དོགས་པས་ལུས་ལ་བཅོས་མེད་ན་ཚ་ཁྲིད། །
懷疑給身體予不治之癥,
དོགས་པས་ངག་ལ་རྫུན་གྱི་ངག་ཀྱལ་སྤེལ། །
懷疑會在言談時說謊言,
དོགས་པས་སེམས་ལ་གཡོ་སྒྱུའི་དྲན་འཁྲུལ་སྐྱེད། །
懷疑使心產生陰險幻覺,
དོགས་པས་ཉེས་པའི་ཚོགས་རྣམས་སྤེལ་བ་མང་། །
懷疑會增加諸多的罪孽!
བྱ་བ་ཀུན་ལ་དཔྱོད་ཀྱིན་འཇུག་དགོས་ཀྱང་། །
需要反復分析觀察事情,
ཧ་ཅང་དོགས་པ་ཐེ་ཚོམ་ཆེ་དྲགས་ན། །
但過分於極大懷疑猶豫,
སུ་ལའང་ཡིད་ཆེས་བློ་གཏད་མི་ཐུབ་པར། །
誰也是無法相信和依靠,
དོགས་པས་འདྲོག་ནས་དར་ལྕེ་གཡུག་པ་འདྲ། །
懷疑如風中搖曳的旌旗!
སེམས་ལ་ཡིད་ཆེས་ཞི་བདེ་མེད་གྱུར་ན། །
如心變得沒信任及平和,
བྱ་བ་གང་གིས་བདེ་སྐྱིད་མི་སྟེར་བས། །
所作任何事都不會幸福,
དོགས་པའི་འདྲོག་མགོ་བག་ཕེབས་ཀློང་དུ་ཐོང་། །
拋棄懷疑恐懼轉成寬闊,
ཞི་འཇམ་ངང་དུ་རེ་དོགས་མེད་པར་ཞོག །
溫和按住無疑慮本性中!
དོགས་པའི་ཆོ་འཕྲུལ་བདེན་པའི་དཔུང་གིས་བཅོམ། །
聖諦之臂徵服懷疑幻覺,
བདེན་པའི་ལམ་མཆོག་སྟོན་པ་ཚད་མས་སྟོན། །
勝道由正等導師所明示,
ཚད་མའི་སྐྱེས་བུ་ལེགས་པའི་ལམ་ལས་བྱུང་། །
正等士夫來自正道產生,
ཡང་དག་ལམ་མཆོག་སྐྱེད་ལ་བརྩོན་པར་རིགས། །
精進增長步入賢善勝道!
དོགས་པའི་རྩ་བ་རེ་བའི་བློ་ལ་ཐུག །
懷疑的根本是希求心眼,
རེ་བའི་བློ་ཡང་ཞེན་ཅིང་ཆགས་པས་བསྐྱེད། །
希求心眼是由貪執生起,
ཞེན་ཆགས་བདུད་ཀྱང་བདག་ཏུ་འཛིན་ལས་བྱུང་། །
貪執妖魔且來自於我執,
མ་རིག་དབང་གིས་བདག་མེད་བདག་ཏུ་འཁྲུལ། །
無明幻覺因無我而執我!
སེམས་ཉིད་རྟོགས་ན་རྨོངས་པ་དབྱིངས་སུ་ཞི། །
認知心性便能消除無明,
རྨོངས་པ་བྲལ་ན་བདག་ཏུ་འཛིན་དོན་མེད། །
遠離無明我執便無意義,
བདག་འཛིན་ཞི་ན་ཆགས་སྡང་རེ་དོགས་དབེན། །
消除我執減少愛憎疑慮,
སེམས་ཉིད་རྟོགས་པའི་ཐབས་ལ་འབད་པར་འཚལ།
精進修法認知心性之理!
སེམས་ཉིད་ཡེ་ནས་འགྱུར་མེད་ལྷུན་གྱིས་གྲུབ། །
心性是自發性本無改變,
ངོ་བོ་རྣམ་དག་གང་གིས་ལྷད་པ་མེད། །
本性純潔且無任何雜質,
སྤྲོས་མཚན་ལས་འདས་རང་བྱུང་འདུས་མ་བྱས། །
遠離戲論為自然無為法,
བཅོས་མེད་རང་བབ་ངང་དུ་ལྷོད་ཀྱིས་ཀློད། །
無改變自然緩和地放鬆!
གལ་ཏེ་རང་སེམས་རང་བབ་འཇོག་ཤེས་ན། །
能將自心按住自然狀態,
རྙོག་པའི་འཁྲུལ་རྟོག་རང་གྲོལ་ཀློང་དུ་ཐིམ། །
遠離污穢迷惑自我解脫,
བརྗོད་མེད་རང་བྱུང་རང་ཞལ་ལྷག་གེར་མཇལ། །
不可言喻遇見自然心性,
རེ་དོགས་ཨ་འཐས་བྲལ་བའི་འབྲས་བཟང་རྙེད། །
能獲取遠離疑慮的善果!
ཨེ་མ་སེམས་ཉིད་ཡེ་ནས་དག་ཅིང་གསལ། །
唉喲!心性本來無暇清晰,
འཁོར་འདས་མཉམ་ཉིད་བདེ་ཆེན་འདུས་མ་བྱས། །
輪涅平等性大樂無為法,
རྩོལ་སྒྲུབ་མི་དགོས་རང་བྱུང་ལྷུན་གྱིས་གྲུབ། །
無需努力自然任運自成,
རང་གནས་ཆོས་དབྱིངས་ཀློང་དུ་ངལ་སོས་ཤིག །
歇息在原有狀態法界中!
འོན་ཀྱང་ཚོགས་གཉིས་གྲུ་ལ་མ་བརྟེན་པར། །
但是不依靠二資糧之船,
ངམ་གནག་སྲིད་པའི་མཚོ་ལས་བརྒལ་དཀའ་བས། །
極難脫離凶惡輪迴大海,
དད་མོས་ངེས་འབྱུང་བྱང་སེམས་ཤེས་རབ་སོགས། །
信仰出離心菩提心智慧,
དྲན་ཤེས་བག་ཡོད་རྩི་དང་མ་བྲལ་ཨང་། །
正念正知不放逸之精髓!
དེ་སྐད་ཤེས་རབ་རླབས་ཀྱི་ཕྲེང་བ་ལས། །
如此說將智慧的浪濤環,
གཞན་ཕན་བྱམས་བརྩེའི་སྲད་བུ་ལ་བརྒྱུས་ཏེ། །
串在利他的慈悲心線上,
བདེན་གཏམ་མུ་ཏིག་ཕྲེང་བའི་མཛེས་རྒྱན་འདི། །
此真言珠鏈美麗的飾品,
དགའ་བདེའི་སྣང་བ་རྒྱས་པའི་གཅེས་སུ་འབུལ། །
獻給盡情歡樂幸福光明!
སྐལ་བཟང་ཉི་མས། ༧-༡-༢༠༡༨།
尊貴的堪布 格桑尼瑪 仁波切2018年1月7日