མིང་ཐོབ་ཆེ་ཆེ་ལྟར་སྣང་ཡང་། །
相似極大名聲,
ཐུགས་སེམས་ཆུང་ཆུང་དུ་འདུག་པས། །
居然極小心地;
རྙོག་འཛིང་དཀའ་ངལ་རང་མ་ཞུ། །
不要製造煩困,
ཐུགས་ཀྱིས་ལྕོགས་ས་ནི་མ་རེད།
不是精神能及!

སྟོབས་འབྱོར་ཆེ་ཆེ་ལྟར་སྣང་། །
顯得財富萬貫,
གཏོང་ཕོད་ཆུང་ཆུང་དུ་འདུག་པས། །
居然極小好施;
ཟ་ཆེ་སྤྱོད་མང་ལ་མ་རྔམས། །
所吃高度過飽,
སེར་སྣས་གཏོང་ས་ནི་མ་རེད། །
卻不發放布施!

འཛུམ་མདང་ཆེ་ཆེ་ལྟར་སྣང་ཡང་། །
雖然笑容满面,
སེམས་ཁུངས་དོག་དོག་དུ་འདུག་པས། །
居然心胸狹窄;
ཅི་དྲན་གང་དྲན་དེ་མ་བཤད། །
勿談心想理念,
ཕོག་ཐུག་ཤོར་ཆོག་རང་འདུག་གོ །
容易激怒他人!

བརྩེ་བ་ཆེ་ཆེ་ལྟར་སྣང་ཡང་། །
看似情意纏綿,
འགྱུར་བ་སླ་སླ་རུ་འདུག་པས། །
居然容易變遷;
གང་བྱུང་འགྲོགས་འདྲིས་དེ་མ་མང་། །
無論關係多深,
དགྲ་རུ་འགྱུར་ཆོག་ཏུ་འདུག་གོ །
最終變成冤敵!

དགའ་ཉེ་མཐུན་མཐུན་ལྟར་སྣང་ཡང་། །
雖似親友相諧,
ཕན་སེམས་ཆུང་ཆུང་དུ་འདུག་པས། །
居然嫉妒心重;
དགོས་ཚད་རེ་བ་དེ་མ་ཆེ། །
勿求所需甚多,
ཕན་གྲོགས་ཐུབ་ཐབས་རང་དཀའ་འོང་། །
友助克服困難!

སྒྱུ་ལུས་བདེ་བདེ་ལྟར་སྣང་ཡང་། །
相似幻身康寧,
མི་རྟག་མྱུར་མྱུར་དུ་འདུག་པས། །
无常很快降臨;
ཡུན་རིང་འདུག་གྲབ་རང་མ་བྱེད། །
勿要長遠預備,
ཕྱི་མར་ཆས་དགོས་སུ་འདུག་གོ །
最終必往後世!

ལྷན་འཛོམས་སྐྱིད་སྐྱིད་ལྟར་སྣང་། །
雖然相聚快樂,
འབྲལ་དགོས་ཟློག་ཐབས་ནི་མི་འདུག །
難免製止分開;
ཞེན་ཆགས་བརྩེ་དུངས་དེ་མ་ཆེ། །
勿太貪戀痛愛,
ཟུག་རྔུ་བཟོད་ས་ནི་མ་རེད། །
承受不了刺痛!

བཤད་དུས་བདེ་བདེ་ལྟར་སྣང་ཡང་། །
雖然討論快樂,
ལས་དུ་དཀའ་དཀའ་འདྲ་འདུག་པས། །
但是行事困難;
དྲན་ཚད་འགྲུབ་ཐབས་ལ་མ་རེ། །
不要希求所願,
མི་ཐེག་ཁུར་ཆེན་གྱིས་མནན་ཡོང་། །
會被負荷壓扁!

ཀློག་དུས་སྙན་སྙན་ལྟར་སྣང་ཡང་། །
誦經格外悦耳,
ཉམས་ལེན་དཀའ་དཀའ་འདྲ་འདུག་པས། །
居然实修困難;
མཐོ་བསྙབ་ལྟ་བ་ལ་མ་བྲེལ། །
勿急高法教義,
ལག་ལེན་འཁྱོལ་ས་ནི་མ་རེད། །
未能完成實修!

ལྟ་བ་མཐོ་མཐོ་ལྟར་སྣང་ཡང་། །
看似見解甚高,
འཛིན་པ་ཆེ་ཆེ་རུ་འདུག་པས། །
居然很大執著;
འདོད་ཡོན་ལམ་ཁྱེར་དེ་མ་སྔ། །
勿將妙慾作道,
ཉེས་པས་གཏོང་ས་ནི་མ་རེད། །
不能治療罪孽!

དྲོད་རྟགས་བཟང་བཟང་ལྟར་སྣང་ཡང་། །
相似成就不錯,
ཉམས་མྱོང་ཞན་ཞན་དུ་འདུག་པས། །
居然體悟下差;
ལྷ་མཐོང་འདྲེ་མཐོང་རང་མ་བཤད། །
不談神通鬼道,
མངོན་ཞེན་བར་ཆད་ཀྱིས་ཁྱེར་ཡོང་། །
帶來貪執魔難!

ཐོས་རྒྱ་ཆེ་ཆེ་ལྟར་སྣང་ཡང་། །
顯相見聞廣博,
རང་རྒྱུད་གྱོང་གྱོང་རང་འདུག་པས། །
自相續卻僵硬;
ང་མཁས་ང་བཟང་རང་མ་བཤད། །
勿自崇卓越者,
ལག་སྟོང་ལོག་ཉེན་དུ་འདུག་གོ །
遣回赤貧危險!

སྒོམ་པ་བཟང་བཟང་ལྟར་སྣང་ཡང་། །
修行格外順利,
སྒོམ་རྩལ་འབྱོངས་བ་ནི་དཀའ་བས། །
難獲實修技巧;
རྐྱེན་ངན་ལམ་ཁྱེར་དེ་མེད་ན། །
無能逆緣轉道,
བདེ་གསལ་ཉམས་སྣང་དེས་བསླུ་ཡོང་། །
會被樂明迷惑!

བྲེལ་ཟིང་སྤྱི་ཚོགས་ཀྱི་ཁྲོད་ན། །
從繁忙社會中,
སྣ་ཚོགས་སྣང་བ་ལ་གཡེངས་བའི། །
各其幻覺散亂;
སེམས་སྨྱོན་ལིང་ལིང་དུ་གཡོ་བས། །
心狂比較浮動,
སེམས་རྩ་ལྷོད་ལྷོད་རང་མི་འདུག །
未自放鬆心情!

ཉིན་མོ་ལས་ཀ་ལ་བྲེལ་ཞིང་། །
白晝忙碌工作,
མཚན་མོ་དྲྭ་ལམ་ལ་གཡེངས་བས། །
夜晚徘徊網絡;
ལུས་སེམས་ནུས་པ་ཀུན་ཟད་ནས། །
消耗身心精力,
སེམས་པ་ཐང་ཐང་རང་མི་འདུག །
未自健康心思!

མཐོང་ཚད་པར་བརྙན་རེ་བཏབས་ཏེ། །
選看到所圖像,
དྲན་ཚད་དྲྭ་ལམ་དུ་བཀོད་ནས། །
想展示網絡上;
དོན་མེད་རེ་དོགས་ལ་གཡེངས་བས། །
怕分心無意義,
དོན་ཆེན་སྣང་མེད་དུ་ཤོར་འདུག །
會忽略重要事!

དགོས་མེད་གཞན་ཟེར་ལ་རྒྱུགས་པས། །
別說徒勞賽跑,
དགོས་པ་རང་འགན་དེ་མ་འགྲུབ། །
未真實負责任;
སྟོང་བསམ་འཇའ་རྗེས་སུ་སོང་བས། །
幻想跟蹤彩虹,
སེམས་ལ་དྲོ་སྐྱིད་ཅིག་མི་གདའ། །
心中沒有快樂!

ཉམས་ཆུང་ཚུལ་མཐུན་གྱི་ངང་ནས། །
從內適度平淡,
གུ་ཡངས་ཆོག་ཤེས་ཀྱི་འཚོ་བར། །
寬鬆知足生活;
འགྲུབ་ངེས་བྱ་བ་ལ་བརྩོན་ན། །
努力定成事業,
བློ་བདེ་བག་ཕེབས་ཞིག་འཐོབ་ངེས། །
達到心情舒暢!

གང་ཤེས་རང་རྒྱུད་ལ་སྦྱར་ནས། །
最好合自相續,
ཀུན་ལ་དག་སྣང་གི་མིག་ཕྱེས། །
眼見到處淨相;
འགྲོ་ལ་བྱང་སེམས་ཀྱིས་ཁྱབ་པའི། །
凡有情生菩提,
མངོན་ཆུང་ཆོད་ཆེ་ལ་བརྩོན་དགོས། །
努力效益淨善!

སྐལ་བཟང་ཉི་མས། ༨-༧-༢༠༡༨།
書於2018年7月8日
尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago