སྐབས་རེ་དགའ་བའི་གྲོགས་དང་འགྲོགས་པས་དགའ། །有時與親友交往而感到高興,
སྐབས་རེ་བརྩེ་བའི་གྲོགས་དང་བྲལ་བས་སྐྱོ། །有時離係親愛的朋友而傷感;
དགའ་སྐྱོ་ཟུང་འབྲེལ་དགའ་སྡུག་འཚོ་བའི་ཁྲོད། །在這歡樂悲傷苦樂的生活中,
སེམས་ཀྱི་གསོ་སྨན་དམ་པའི་ལྷ་ཆོས་ཡིན། །神聖佛法是我們心靈的妙藥!
སྐབས་རེ་འབྱོར་ལྡན་གྲལ་དུ་མགོ་འཕང་མཐོ། །有時步步高升出入富裕階層,
སྐབས་རེ་འབྱོར་མེད་གྲལ་ནས་མགོ་བོ་སྨད། །有時倒下低頭而在窮困階層;
མཐོ་དམན་ཟུང་འབྲེལ་མི་ཚེའི་འགྱུར་ལྡོག་ཁྲོད། །在這高低風雲變幻的人生中,
ཡིད་ཀྱི་གཏད་སོ་དམ་པའི་ལྷ་ཆོས་ཡིན། །神聖佛法是我們信念的支柱!
སྐབས་རེ་ཀུན་གྱིས་བསྟོད་བསྔགས་ཡང་ཡང་སྒྲོགས། །有時所有人對自己一再讚嘆,
སྐབས་རེ་མི་འདོད་འཕྱ་སྨོད་གང་སར་བྱེད། །有時會無故被人指責和議論;
བསྟོད་སྨད་ཟུང་འབྲེལ་མི་རྟག་སྒྱུ་མའི་ཁྲོད། །忽讚嘆忽指責的無常虛幻中,
གུ་ཡངས་བསྟི་གནས་དམ་པའི་ལྷ་ཆོས་ཡིན། 神聖的佛法是寬鬆的來源處!
མི་རྣམས་མི་རྟག་རྩྭ་རྩེའི་ཟིལ་པ་འདྲ། །人們無常猶如草尖上的露珠,
མི་སེམས་མི་རྟག་ལ་ཁའི་དར་ལྕོག་འདྲ། །人心無常似山頂搖曳的旌旗,
ནོར་རྫས་མི་རྟག་མདང་སུམ་རྨི་ལམ་འདྲ། །財物無常像昨晚的黃粱美夢,
ཐམས་ཅད་མི་རྟག་སྒྱུ་མའི་རང་བཞིན་འདྲ། །一切無常離不開虛幻的性質!
བློ་གཏད་ཕེར་བ་དམ་པའི་ལྷ་ཆོས་ལ། །能夠依靠正確而神聖的佛法,
དགའ་དང་སྤྲོ་བས་འཇུག་སྟེ་རང་སེམས་ཀྱི། །會讓自心能夠進入喜悅快樂,
ཆགས་སྡང་རྨོངས་པའི་དགྲ་ལས་རྒྱལ་ནུས་ན། །能戰勝貪瞋無明愚痴的冤敵,
སངས་རྒྱས་རང་གི་སེམས་ལས་རྙེད་པར་འགྱུར། །從自心能夠找到真正的佛陀!
དེ་ཕྱིར་དོན་ཆེན་འགག་ལ་ཐུག་དུས་འདིར། །因此在這重要及關鍵的時刻,
མ་ཡེངས་མ་ཡེངས་དམ་པའི་ཆོས་ལ་བརྩོན། །不放逸精進努力地修持佛法,
མྱུར་བར་མྱུར་བར་དགེ་བའི་ལས་ལ་འབུངས། །迅速地讓自己行持这些所善,
རང་མགོ་རང་གིས་འདོན་པའི་དུས་ལ་བབ། །現在是開發自己自強的時機!
尊貴的堪布 格桑尼瑪 仁波切
書於2016年4月12日