自由之時,
རྣམ་དཀར་ལས་བརྩོན་ནས། །
努力行持善事;
དལ་འབྱོར་སྙིང་པོ་ལོན་ན། །
暇滿精髓信息,
འདི་ཕྱི་དོན་ཆེན་དེ་ཡིན། །
現在未來大事!

སྐལ་བཟང་ཉི་མས། ༢༠༡༧། ༡༡།༣
尊貴的堪布 格桑尼瑪 仁波切 2017年11月3日

About Author