啊,我的母親,無主佛母!

ང་སྲིད་པའི་གཅོང་རོང་ཟབ་མོར་ངུ་
འབོད་འཐེན་དོན་ཁྱོད་དང་མ་
འཕྲད་པས་ལན་ལ།
因為沒有遇見您,我便在輪迴的崢嶸山澗裡悲慟慾絕;
འཇིགས་རུང་འཁོར་བའི་གཡང་
སར་ཆོ་ངེ་འདོན་པའང་ཁྱོད་དང་མ་
འཕྲད་པས་ལན།
因為與您漸行漸遠,我便在恐怖的輪迴深淵中痛苦哀號。
མ་ཡུམ་ཡ།
啊,我的母親!
བདག་མེད་ལྷ་མོ།
無主佛母!
ངའི་སྙིང་ཉེ་མ།
我的至愛!
དངོས་བདེན་གྱི་གནས་ལུགས་མི་
རྟོགས་པའི་མ་རིག་པའི་མུན་ཁུང་
ཁྲོད་ན།
在與真理背道而馳的無明暗室中,
བདེན་འཛིན་གྱི་སྒོ་ལྕགས་བཙན་
པའི་བཙོན་རའི་ནང་ལ།
在耽執的鐵鎖緊閉其門的牢獄中,
ཆགས་སྡང་གི་གཤིན་རྗེས་མནར་
བའི་ཡི་མུག་གི་ཁྲོད་ན།
在嫉妒的閻王驅使身心的無可奈何中,
ཞེད་སྣང་དང་སྔངས་སྐྲག ཟུག་ཟེར་
དང་མིག་ཆུ།
曾彌漫着恐懼、怖畏、痛苦、眼淚、
རེ་དོགས་དང་འཁུ་འཕྲིག་སོགས།
悲喜和猜忌。
བསམ་ན་ངུ་བྲོ་བ།
想來澘然淚下,
དྲན་ན་སྙིང་འདར་བའི་དཀའ་ཁག་
འདི་དག་ནི།
思之瑟瑟發抖的這般苦難,
མ་ཡུམ་ཁྱེད་དང་མ་མཇལ་བས་
ལན་པ་ལུས་ཡིན།
毫無疑問都是因為我沒有遇見您——我的母親。
ཞི་བདེའི་འབྱུང་ཁུངས།
您是和平的源泉!
མ་ཡུམ་ཡ།
啊,我的母親!
བདག་མེད་མ།
無主佛母!

ཡིན་ནའང་།
不過,
སྟོན་པ་ཡི་ལམ་བཟང་མཐུ་ཡིས།
因為有了釋伽導師的指引;
མཚན་ལྡན་གྱི་བླ་མའི་དྲིན་གྱིས།
具相善知識的洪恩;
སྔོན་བསག་གི་བསོད་ནམས་སྟོབས་ཀྱིས།
累世積累福徳的力量,
མ་ཡུམ་གྱི་ཞལ་རས་འཚོལ་བའི་གོ་སྐབས་དང་བློ་སྒོ་ཕྱེས་ནས།
使我有了尋覓慈祥母親本來面目的機會,打開了智慧的大門;
ཐོས་བསམ་གྱི་སྒྲོན་མེ་སྤར་ནས།
點燃了聞思的明燈;
སྒོམ་བྱུང་གྱི་མིག་དབང་རྙེད་པས།
獲得了修行的慧眼!
ད་ཧ་ལམ། མ་ཡུམ་ཁྱེད་གང་དུ་ཡོད་པ་དང་།
我略微了解到母親您的住處和您的本來面目。
ཇི་ལྟར་ཡིན་པ་གཞི་ནས་ཤེས་སོང་ལ།
清楚地認識了您不曾離開過我,
ང་ཁྱོད་དང་ལྷན་གཏན་དུ་གནས་ཡོད་པའང་གོ་སོང་།
也將永遠與我同在。
མ་ཡུམ་ཡ།
啊,我的母親!
བདག་མེད་མ།
無主佛母!

ང་ཁྱོད་ཀྱི་པང་ཁུག་ན།
我在您溫柔的懷抱裏,
བཅས་བཅོས་མེད་པར།
沒有勤做、
དགག་སྒྲུབ་མེད་པར།
沒有破立、
རེ་དོགས་མེད་པར་རང་བབ་ཏུ་ལྷོད་ཀྱིས་ཉལ་བས་ན།
不悲不喜中安然入睡。
ད་གཟོད་གཞི་ནས་ལྷོད་ལ་བབ་སྟེ།
剎那間,才釋然灑脱。
ཞེད་སྣང་རླགས་སོང་།
沒有了恐懼、
རེ་དོགས་ཞིག་སོང་།
冰釋了嫉妒、
འཛིན་པ་དག་སོང་།
清淨了執着!
ཨེ་མ།
奇哉!
དེ་འདྲའི་ཞི་བདེ་དང་བདེ་སྐྱིད།
內心中瞬間充滿了平和、快樂、
དེ་འདྲའི་གུ་ཡངས་དང་དྲོ་སྐྱིད།
坦蕩、溫暖、
དེ་འདྲའི་རང་དབང་དང་ཞི་འཇམ་ཡུད་ཙམ་ཚོར་བས།
自由和安詳。
སྲིད་པའི་འཆར་སྣང་གི་བདེ་སྐྱིད་ཀུན།
因為我認識到塵世的所有苦樂和悲喜,
བཅོས་མ་དང་ཟོབ་སྟོང་།
都不過是過眼雲煙,
འཆར་ཡན་དང་འཁྲུལ་སྣང་དུ་གོ་བས།
浮生若夢,
མ་ཡུམ་ཁྱེད་དང་གཏན་དུ་ཁ་གྱེས་འདོད་མ་བྱུང་ལ།
我不願與您決絕而相隔萬里。
མ་ཡུམ་ཁྱེད་ཀྱི་དངོས་དོན་ལ།
母親,您真理的慈容,
ཡིད་སེམས་དབང་མེད་དུ་ཤོར་སོང་།
無時無刻牽動着我的心。
མ་ཡུམ་ཡ།
啊,我的母親!
བདག་མེད་མ།
無主佛母!
ངའི་འདི་ཕྱི་ཡི་སྐྱབས་ཡུལ་ཉག་ཅིག
འོན་ཀྱང་བག་ཆགས་དང་ངན་གོམས་འཐུག་དྲགས་པ་དང་གཅིག །
此生來世,您是我唯一的依怙!但一來我累世厚重的不良習氣和習慣;
ལས་ཉོན་གྱི་རྦ་རླབས་་འཕྱུར་དྲགས་པ་དང་གཉིས།
二來業力和煩惱的洶湧波濤;
མ་རིག་པའི་མུན་པ་འཐིབ་དྲགས་པ་དང་གསུམ་གྱིས།
再者無明黑暗的步步緊逼,
ཀྱེ་མ།
嗚呼哀哉!
ང་ལ་རང་དབང་མེད་པར་མཐའ་མེད་འཁོར་བའི་རྒྱ་མཚོར་ཁྱེར་སོང་ལ་།
把我推向了無邊無際的輪迴苦海中,永無自由!
ང་ལ་ཤེད་ཤུགས་་མེད་པར་གཉིས་འཛིན་གྱི་ལྕགས་སྒྲོག་དམ་པོས་བསྡམས་སོང་།
我被二取執著的鎖鏈緊緊束縛着,已無絲毫的力量去抗爭。
ཨ་མ་མ།
啊,我的母親!
ང་སྐྱོབས་ཤིག ང་བློས་མ་གཏོང་ཡ།
請您救護我!請您垂念我!
ཁྱོད་གང་དུ་ཡོད།
您在哪裏?
མ་ཡུམ་ཡ།
我的母親!
བདག་མེད་མ།
無主佛母!
འདི་འདྲའི་ཞེད་སྣང་ལ།
在這裡,如此陰森恐怖。
ང་ཁྱོད་དང་འགྲོགས་ན་འདོད།
母親,我不愿離開您!
དུས་གཏན་དུ།
永遠,永遠!

ངས་ཡོད་ཚད་ནས་ཡོད་ཚད་ཁྱེད་ཞལ་མཇལ་ཆེད་དུ་འབད་ལ།
我所有所有的付出,都是為了能夠親眼目睹您的慈顏;
ངས་བསམ་ཚད་ནས་བསམ་ཚད་ཁྱེད་དོན་རྟོགས་ཆེད་དུ་སྒོམ་དགོས།
我一切的所思所想,都是為了能夠認識您的本來面目;
ངས་ཚེ་རབས་ནས་ཚེ་རབས་ཁྱེད་དངོས་མཇལ་ཆེད་དུ་འཚོལ་ལ། །
我生生世世的旅途,都將尋覓您的足跡,親近您;
ངས་ཉིན་མཚན་ནས་ཉིན་མཚན་ཁྱེད་དང་འགྲོགས་པའི་ཆེད་དུ་སྨོན་ནོ།
我日日夜夜都盼望着永遠與您同在!
མ་ཡུམ་ཡ།
啊,我的母親!
བདག་མེད་མ།
無主佛母!
འཕགས་བཞི་བསྐྱེད་ཡུམ་མ།
四聖母!
རྒྱལ་ཡུམ་ཤེར་ཕྱིན་མ།
般若佛母!
འཕགས་མ་སུ་སྒྲོལ་མ།
救度佛母!
བདེ་མ་རབ་ཞི་མ།
安樂寂靜佛母!
ངས་ཁྱོད་ལ་རེ།
我所有的希望就是您!
དུས་ནམ་ཡང་་་་་་
永遠!

ཀུན་ཁྱབ་གང་བ་བཟང་པོས། ༢༠༡༤ །༡༠།༡༧ ཞོགས་པར།
尊貴的堪布 格桑尼瑪 仁波切
於2014年10月17日晨間

About Author