只要自己能夠修行,任何身份、任何時候、任何地點,都可以修行。
堪布 格桑尼瑪 仁波切
ནང་པ་སངས་རྒྱས་པའི་བསྟན་པ་ལ། རིགས་ལ་མཐོ་དམན་དང་། རུས་ལ་བཟང་ངན། རྒྱུ་ཆེ་ཆུང་དང་ཕོ་མོའི་དབྱེ་བ་མེད་པར། སེམས་ཅན་ཀུན་ལ་བདེ་གཤེགས་སྙིང་པོ་ཡོད་པ་ལའང་ཁྱད་པར་མེད། རང་གིས་སྒྲུབ་ནུས་ན་མཐོ་དམན་བཟང་ངན་གནས་སྟངས་གང་གི་སྐབས་སུ་ཡང་ཆོས་སྒྲུབ་ཆོག འོ་ན་ནང་པ་སངས་རྒྱས་པའི་ལུགས་ལ་ཆོས་སྒྲུབ་ཟེར་ན་ཅི་ཞིག་སྒྲུབ་དགོས་སམ་ཞེ་ན། ཆོས་ཐམས་ཅད་ཕན་ཚུན་རྟེན་ཅིང་འབྲེལ་འབྱུང་ཡིན་པས། ང་ཚོ་བདེ་བ་འདོད་ཀྱི་ཡོད་པས་དེའི་རྒྱུ་དགེ་བ་སྒྲུབ་རྒྱུ་དང་མི་འདོད་པ་སྡུག་བསྔལ་ཡིན་པས་དེའི་རྒྱུ་སྡིག་པ་སྤང་དགོས།
在佛教裡,沒有種姓貴賤之分,沒有姓氏優劣之差,沒有富貴貧窮之別,修行人也沒有男女之分,一切眾生都具有如來藏,更沒有一絲區別。只要自己能夠修行,任何身份、任何時候、任何地點,都可以修行。那麼佛教裡所說的修持佛法是要修什麼呢?
所有世間萬物都由因緣和合而產生。如果我們想要得到快樂,就要行持快樂之因 —— 善業;如果想要摒棄痛苦,就要斷除痛苦之因 —— 惡業。
དེ་དག་གི་རྩ་བ་སེམས་ལ་ཐུག་ཡོད་པས་སེམས་ཀྱི་དྲི་མ་ཆགས་སྡང་རྨོངས་གསུམ་དང་ང་རྒྱལ་ཕྲག་དོག་སོགས་ཀྱི་ཉེས་པ་ཤེས་ནས། དེ་དག་གི་གཉེན་པོར་ངེས་འབྱུང་དང་དད་པ་བྱམས་བརྩེ་བྱང་ཆུབ་ཀྱི་སེམས་དང་། ཆོག་ཤེས་དང་བཏང་སྙོམས་ཞི་གནས་ལྷག་མཐོང་སོགས་ཐོས་བསམ་སྒོམ་པའི་ཤེས་རབ་བརྟེན་ནས་གོང་འཕེལ་བཏང་སྟེ། སེམས་ཀྱི་དྲི་མ་ཇེ་ཟད་དང་སེམས་ཀྱི་རང་བཞིན་ཇེ་གསལ་ལ་གཏོང་རྒྱུ་འདི་རེད།
而這一切的根本又在於心,所以我們要認識心的垢障 —— 貪嗔癡傲慢以及嫉妒之過失;其次就是要依止它們的對治法 —— 厭離心、信心、菩提心、知足、等捨、寂止和勝觀等聞思修行之智慧,并且使它們輾轉增長。通過這些修持之方法,然後心的垢障就會越來越薄弱,同時心的光明也會越來越明顯。
འོ་ན་ཚུལ་ཇི་ལྟར་ཉམས་སུ་ལེན་དགོས་ཤེ་ན། དགེ་སྡིག་བླང་དོར་གྱི་གནས་མི་བརྗེད་པའི་དྲན་པ་དང་། རང་གིས་ལུས་ངག་ཡིད་གསུམ་གྱི་སྤྱོད་པ་ལ་ཡང་ཡང་ཞིབ་འཇུག་བཟོ་བའི་ཤེས་བཞིན། དུས་ཀུན་རང་གི་བྱ་བ་གང་ལའང་བླང་དོར་གྱི་གནས་མི་འཆུག་པའི་ཆེད་དུ་གཟབ་གཟབ་བཟོ་བའི་བག་ཡོད་གསུམ་གྱིས་རང་གི་སེམས་