凡所為善?

རང་རྒྱུད་དྲང་ན་དགྲ་ཡང་གཉེན་དུ་འགྱུར། །
自心正直冤敵也變成朋友,
མི་གཞི་བཟང་ན་ཀུན་གྱིས་གཙུག་ཏུ་བཀུར། །
稟性賢善一切都恭敬頂戴,
བསམ་པ་བཟང་ན་བྱས་ཚད་དགེ་བར་འགྱུར། །
意識善良所做都成為善業,
བློ་ཁོག་ཡངས་ན་འཐབ་རྩོད་ཉུང་ཞིང་སྐྱིད། །
胸襟廣闊增加快樂少爭鬥!

གཞན་ཕན་སྒྲུབ་ན་རང་ཉིད་བདེ་ཞིང་དགེ །
承辦利他且自己幸福快樂,
དཀོན་མཆོག་ལ་དད་འདི་ཕྱི་ཀུན་ཏུ་བདེ། །
信仰三寶此生來世都安樂,
ཚོགས་ཆེན་བསགས་ན་བསམ་པའི་རེ་བ་འགྲུབ། །
多積累資糧意識希求實現,
མོས་གུས་ཅན་ལ་བྱིན་རླབས་རྒྱུན་ཆད་མེད། །
俱有信心加持就源源不斷!

བྱིན་རླབས་ཐོབ་ན་དངོས་གྲུབ་ཚད་མེད་རྙེད། །
獲得加持能得到無量悉地,
སྦྱིན་པ་བཏང་ན་ལོངས་སྤྱོད་སྤྲིན་བཞིན་འདུ། །
進行佈施財富如濃云密佈,
ཚུལ་ཁྲིམས་སྲུང་ན་ཉེས་པའི་དྲི་མ་བྲལ། །
守護戒律會遠離罪孼垢染,
བཟོད་པ་སྒོམ་ན་ཞི་བདེའི་ངང་གིས་འབྱུང་། །
修持安忍會自然得到平和!

བརྩོན་འགྲུས་ཅན་ལ་ཉམས་རྟོགས་ཟླ་ལྟར་འཕེལ། །
俱精進證悟如上弦月增長,
བསམ་གཏན་སྒོམ་ན་ཤིན་སྦྱང་བདེ་བས་འཚོ། །
修習禪定相比會輕安快樂,
ཤེས་རབ་ལྡན་ན་བྱས་ཚད་ཚོགས་སུ་འགྱུར། །
俱智慧凡所做為累積資糧,
བསྔོ་བས་ཟིན་ན་འབྲས་བུ་ཟད་མཐའ་མེད། །
受持迴響得無止境的果實!

ཐབས་ཀྱིས་ཟིན་ན་ཉོན་མོངས་ལམ་གྱི་གྲོགས། །
攝受方便煩惱為道上助伴,
རང་ངོ་ཤེས་ན་ཐམས་ཅད་སེམས་ཉིད་རྩལ། །
認識自性全是心性的善巧,
རང་དབང་ཐོབ་ན་ཀུན་ཀྱང་རང་གྲོལ་ཆེ། །
得到自由是自我的大解脫,
གཅིག་ཤེས་ཀུན་གྲོལ་གཅིག་ཆོག་རྒྱལ་པོའི་ལམ། །
俱備一通百通是道上之王!

ཀུན་ཀྱང་ཀུན་དགའི་དཔལ་ལ་ལོངས་སྤྱོད་ནས། །
願所有人能享受榮耀富饒,
རང་གནས་ངང་དུ་རང་སར་གྲོལ་གྱུར་ཅིག། །
但願在自性處自然地解脱!

དགེའོ།
善哉!

སྐལ་བཟང་ཉི་མས། ༢ -༦-༢༠༡༨།
書於2018年6月2日
尊貴的堪布 格桑尼瑪 仁波切

About Author