難過時為何不能多言?

སེམས་པ་ཆུང་ཆུང་གི་སྐབས་སུ།
每當心狹如針眼,
སྐད་ཆ་ཉོབ་ཉོབ་འདྲ་མ་བཤད། །
切勿多言淒淒語,
ཡིད་སེམས་སྐྱོ་བ་ཡི་སྟེང་ལ། །
難忍此心苦痛上,
ཡང་བསྐྱར་སྐྱོ་རོགས་འདྲ་ཡིན་འགྲོ །
又添幾多傷感愁。

སེམས་པ་ཕམ་པ་ཡི་སྐབས་སུ། །
每當此心淒涼時,
མ་བལྟས་མ་འཇོན་རབས་མ་བཤད། །
切勿多言是非論,
སྒལ་པ་རྨས་སྐྱོན་གྱི་སྟེང་ལ། །
猶如後背累傷痕,
རྡོག་རྫིས་བཏང་བ་དང་འདྲ་འགྲོ །
無故再得一腳踹。

གྱོང་གུད་ཚབས་ཆེན་གྱི་སྐབས་སུ། །
每當遭得囊空時,
བུ་ལོན་ད་ལྟ་དགོས་མ་ཟེར། །
切勿伸手索舊債,
ཡིད་ཕམ་རྨ་ཁ་ཡི་སྟེང་དུ། །
猶如一片傷口上,
ཚྭ་ཆུ་བྱུག་པ་དང་འདྲ་འགྲོ །
無因塗敷咸鹽水。

ཡིག་རྒྱུགས་མ་འཕྲོད་པའི་སྟེང་དུ། །
於此名落孫山時,
བཀའ་སྐྱོན་རྡུང་རྡེག་དེ་མ་གནང་། །
切勿隨意施謾罵,
སེམས་སྤོབས་ཉམ་ཆུང་གི་སྟེང་དུ། །
一落千丈谷底心,
སྟ་རེ་བཞུས་པ་དང་འདྲ་འགྲོ །
猶如妄打利斧頭。

དགའ་རོགས་ཁ་བྲལ་གྱི་སྐབས་སུ། །
兩心拳拳絕裂時,
ཟུར་ཟའི་འཕྱ་སྨོད་དེ་མ་བྱེད། །
切勿一旁拋刺眼,
ཚེ་སྲོག་ཆད་ལ་ཁད་དེ་ལ། །
命懸一根細絲上,
རལ་གྲི་ཚད་པ་དང་འདྲ་འགྲོ །
猶如霎時付一刀。

འགན་ཁུར་ལྕི་མོ་ཡི་མི་ལ། །
任重道遠孺子前,
འགན་མེད་མཐོ་གཏམ་དེ་མ་བཤད། །
切勿自負誇誇談,
རྙོག་འཛིང་ཁུར་པོ་ཡི་སྟེང་དུ། །
難釐復雜包袱上,
ལྕགས་རྡོ་བསྣན་པ་དང་འདྲ་འགྲོ །
猶如再加千斤球。

འུ་ཐུག་ཐབས་ཟད་ཀྱི་སྐབས་སུ། །
每當無可奈何時,
ཉེན་ཁའི་སྐད་ཆ་དེ་མ་བཤད། །
切勿多言是非語,
གཡང་གཟར་འགག་འཕྲང་གི་གནས་སུ། །
行將跨步陡崖邊,
ས་ཡོམ་སླེབས་པ་དང་འདྲ་འགྲོ །
猶如剎那地動搖。

ཤེས་ཚད་མུག་མུག་མ་བཤད། །
所知之事勿輕傳,
མཐོང་ཚད་ཆག་ཆག་མ་ལབ། །
目睹之事勿輕言,
དྲན་ཚད་སྡུག་སྡུག་མ་རྫོ། །
所有言思勿輕訴,
ཐོས་ཚད་སང་སང་མ་སྒྲོགས། །
一切耳聞勿輕信!

ཕན་སེམས་ལྷག་བསམ་གྱི་སྐད་ཆ། །
一時鏗鏘忠良語,
དངོས་ཡོད་གནས་ཚུལ་གྱི་བདེན་གཏམ། །
雖是千般肺腑言,
ཁམས་མོས་འབྲེལ་མེད་དུ་གྱུར་ཚེ། །
然則不識其用心,
འགལ་ཟླའི་རྩ་བ་རུ་འགྱུར་འགྲོ །
卻成自掘墳墓因!

ལས་སྣང་མ་འདྲ་བའི་དབང་གིས། །
只因多因多緣份,
དགའ་སྡུག་སེམས་ཚོར་དེ་མི་གཅིག ། །
心生不同哀樂愁,
དགའ་དུས་ཕན་གྲོགས་ཀྱི་སེམས་གཏམ། །
是故一時愉悅話,
སྡུག་དུས་སུན་འབྱིན་དུ་འགྱུར་སྲིད། །
亦成傷時傷情語。

གཞན་གྱི་ཁམས་མོས་དང་མཐུན་པའི། །
隨緣他人行方便,
རྣམ་འགྱུར་ཆུང་ཆུང་རེ་བསྟན་པས། །
面露快樂笑容時,
དགའ་བདེའི་ཚོར་བ་ཡིས་མི་ཚེར། །
歡喜之情溢滿心,
འགྱུར་བ་ཆེན་པོ་རེ་ཐེབ་འགྲོ །
亦能改變人一生。

རྗེས་ཟློས་ལད་མོ་ཡིས་མི་ཕན། །
一味模仿無效益,
དཔེ་ཐོག་བྲོ་རྡུང་གིས་མི་སྐྱོབ། །
紙上談兵亦無利,
དངོས་ཡོད་ཉམས་མྱོང་གི་སྐད་ཆས། །
一腔熱血知心語,
སེམས་ཤུགས་གསོན་པོ་རེ་སྦྱིན་ཡོང་། །
卻能賜予新活力!

ཡུལ་དུས་གནས་སྐབས་དང་འཚམས་ཤིང་། །
合宜時間與環境,
དགའ་མོས་འདོད་བློ་དང་མཐུན་པའི། །
氣通塵世之浮華,
ལྷག་བསམ་ལྷད་མེད་ཀྱི་བསླབ་བྱ། །
智慧方便雙運行,
ཐབས་ཤེས་ཟུང་འབྲེལ་དང་འགྲོགས་དགོས།
是吾滿腔忠言語。

སྐལ་བཟང་ཉི་མས། ༢༥-༨-༢༠༡༧།
尊貴的堪布 格桑尼瑪 仁波切 2017年8月25日

About Author