飛吧!

ལོ་དང་ཟླ་བ་ཞག་དང་ཟ་མ་ཆུ་ཚོད་དང་སྐར་ཆ་སྐད་གཅིག་ནས་སྐད་ཅིག་མ་ཡེངས་པར་འཕུར་ཡ།
日新月異,歲月蹉跎。
不能虛耗每一寸光陰,
每一寸時光;
འཕུར་ཡ།
飛吧!
མ་འཕུར་ན་རྒྱ་མཚོར་ལྷུང་རྒྱུ་རེད།
如果不展翅高飛,就會投入大海;
མ་འཕུར་ན་ཆུ་སྲིན་གྱིས་ཟ་རྒྱུ་རེད།
如果不展翅高飛,就會被鰐魚吞噬。
སྐྱེ་བ་དང་རྒ་བ་ན་བ་འཆི་བ་འཁྲུལ་པ་འཁོར་བ་ཡི་རྒྱ་མཚོར་ལྷུང་རྒྱུ་རེད།
會投入生老病死的輪迴苦海。
དུག་གསུམ་གྱི་དབའ་རླབས་ཁྲོད་ནས། །
在三毒的洶湧激流中,
སྲིད་གསུམ་གྱི་ཆུ་སྲིན་ཁ་རུ། །
在三界的鰐魚之口,
སྡུག་གསུམ་མཆེ་བའི་བར་ན། །
在三大痛苦的獠牙之間,
ཐར་མེད་ཀྱི་སྡུག་བསྔལ་མྱོང་རྒྱུ་རེད།
感受難以掙脫的苦痛。

འཕུར་ཡ།
飛吧!
ཞེན་མེད་ཀྱི་གཤོག་ཟུང་བསྐྱངས་ནས།
展開灑脱的羽翼,
ཡེངས་མེད་ཀྱི་རླུང་བུར་འགྲོགས་ནས།
伴隨自在的和風,
འཛིན་མེད་ཀྱི་ཀློང་དུ་འཕུར་ཡ།
在瀟洒的半空中,飛翔!
མ་འཕུར་ན་དལ་འབྱོར་སྟོང་ལོག་རེད།
如果不展翅翱翔,
暇滿人身必將溜於空耗;
མ་འཕུར་ན་གོ་སྐབས་རླག་ཤོར་རྒྱུ་རེད།
如果不展翅翱翔,
所有的機遇都會付之東流。

འཕུར་ཡ།
飛吧!
ཤེེས་རབ་ཀྱི་མིག་ཟུང་གདངས་ནས། །
睜開智慧的雙眼,
བྱང་སེམས་ཀྱི་ཁོག་རྒྱ་བསྐྱེད་ནས།
打開慈悲的胸懷,
རྣམ་གྲོལ་གྱི་གླིང་དུ་འཕུར་ཡ།
飛向解脱的彼岸!
མ་འཕུར་དལ་འབྱོར་སྟོང་ལོག་རེད།
如果不展翅翱翔,
暇滿人身必將溜於空耗;
མ་འཕུར་ན་གོ་སྐབས་རླག་ཤོར་རྒྱུ་རེད།
如果不展翅翱翔,
所有的機遇都會付之東流。

སྐལ་བཟང་ཉི་མས། ༡༧-༨-༢༠༡༧།
尊貴的堪布 格桑尼瑪
仁波切 2017年8月17日

About Author