開示

諸心非心(上)

ད་ཁ་ཚང་ང་རང་ཚོའི་ཆོས་ཐམས་ཅད་རང་སྣང་གི་ངོ་བོ་སྟོང་པ་ཡིན་པ། དོན་དམ་གནས་ལུགས་ཀྱི་དབང་དུ་བྱེད་པ་ཡིན་ན་ཆོས་ཐམས་ཅད་ཀྱི་རང་སྣང་གི་ངོ་བོ་སྟོང་པ་ཡིན་པའི་སྐོར་དེ་སངས་རྒྱས་ཀྱི་བཀའ་བར་པ་མཚན་ཉིད་མེད་པའི་དགོངས་དོན་གཞིར་བཞག་བྱེད་ནས་བཤད་ཡོད་རེད། ད་དེའི་རྗེས་ལ་དེ་ནས་སངས་རྒྱས་ཀྱིས་བཀའ་ཐ་མ་ཡི་ཆོས་སྐོར་སྐབས་ལ་སེམས་ནི་སེམས་མ་མཆིས་སྟེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་འདི་འདྲ་གསུངས་ཡོད་རེད། དེ་ཡི་དོན་དག་གང་རེད་ཟེར་ན་སེམས་ནི་སེམས་མ་མཆིས་སྟེ་ཟེར་བའི་གནས་སྐབས་སུ་ང་ཚོའི་སོ་སོའི་སྐྱེ་བོའི་བློ་ཡི་ཡུལ་དུ་གྱུར་པའི་ཀུན་རྫོབ་ཀྱི་ཆོས་དེ་དག་ཐམས་ཅད་རང་རང་གི་ངོ་བོ་སྟོང་འགྲོ་བའི་རྒྱུ་མཚན་གྱི་སྒོ་ནས་སེམས་ནི་སེམས་མ་མཆིས་ཞེས་བཀའ་བར་པ་སྐབས་དེ་ན་གསུངས། ཡིན་ན་ཡང་གང་ཡང་མེད་པ་རེད་དམ་ཟེར་ན། སེམས་ཀྱི་གནས་ལུགས་འོག་གསལ་བ་དེ་ཁོ་རང་གི་ངོ་བོ་སྟོང་གི་མ་རེད་ཟེར་ཡ་གཅིག་གསུངས་ཡོད་རེད།
昨天,我們講到一切萬法顯現的本體就是空性,從勝義實相的層面講,有關一切萬法顯現的本體就是空性的道理,是以佛陀在第二轉無相法輪的意趣作為基礎而闡述的。此後,佛陀在轉第三轉法輪的時候宣講:“ 心實無有,自性光明”。這是什麼意思呢?說“心實無有” 的時候,我們凡夫眾生心識的對境,也即這一切世俗萬法自己的本體就是空性。因此,便說“心實無有”。這也是第二轉法輪的最終宗旨。 那麼是不是什麼都不存在呢?佛說:也不是,心之實相光明的本體不是空性。

