འགྱུར་མེད་དད་པ་བརྟན་དང་གཅིག
一有堅定不移信心,
ངེས་འབྱུང་རྩ་བ་ཚུགས་དང་གཉིས། །
二有出離心之根基,
ཐར་འདོད་འདུན་པ་ཟབ་དང་གསུམ། །
三有欲求解脱之心,
ཐར་པ་སྒྲུབ་ལ་མེད་ཐབས་མེད། །
想要解脱不可缺少!

བྱམས་བརྩེ་ཀུན་ལ་ཁྱབ་དང་གཅིག །
一普及一切慈悲心,
མ་རྣམས་བྱང་ཆེན་འདོད་དང་གཉིས། །
二視有情發菩提心,
ཆོས་ཉིད་གནས་ལུགས་རྟོགས་དང་གསུམ། །
三要了悟法性真如,
བྱང་ཆུབ་སྒྲུབ་ལ་མེད་ཐབས་མེད། །
想成菩提不可缺少!

ཆོས་ཉིད་ཡེ་ནས་སྟོང་དང་གཅིག །
一曉法性本來空性,
ཆོས་ཅན་དག་པར་ཤར་དང་གཉིས། །
二明萬法顯現清淨,
ཟུང་འཇུག་རང་གྲོལ་ཤེས་དང་གསུམ། །
三認識雙運自解脱,
ཟབ་གསང་སྔགས་ལ་མེད་ཐབས་མེད། །
甚深真言不可缺少!

དོན་གྱི་གནད་འགག་མ་གོ་ན། །
關鍵不知內在意義,
ལམ་གྱི་ནུས་པ་མི་སྨིན་ཞིང་། །
不成熟地道之功效,
ངལ་བ་འབྲས་མེད་འགྱུར་ངེས་པས། །
無疑換來勞累無果,
འོལ་ཚོད་ཧོལ་རྒྱུགས་མ་བྱེད་ཅིག །
勿估摸在盲修瞎煉!

བརྒྱུད་ལྡན་བླ་མ་དམ་པ་མཇོལ། །
朝拜傳承具德上師,
དབང་ཁྲིད་ངེས་ཤེས་འདྲོང་པ་ཞུས། །
請求信任灌頂教導,
ཉམས་ལེན་བཙན་ས་ཟིན་པ་གྱིས། །
執受險要撐握要點,
རང་དྲིན་རང་ལ་ཆེ་བ་འོང་། །
將自恩惠自之意義!


尊貴的堪布 格桑尼瑪 仁波切
書於2019年8月16日

Khenpo Kalsang Nyima

Share
Published by
Khenpo Kalsang Nyima

Recent Posts

金剛舞招生

金剛舞招生Collecting...

5 年 ago

放生活動花絮

農曆八月初一(9月17日)星期...

5 年 ago

知足乃無上之寶

ཆོག་མི་ཤེས་ལ་འག...

5 年 ago

去妄念

མ་ཡེངས་དྲན་པ་རྟ...

5 年 ago

心腹語

སྐྱེས་ནས་མ་ཤི་བ...

5 年 ago

恩惠難報

གནས་ངེས་མེད་རྒྱ...

5 年 ago