開示

諸心非心(下)

རྒྱུ་མཚན་དེ་འདྲ་ཡིན་ཙང་དེ་ནས་གསང་སྔགས་ཀྱི་ལུགས་ལ་སྐུ་དང་ཞིང་ཁམས་ལ་སོགས་པའི་བསྐྱེད་རིམ་མང་པོ་ཅིག་བསྒོམ་དགོས་ཡ་དེ་གནས་ཚུལ་འདི་འདྲ་ལ་བརྟེན་ནས་ཆགས་ཡོང་གི་ཡོད་རེད། དེ་ནས་མདོ་ཡི་ལུགས་ལ་གཙོ་བོ་དེ་སེམས་ལ་གནད་དུ་བསྣུན་ནས་སེམས་ཀྱི་གནས་ལུགས་རང་གཙོ་བོ་གནད་དུ་བསྣུན་ནས་སྒོམ་རྒྱག་ཡ་དེ་ཚོ་མདོ་ལུགས་ལ་གཙོ་བོ་སེམས་ལ་གནད་དུ་བསྣུན་ནས་སེམས་ཁོ་རང་ལ་བསྒྱུར་བཅོས་གཏོང་ཡ་བསམ་བློ་གཙོ་བོ་དེ་གཏོང་གི་ཡོད་རེད། གསང་སྔགས་ལ་དེ་དང་མ་འདྲ་བ་གཙོ་བོ་ལུས་ཀྱི་གནས་ལུགས་ལ་གནད་དུ་བསྣུན་ནས་བསྒོམ་ཡ་དེ་གསང་སྔགས་ཀྱི་ཐབས་ཁྱད་པར་དུ་འཕགས་པ་ཆགས་ཀྱི་ཡོད་རེད། ད་དེ་སྤྱིར་བཏང་སངས་རྒྱས་ཀྱིས་ཆོས་གསུངས་པའི་བཀའ་བར་པ་དང་བཀའ་ཐ་མ་དང་རྡོ་རྗེ་ཐེག་པའི་སྐབས་ནས་རིམ་པ་འདྲ་བསྟན་སྟངས་ཧ་ལམ་ངོ་སྤྲོད་འདྲ་བོ་དེ་རེད། ཡིན་ན་ཡང་ད་གསང་སྔགས་ཀྱི་ཉམས་ལེན་བྱེད་ཡ་ལ་དང་པོ་བཀའ་བར་པའི་སྐབས་ནས་གསུངས་བཞག་པའི་སྟོང་པ་ཉིད་ཀྱི་དོན་དག་ཧ་མ་གོ་ན་གསང་སྔགས་ཀྱི་ཉམས་ལེན་ཡོང་ཡ་དཀའ་ལས་ཁག་པོ་རེད།
因此,由於這種情況,在密宗裡有着很多觀想本尊和佛國淨土等生起次第的修法。然而在顯宗的經典裡,以心的實相為重點,着重於修煉心,發掘心的實相真理,進而改造心的修行為核心思想。而密宗有別於此,加上修煉身的實相,這也就构成了密宗特有的善巧方法。一般而言,這些就是佛陀第二轉法輪和第三轉法輪,以及宣講密宗金剛乘時敘述的各種不同層次的修行境界,并且我也在這裡做了一點簡要的介紹。不過,想要修行密宗的實修,前提條件是必須要領悟第二轉法輪的空性教義。領悟不到這一點,密宗的修行就會顯得困難重重,難以實現。