དེ་རྒྱུ་མཚན་ག་རེ་རེད་ཟེར་ན་ང་ཚོ་ད་ལྟ་ཀུན་རྫོབ་ཀྱི་སྣང་བ་དེ་དག་ཐམས་ཅད་རྒྱུ་མ་རིག་པ་དང་ལས་དང་ཉོན་མོངས་པའི་བག་ཆགས་ལ་བརྟེན་ནས་བྱུང་ཡོང་བ་དེ་དཔེར་ན་རྨི་ལམ་གྱི་སྣང་བ་ནང་བཞིན་ཞིག་ཆགས་ཡོད་རེད། ད་དེ་དཔེར་ན་སེམས་ཀྱི་རང་བཞིན་འོད་གསལ་བ་ཟེར་བ་དེ་བདེ་བར་གཤེགས་པའི་སྙིང་པོ་དེ་ལ་ཟེར་གྱི་ཡོད་རེད། དེ་ལ་དཔེ་མཚོན་གང་འདྲ་བཞག་གི་རེད་ཟེར་དུས་དཔེར་ན་སེམས་ཀྱི་རང་བཞིན་དེ་ནམ་མཁའ་ལ་དཔེ་བཞག གློ་བུར་གྱི་ང་ཚོ་ད་ལྟ་སྣང་བ་སྣ་ཚོགས་པ་དེ་སྤྲིན་པ་ལ་དཔེ་བཞག་གི་ཡོད་རེད། དེ་ནས་དཔེ་སྤྲིན་པ་འཁྲིགས། ཆར་སྤྲིན་འཁྲིགས། ཆར་པ་བབ། དེ་ནས་ཉི་མ་དང་ཟླ་བ་ཡི་འོད་རྩ་བ་ནས་མེད་པ་འདི་འདྲའི་ད་ཆར་སྤྲིན་གྱི་མུན་ནག་ཤུགས་ཆེན་པོ་འཁྲིགས་བསྡད་པ་ནང་བཞིན་ང་ཚོ་ད་ལྟ་འདོད་ཆགས་ཞེ་སྡང་གཏི་མུག་དེ་ནས་དགེ་མི་དགེ་ཡི་ལས་སྣ་ཚོགས་པ་དེ་ཡིས་སྒྲིབ་ནས་སྡད་དེ་ཡོད་རེད།
為什麼呢?我們現在(眼前)所顯現的這些世俗萬法,是以無明、業、煩惱習氣作為因而產生的。就像是夢中的景像一樣。而這裡講心的“自性光明”指的是如來藏。如來藏是如何作比喻的呢?心的自性比喻為天空;我們(眼前)所顯現的都是暫時的現象,比喻為烏雲;這樣作為比喻烏雲遮住天空,密布雲集降下傾盆大雨,然後徹底遮蔽了太陽或月亮的光芒。同樣的道理,就像烏雲密布籠罩大地一樣,我們現在被貪慾、瞋恨、愚痴、善、不善等,各種各樣的業和煩惱蒙蔽了自己,不見自性光明。

འདི་འདྲའི་ཆར་སྤྲིན་འཁྲིགས་ནས་སོ་སོ་ཀྱི་སྣ་ལ་མི་གཅིག་གིས་འདི་འདྲ་ཟིན་ཡོང་ན་ཧ་མི་གོ་བ་འདི་འདྲའི་ཆར་སྤྲིན་འཁྲིགས། གློག་གི་འོད་རྩ་བ་ཉིད་ནས་མེད་པའི་གནས་སྐབས་ལ་ཡང་ནམ་མཁའ་ཁོ་རང་གི་རང་བཞིན་ལ་དང་པོ་གང་འདྲ་ཡོད་པ་ལ་འགྱུར་བ་རྩ་ནས་ཡོད་མ་རེད། (དཔེ།) འདི་འདྲའི་ཆར་སྤྲིན་འཁྲིགས་སྡད་པའི་སྐབས་ལ་ཡང་ནམ་མཁའི་རང་བཞིན་དེ་འགྱུར་བ་རྩ་བ་ནས་ཡོད་མ་རེད། ནམ་མཁའ་ཁོ་རང་གི་གནས་སྟངས་ག་རེ་ཡོད་པ་དེ་ལ་འགྱུར་བ་རྩ་བ་ནས་ཡོད་མ་རེད། ཆར་པ་འཁྲིགས་ན་ནམ་མཁའ་སྡུག་ཅག་ཆགས་འགྲོ་ཡ་དང་བབ་ན་བཟང་འགྲོ་ཡ་འདི་འདྲའི་འགྱུར་བ་ཡོད་མ་རེད། (དཔེ་འདི་དེ་རེད་བ་) ད་འདི་གཙོ་བོ་སངས་རྒྱས་ཀྱི་མདོ་ཡི་སྐབས་ནས་ཆོས་གསུངས་སྟངས་འདི་འདྲ་ཆགས་སྡད་ཡོད་རེད།
在這樣黑黢黢的烏雲籠罩一切之情況下,即使別人凖備用手抓自己的鼻子,也發現不了任何動靜。當遮蔽所有光源在一片黑壓壓下,天空它自己的自性也不會有任何改變;(比喻)烏雲密布之當下,天空的本質沒有一絲絲之變化;天空它自己的本來面目不會有任何之改變。密布之烏雲不會讓天空的本質變得黑暗;滂沱大雨不會讓天空的本質變得更為湛藍,不會因這樣而改變。(這是比喻)佛陀在有關經典中是這樣作比喻而說法的。

ད་དེ་ལས་ཡར་མཐོ་ཡོང་དུས་དེ་ནས་གསང་སྔགས་ཀྱི་སྐབས་ལ་སླེབ་ཡོང་། གསང་སྔགས་རྡོ་རྗེ་ཐེག་པའི་སྐབས་ལ་དེ་ནས་ལུས་ནང་གི་གནས་ལུགས་དང་སེམས་ནང་གི་གནས་ལུགས་ལུས་སེམས་གཉིས་ཀྱི་ཐོག་ནས་བཤད་ཡོང་གི་ཡོད་རེད། དེ་ནས་ད་ལུས་ནང་གི་བདག་ཉིད་ལ་དེ་ནས་རྩ་དང་རླུང་དང་ཐིག་ལེ་ལ་སོགས་པའི་གནས་ཚུལ་དེ་བཤད་ཡོད་རེད། དེ་ནས་སེམས་ནང་གི་བདག་ཉིད་བཤད་ཡོང་པའི་སྐབས་སུ་མདོ་ཡི་སྐབས་དང་མ་འདྲ་བ་གསར་པ་དེ་ལ་དེ་ནས་ཡེ་ཤེས་ལྔ་ལ་སོགས་པ་དེ་བཤད་ཡོང་གི་ཡོད་རེད། དེ་ནས་ལུས་ནང་གི་བདག་ཉིད་རྩ་དང་རླུང་དང་ཐིག་ལེ་རང་བཞིན་བཤད་ཡོང་དུས་དེ་ནས་སྐུ་སངས་རྒྱས་ཀྱི་སྐུ་དང་དེ་ནས་གསུང་དང་དེ་ནས་ཞིང་ཁམས་ལ་སོགས་པ་དེ་ཚོ་བཤད་ཡོང་གི་ཡོད་རེད། འདི་འདྲ་ཡིན་དུས་ད་སྔགས་ཀྱི་ལུགས་ལ་དེ་ནས་སྐུ་བཞི་དང་མདོར་ན་ཡེ་ཤེས་ལྔ་ལ་སོགས་པ་ཚང་མ་སེམས་ཀྱི་གནས་ལུགས་ཁོ་རང་ལ་དང་པོ་ནས་ཡོད་པ་གཞི་ཡི་གནས་ལུགས་ལ་དང་པོ་ནས་ཡོད་པ་འདི་འདྲ་བཤད་ཀྱི་ཡོད་རེད། དེ་ནས་ད་དེའི་སྐབས་ཀྱི་རྩ་ཧ་ཅང་གི་ཡེ་ཤེས་ཀྱི་རྩ་ཡེ་ཤེས་ཀྱི་རླུང་ཡེ་ཤེས་ཀྱི་ཐིག་ལེ་ལ་སོགས་པ་དེ་ཚོ་ད་ལྟ་ང་ཚོའི་གཟུགས་པོ་རང་གི་རྩ་དང་རླུང་དེ་རང་མ་ཡིན་པ་དེ་ཡི་གནས་ལུགས་འགྱུར་བ་མེད་པ་མི་ཤིགས་པ་འདི་འདྲའི་ཐོག་ནས་འཤད་ཡོད་རེད།
想達到比這更高的境界,就要進入密宗的修行境界。講密宗金剛乘的時候,是着重以身的實相和心的實相—— 身心兩者的實相方面來做闡述的。在身的本質實相方面,着重講述了風脈明點等等的自性;然後在講心的本質實相的時候,有別於顯宗經論當中的論述,在此之上講了五智慧的道理。宣講身的本質——— 風脈明點的時候,主要講身是佛身,語是佛語,以及外境是佛國淨土等等的思維。在密宗的觀點裡講述了四身以及五智慧等在心的實相上本身具備,基於實相上本來就具有的功德。也即當時(凡夫位)的脈是智慧的脈,风是智慧的風、明點是智慧的明點等等。不同於現在我們身體裡的風脈明點,它們是永遠不變、不可摧毀的實相真理。

待續

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago