不一樣

ཁྱོད་ཀྱི་སྣང་བ། །ཁྱོད་ལ་འཐད་ཀྱང་། །
汝之想法你可接受,
གཞན་ལ་འཐད་པའི། །ངེས་པ་མི་འདུག །
別人不能真正合意!

ཁྱོད་ལ་ཞིམ་པའི། །ཟས་རིགས་སྣ་ཚོགས། །
汝對各種食物美味,
གཞན་ལ་ཞིབ་པའི། །ངེས་པ་མི་འདུག །
別人不能確定香甜!

ཁྱོད་ལ་མཛེས་པའི། །ཕོ་མོའི་བྱད་གཟུགས། །
汝說男女身貌好看,
གཞན་ལ་མཛེས་པའི། །ངེས་པ་མི་འདུག །
別人不能確認美麗!

ཁྱོད་ལ་སྙན་པའི། །སྐད་དང་གླུ་དབྱངས། །
汝說聲音旋律悦耳,
གཞན་ལ་སྙན་པའི། །ངེས་པ་མི་འདུག །
別人不能認為動聽!

ཁྱོད་ཀྱི་གྲུབ་འབྲས། །ཁྱོད་ལ་བཟང་ཡང་། །
汝說自之成績卓越,
གཞན་ལ་བཟང་བའི། །ངེས་པ་མི་འདུག །
別人不確定是否好!

ངེས་མེད་གནས་ཚུལ། །ངེས་དགོས་བསམ་ནས། །
未確定情況要查明,
དོན་མེད་ཨུ་ཚུགས། །ཧ་ཅང་མ་ཆེ། །
不要一味固執堅守!

ལས་ཀྱི་སྐོས་ཐང་། །སོ་སོར་ཡིན་པས། །
命運業力各有千秋,
སྟོབས་འབྱོར་ནུས་པ །གཅིག་པ་མ་རེད། །
財富權力各不相同!

ཡུལ་ལུང་གོམས་གཤིས། །སོ་སོར་ཡིན་པས། །
由於地區習慣差異,
འདོད་མོས་དགའ་ཕྱོགས། །གཅིག་པ་མ་རེད། །
所愛偏好各有懸殊!

བགས་ཆགས་བཟང་ངན། །སོ་སོར་ཡིན་པས། །
習氣好壞各有差異,
བྱམས་བརྩེ་ཆགས་སྡང་། ། གཅིག་པ་མ་རེད། །
慈悲愛憎各不相同!

ཕ་མ་གཅིག་པའི། །བུ་ཕྲུག་ཡིན་ཡང་། །
雖同父母所生孩子,
བསམ་སྦྱོར་ཡོན་ཏན། །གཅིག་པ་མ་རེད། །
意樂加行功德各異!

དེ་ཡི་ཕྱིར་ན། །དུས་རྣམ་ཀུན་ཏུ། །
無論在任何之時間,
མོས་པ་སྣ་ཚོགས། །འགྲོ་སྟངས་ཤེས་དགོས། །
要了解知道各根基!

ཁྱོད་ཀྱི་དཀའ་སྡུག །ཁྱོད་ལ་གནོད་ཀྱང་། །
汝會被自痛苦傷害,
གཞན་ལ་གནོད་པའི། །ངེས་པ་མི་འདུག །
其實不會苦惱他人!

ཁྱོད་ཀྱི་སེམས་ཁྲལ། །ཁྱོད་ལ་ལྕི་ཡང་། །
你有你的焦慮壓力,
གཞན་ལ་ལྕི་བའི། །ངེས་པ་མི་འདུག །
他人不會構成負擔!

རང་གི་དཀའ་སྡུག །གཞན་ལ་ཤོད་བཞིན། །
與人訴說自之苦衷,
རེ་བ་ཆེན་པོ། །གཞན་ལ་མ་འདོན། །
求他無法寄予厚望!

དགའ་སྐྱོའི་ཚོར་བ། །མི་བརྟན་འགྱུར་འགྲོ །
苦樂感受無常不定,
ཆགས་སྡང་འདུ་ཤེས། །རྐྱེན་གྱིས་འགྱུར་འགྲོ །
慎恚意識隨緣改變!

དགྲ་ཡང་གྲོགས་དང་། །གྲོགས་ཀྱང་དགྲ་རུ། །
冤敵成友朋友變敵,
འགྱུར་བ་མང་བས། །ཆགས་སྡང་མ་ཆེ། །
勿過太大愛憎變化!

རང་གི་ལས་སྣང་། །རང་ལ་འཁོར་བས། །
自之業力自己循環,
བསམ་ངན་སྦྱོར་རྩུབ། །རིང་དུ་སྤངས་དགོས། །
寄望永斷惡意行為!

རང་གི་སྤྲོ་སྣང་། །རང་ལ་ཕན་པས། །
自之歡樂饒益自己,
བསམ་སྦྱོར་མཐའ་དག །དགེ་བར་སྒྱུར་དགོས། །
意樂加行交換友善!

རང་གི་ཁོང་ཁྲོས། །རང་ཉིད་སྲེག་པས། །
自之憤怒燒焚自己,
གཞན་ལ་ཁྲོ་བ། །གཏན་དུ་སྤངས་དགོས། །
寄望永斷慎恨他人!

གཞན་ལ་བྱམས་བརྩེས། །རང་ཉིད་སྐྱོབ་པས། །
對人慈悲拯救自己,
ཡིད་འོང་བྱམས་སེམས། །འབད་པས་སྒྲུབ་དགོས། །
精進修持慈心悦意!

སྣང་བ་སྣ་ཚོགས། །སེམས་ཀྱི་འཁྲུལ་སྣང་། །
各種顯現心之幻象,
སྣང་མཁན་ངོ་བོ། །གདོད་ནས་སྤྲོས་བྲལ། །
顯者實質無始離戲!

སྤྲོས་མེད་ཀློང་ནས། །འགག་མེད་རོལ་པ། །
無戲論無阻礙形體,
སྣང་སྟོང་དབྱེར་མེད། །ཤེས་པར་མཛོད་ཅིག །
懂得顯空無別道理!

འགྱུར་མེད་གཏན་བདེའི། །གོ་འཕང་འདོད་ན། །
如想持久幸福果位,
མཚན་ལྡན་བླའི། །གདམས་ཟབ་ཞུས་ཤིང་། །
求取具德上師教言!

ཉམས་ལེན་སེམས་ལ། །གནད་དུ་སྣུན་དང་། །
認真修持心之要訣,
ཆོས་ཀྱི་བྲོ་བ། །ནང་ནས་རྙེད་ཡོང་། །
從內找到法之滋味!

སྐལ་བཟང་ཉི་མས། 30-3-2019
尊貴的堪布 格桑尼瑪 仁波切
書於2019年3月30日

About Author