དེ་ནས་དཔེར་ན་ད་ང་ཚོས་ལྷ་སྒོམ་གྱི་ཡོད་རེད་པ། ལྷ་སྒོམ་ ཞིང་ཁམས་སྒོམ་དེ་སྒོམ་ཡ་དེ་གཙོ་བོ་ལྷ་དང་ཞིང་ཁམས་མ་སྒོམ་གྱི་སྔོན་ལ་ཆོས་ཐམས་ཅད་སྟོང་པ་ཉིད་དུ་འགྱུར་ ཨོཾ་སྭབྷཱ་ཝ་ཤུདྡྷ་སརྦ་དྷརྨཱ་སྭ་བྷ་ཝ་ཤུདྡྷོཉཧཾ་ འདི་འདྲའི་ཆོས་ཐམས་ཅད་དང་པོ་ཉིད་དུ་སྟོང་པ་ཉིད་དུ་མ་སྦྱངས་པ་ལ་ལྷ་སྒོམ་ཡ་ཡོད་མ་རེད། ( ཡི་དམ། ) འདི་འདྲའི་སྟོང་པ་ཉིད་དུ་འགྱུར་ཟེར་བའི་གནས་སྐབས་སུ་སྟོང་པ་ཉིད་ཟེར་ཡ་དེ་དང་པོ་བུམ་པ་ཅིག་གྲུབ་བསྡད་ཡོད་པ་དེ་ཐོ་བས་བཅག་ནས་མེད་པ་བཟོས་སོང་པ་འདྲ་བོ་ཅིག་འདི་འདྲའི་བསམ་བློ་ཅིག་བཏང་། སྟོང་པ་ཉིད་སྒོམ་ན་སྟོང་པ་ཉིད་ཡང་དག་པ་ཅིག་ཆགས་ཀྱི་ཡོད་མ་རེད། འདི་འདྲ་བྱེད་དུས་ད་སྟོང་པ་ཉིད་དུ་འགྱུར་ ཁ་ཙང་ཉི་མ་མང་པོ་ལ་ང་ཚོ་སྟོང་པ་ཉིད་ཁོ་རང་སྟོང་པ་ཡིན་པའི་ཡིན་སྟངས་རིག་པས་དཔྱད་ན་དང་པོ་ནས་ཁོ་རང་གྲུབ་ཀྱི་མེད་པའི་མེད་སྟངས་འདི་འདྲ་རྒྱུ་མཚན་ཤེས་ནས་དེ་ཡི་དོན་དག་ལ་དེ་ནས་བསམ་བློ་བཏང་ཡ་རེད་མ་གཏོགས་པ་སྟོང་པ་ཉིད་རེད་དང་པོ་ཡོད་སྡད་པ་ཅིག་བྱས་ལམ་སང་ཅིག་ལ་མེད་སོང་པ་འདི་འདྲ་བསམ་བློ་བཏང་ན་འགྲིག་གི་ཡོད་མ་རེད།
比如說,當我們觀修本尊在觀想佛國淨土時,在觀修(本尊和淨土)之前要念“嗡索巴瓦秀達薩瓦達瑪索巴瓦秀朵杭” ,把萬法觀想為空性。如果沒有把一切萬法觀想為空性,就絕不能觀想佛。(本尊)這樣,在這裡說一切萬法觀想為空性時的所謂“空性”,并不是像眼前有一個瓶子突然用錘子砸掉,變成一無所有的空無那樣。這樣的觀想方法或思維去修持之空性而不是真正的空性。這裡所講到的空性,我們在過去很多天裡講過如何用邏輯思維能力去理解空性的道理。通過這種能力就能了解到一切萬法本來就沒有實質的自性之空性意義。除了這種思維認識以外,不能把一切萬法當作本來就存在,然後突然變得空無一物的這種空性,這種想法是錯誤的。