འདུལ་རྒྱུ་འདི་ཉམས་ལེན་རེད། དེ་ལྟར་ཡོང་མིན་རང་གིས་རང་ལ་བརྟགས་ཤིང་དཔྱད་ནས་ཤེས་དགོས་པ་རེད་མ་གཏོགས་མི་མང་པོ་འཛོམས་པ་ཙམ་དང་། རྒྱན་བཀོད་མཛེས་པོ་ཡོད་པ་ཙམ་དང་། རྔ་རྡུང་འབོད་དཀྲོལ་མང་པོ་ཡོད་པ་ཙམ་དང་གནས་དང་བླ་མ་རྩ་ཆེན་མདུན་ལ་སླེབས་ཙམ་གྱིས་མི་ཕན།
那麼如何修持這些法呢?首先我們要具備不忘失善惡取捨之道之正知;其次就要具備觀察自己身語意行為之正念;再着就要具備在任何時候,對自己之所作所為不違背因果取捨,如履薄冰一樣之謹慎。用這三種方法調伏自心,這就是所謂的修行。能否做到這樣則需要自己捫心自問、詳細觀察。除此之外,如果只是聚集很多人或者是華麗的裝飾,敲鑼打鼓、吹奏法器;又或者只是朝拜聖地、拜見尊貴之上師等,是沒有利益可言的。
གལ་ཏེ་དྲན་ཤེས་བག་ཡོད་ཀྱིས་རང་སེམས་འདུལ་ཐུབ་ན། གནས་དུས་བཟང་ངན་བསྟོད་སྨད་སོགས་གནས་སྟངས་ཇི་ལྟར་བྱུང་ཡང་ཁྱད་མེད། ནང་ཆོས་ཚུལ་བཞིན་སྒྲུབ་མཁན་མང་པོ་ཞིག་ལ། དགྲ་གྱོད་ཁ་མཆུ་ནད་མནར་བཙོན་འཇུག་སོགས་ལ་བརྟེན་ནས། འཁོར་བ་ལ་ངེས་འབྱུང་དང་ལས་འབྲས་ལ་ཡིད་ཆེས་ཤུགས་དྲགས་སྐྱེས་ནས་ཉམས་ལེན་ལ་གསོན་ཤུགས་འཕར་བས་རིང་པོར་མ་འགོར་བར་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་པ་མང་། དེས་ན་རང་གིས་རང་ལ་ཞིབ་འཇུག་ཡག་པོ་བྱས་ནས་རང་གི་སེམས་ཀྱི་འཁྲུལ་པ་རང་གི་བྱམས་དང་ཤེས་རབ་ཀྱིས་སེལ་བའི་ཐབས་ལ་འབད་དགོས།
དེ་ལྟར་མུ་མཐུད་འབད་ནུས་ན་རིང་པོར་མི་འགོར་བར་སྔར་མེད་ཀྱི་དགའ་བདེ་གསར་པ་ཞིག་ཁྱོད་ཀྱིས་སེམས་གཏིང་ནས་ཚོར་ཡོང་། དེ་དུས་ནང་ཆོས་ལ་སྔར་ན་མེད་པའི་ཡིད་ཆེས་དང་སྤྲོ་བ་རང་བཞིན་གྱིས་སླེབས་ཡོང་བས་ད་ལྟ་ཉིད་དུ་ཉམས་ལེན་ལ་སྤྲོ་བས་འཇུག་པར་འཚལ་ལོ། །
如果能用正知正念以及謹慎地調伏自心,任何身份或着在任何時候、任何地點,无論別人讚嘆或詆毀都可以修持佛法。很多如理修持佛法之修行人,大多是因爲有了對敌、爭鬥、口舌、疾病、痛苦以及牢災之後,生起了出離心而想從輪迴中解脱及對業因果有堅定信心,從而增長了修行境界,不必多久便獲得了大成就者的果位。
因此,自己要認真地觀察自心,努力地用自己的慈悲及智慧消除內心之迷亂。假以時日便在不久的將來,會從內心深處感覺到一股從來未有過的嶄新之喜樂。這時候就會對佛法自然生起過去從來沒有生起過的信心和興趣。所以當下就要以歡喜心去修持佛法!
尊貴的堪布 格桑尼瑪 仁波切 書於2019年4月26日