དེ་ནས་ད་ང་ཚོས་ལྷ་སྒོམ་དགོས་ཀྱི་ཡོད་རེད་ཞིང་ཁམས་སྒོམ་དགོས་ཀྱི་ཡོད་རེད། དེའི་རྗེས་ལ་སྟོང་པ་ཉིད་ཀྱི་ངང་ནས་ད་ལྷ་དང་ཞིང་ཁམས་སྒོམ་གྱི་རེད་བ། དེ་སྒོམ་དགོས་ཡ་དགོས་པ་རྒྱུ་མཚན་གང་རེད་ཟེར་ན་ང་ཚོ་ལ་སེམས་ཀྱི་ཐོག་ལ་མ་དག་པའི་སྣང་བ་དཔེ་སྒྲིབ་པ་ཤུགས་ཆེན་པོ་ཡོད་རེད། མ་དག་པའི་སྣང་བ་སྦྱང་ཡ་ཆེད་དུ་དང་པོ་སྐུ་དང་ཡེ་ཤེས་སྒོམ་དགོས་ཀྱི་ཡོད་རེད། ང་ཚོ་ལ་མ་དག་པའི་སྣང་བ་ མ་དག་པ་འདི་འགྲིག་མིན་འདུག་ འདི་ཡག་པོ་མིན་འདུག་འདི་མཛེས་པོ་མིན་འདུག་ཟེར་ཡ་མ་དག་པ་མ་དག་པའི་སྣང་བ་རེད་བ་ དེ་ཕར་སྦྱང་ཡ་དེ་དག་པ་བཟོ་ཡ་ཆེད་དུ་དེ་ནས་སྐུ་དང་ཞིང་ཁམས་ལ་སོགས་པ་དག་པའི་སྣང་བ་སྒོམ་དགོས་ཀྱི་ཡོད་རེད། ད་སྟོང་པ་ཉིད་ཀྱི་དོན་དག་ཧ་མ་གོ་བར་ལྷ་སྒོམ་ན་གང་འདྲ་ཆགས་འགྲོ་ཀྱི་རེད་ཟེར་དུ་ ང་རང་ལྷ་ཡིན་བསམ་དུས་ང་ཚོ་ད་ལྟ་འདུས་བྱས་ཀྱི་ཤ་ཁྲག་རང་བཞིན་གྲུབ་སྡད་པའི་ལྷ་གཅིག། དེ་ཡང་ང་ཚོ་དངོས་པོ་གྲུབ་སྡད་པ་ཞིག་སྒོམ་ཡོད་པ་ཡིན་ན་དེ་ཉེན་ཁ་ཆེན་པོ་རེད།
了悟了這種空性之後,我們才能正確觀想本尊及觀想淨土。一定要在這樣的空性境界中才能觀修本尊及觀修淨土。為什麼要觀修本尊和淨土呢?這又有什麼必要?無始以來,我們就有着不清淨顯現的嚴重垢障。為了淨除這些不清淨的顯現,首先就要觀修本尊和智慧淨土。我們所不清淨的顯現—— 認為這不合理、那不好看、這不美麗等等的這些顯現屬於不清淨的範疇。為了使這些不清淨的顯現變得清淨,就要修持本尊和淨土等等的清淨顯現。不了解空性的道理而去修持本尊會發生什麼事情呢?當魯莽地認為自己就是佛本尊 —— 我們現在無常的五蘊之身構成的佛本尊時,就會觀成實質存在的本尊,這樣容易走火入魔極是危險。

འདི་འདྲའི་སྒོམ་བཞག་པ་ཡིན་ན་དེ་ནས་རྗེས་མ་ང་ཚོའི་འདྲེ་དང་སྲིན་པོ་ལ་སོགས་པའི་ལུས་ལ་སྐྱེ་འགྲོ་ཡ་ཉེན་ཁ་ཡོད་གསུངས་རེད། འཁོར་བ་ལས་ཐར་ཡ་ཚབ་ལ་དེ་ལ་བརྟེན་ནས་འདྲེ་དང་གདོན་ལ་སོགས་པ་འདི་འདྲའི་སྐྱེ་འགྲོ་ཡ་ལས་ཆགས་ཀྱི་ཡོད་རེད། གང་ཡིན་ཟེར་ན་དང་པོ་རང་གི་གཟུགས་པོ་ལ་ཞེན་པ་དང་ཆགས་པ་ཡོད་པའི་སྟེང་ལ་དེ་ནས་ད་དུང་ལྷ་ཟེར་ཡ་ཞིག་རང་བཞིན་གྱིས་གྲུབ་སྡད་པ་ཅིག་ཡོད་བསམ་པའི་ཞེན་ཆགས་ཆེན་པོ་ཞིག་སྐྱེས་སོང་བ་རེད། འདི་འདྲའི་ལྷའི་སྣང་བ་ཞེན་པ་ལྡོག་པའི་ཆེད་དུ་ལ་དེ་ནས་ཡི་དམ་གྱི་ལྷ་སྒོམ་ཚར་བའི་རྗེས་ལ་ལམ་སང་ཞིང་ཁམས་དེ་ཚོ་ཚུར་སྐུ་ལ་བསྡུས། སྐུ་དེ་ཡང་ཐུགས་ཀ་ཡི་སྲོག་ཚུར་ཧཱུ༔་ལ་བསྡུས་ ཧཱུ༔་དེ་ཡང་རིམ་པ་བཞིན་དུ་ཕར་ཡལ་ནས་དེ་ནས་རྫོགས་རིམ་ངང་ལ་སྟོང་ཉིད་ངང་ལ་མཉམ་པར་བཞག་ཡ་དེ་འདྲ་བྱེད་དགོས་ཀྱི་ཡོད་རེད།
前辈的高僧大德們說,這樣觀修之方式對來世很容易轉生為厲鬼惡魔等等極其危險。這樣不但不能擺脫輪迴反而造就了依靠錯誤的觀修方法,轉生為厲鬼惡魔等可惡眾生的業。為什麼會變成這樣呢?因為我們對原有自己的身體之執著,又添加了一個認為佛本尊自性實質存在的嚴重執著。 為了斷除這種對佛本尊的執著,在觀修本尊完畢之後,要立即觀想把外在的淨土攝於本尊,又把本尊融入心間的種子字哄( ཧཱུྃ );隨即把哄 ( ཧཱུྃ )字又依次化為烏有。在此之後就要在圓滿次第或者空性之中按住片刻。要這樣來觀修(本尊)。
ད་དོན་དག་ལ་ང་ཚོ་ཡི་དམ་གྱི་ལྷ་འདི་འདྲའི་སྒོམ་དུས་མེ་ལོང་ནང་གི་གཟུགས་བརྙན་ཆུ་ནང་གི་ཟླ་བ་ལྟར་དུ་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་ཅིག་སྒོམ་དགོས་ཀྱི་ཡོད་རེད། འོ་ད་འདི་འགྲོ་སྟངས་རྣམ་བཞག་འདྲ་བོ་འདི་འདྲ་ལྟ་ཤེས་ན་ཡག་པོ་ཡོད་རེད། དེང་སང་ད་མང་པོ་ཅིག་གིས་ལྷ་སྒོམ་ཡ་སྔགས་ཟླ་ཡ་ལ་དགའ་བོ་ཡོད་རེད། མདོར་ན་ད་ཆོས་ཉམས་ལེན་བྱེད་ཡ་དེ་བདག་ཏུ་འཛིན་དང་བདེན་པར་འཛིན་པ་དང་ཞེན་པ་དང་ཆགས་པའི་གཉེན་པོ་ལ་འགྲོ་ཐུབ་པ་ཅིག་དགོས་ཡ་དེ་གལ་ཆེན་པོ་རེད། འོ་ཡ་ད་མཚམས་དེ་ག་ཡིན།
總之,我們觀想本尊的時候,就要以這種“鏡中影像”、“水中的月影”之方式,觀成沒有任何實質的自性。關於觀想本尊方面,能理解這麼多就已經很好了。如今很多人都喜欢觀想本尊念誦咒語,歸根結底在修法時,所修的法要成為對治我執、實執、貪執、貪戀的利器,這是非常重要,好了!就說到這裡吧!

尊貴的堪布 格桑尼瑪 仁波切

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago