སྐད་ཆ་སྙན་པོ་བཤད་དུས། །
口說悦耳語,
སེམས་པ་སྐྱིད་པོ་ཆགས་སོང་། །
心生幸福樂,
ཕར་ལ་འཛུམ་ཞིག་བསྟན་པས། །
於人露笑容,
ཚུར་ལ་གད་མོ་ཤོར་སོང་། །
對己施微笑!
ཕར་ལ་འཆམ་འཆམ་ཕྱིན་པས། །
自己去散步,
ཚུར་ལའང་འཆམ་འཆམ་སླེབས་སོང་། །
他也來散步,
ཕར་འཆམ་ཚུར་འཆམ་བྱས་དུས། །
互相作徑行,
འཆམ་འཆམ་སྐྱིད་པོ་བྱུང་སོང་། །
徑行得快樂!
དགའ་བའི་གླུ་དབྱངས་བླངས་དུས། །
高唱快樂歌,
སྐྱིད་པའི་བྲོ་གར་འཁྲབ་སོང་། །
彈跳幸福舞,
དགའ་སྤྲོ་སྐྱིད་ཀྱི་སྣང་བ། །
幸福與快樂,
ལྷ་ཡི་དཔལ་དང་མཚུངས་སོང་། །
猶如神仙樂!
ཕར་ལ་བསྔགས་པ་བརྗོད་དུས། །
於人言讚嘆,
ཚུར་ལ་བསྟོད་པ་སླེབས་སོང་། །
自己得讚美,
ཕན་ཚུན་བསྟོད་བསྔགས་བྱས་པས། །
互相讚嘆中,
སྙན་པས་ཕྱོགས་ཀུན་ཁྱབ་སོང་། །
美名傳十方!
ཕར་ལ་སྙིང་ཉེ་བྱས་པས། །
於人越親密,
ཚུར་ལ་བྱམས་བརྩེ་སླེབས་སོང་། །
自己得關愛,
སྙིང་བརྩེ་ཟུང་དུ་བསྒྲིལ་དུས། །
互結慈與愛,
དགའ་བདེའི་སྣང་བས་ཁེངས་སོང་། །
充滿幸福樂!
ཕན་གྲོགས་ཕར་ལ་བྱས་དུས། །
於人行幫助,
ཡིད་ཆེས་ཚུར་ལ་སྤྲད་བྱུང་། །
對己予信念,
བློ་གཏད་ཡིད་ཆེས་ཕེར་བས། །
獲得信念心,
དོན་ཆེན་ངང་གིས་འགྲུབ་སོང་། །
成就大事業!
ཕར་ལ་བཟོད་པ་སྒོམ་པས། །
於人作安忍,
ཚུར་ལ་གུ་ཡངས་སྤྲད་བྱུང་། །
對己施寬恕,
བཟོད་དང་གུ་ཡངས་འཛོམས་དུས། །
安忍寬恕中,
རྙོག་འཛིང་ངང་གིས་ཞི་སོང་། །
冰釋眾前嫌!
ཕར་ལ་འདོད་ཆུང་བྱས་པས། །
自己行少慾,
ཚུར་ལ་ཆོག་ཤེས་སླེབས་བྱུང་། །
獲得知足樂,
འདོད་ཆུང་ཆོག་ཤེས་ནོར་གྱིས། །
少慾知足寶,
ཡིད་ཚིམ་དགའ་བདེ་ཁུག་སོང་། །
能買幸福樂!
ཕར་ལ་དག་སྣང་སྦྱངས་པས། །
心懷清淨觀,
ཚུར་ལ་སྤྲོ་སྣང་སྤྲད་སོང་། །
自己得快樂,
དག་སྣང་སྤྲོ་སྣང་རྒྱས་དུས། །
清淨快樂中,
ཡི་མུག་སུན་སྣང་ཞི་སོང་། །
消散抑鬱厭!
ཕར་ལ་རེ་བ་སྤངས་བས། །
不寄予厚望,
ཚུར་ལ་དོགས་པ་ཡལ་སོང་། །
自己無疑慮,
རེ་དོགས་ཨ་འཐས་བྲལ་བས། །
遠離希冀執,
གུ་ཡངས་རང་དབང་ཐོབ་བྱུང་། །
獲得自由樂!
ཕར་ལ་འཛིན་པ་སྤངས་བས། །
遠離愛戀執,
ཚུར་ལ་ཞེན་པ་བྲལ་སོང་། །
捨棄諸貪念,
ཞེན་འཛིན་འཆིང་བ་མེད་དུས། །
不被貪束縛,
ཐོབ་ཤོར་ཟུག་རྔུ་ཡལ་སོང་། །
盡消得失痛!
བྱང་ཆུབ་མཆོད་རྟེན་དྲུང་དུ། །
菩提佛塔前,
བྱང་ཆུབ་སེམས་མཆོག་བསྐྱེད་པས། །
願發菩提心,
བྱང་སེམས་བརྒྱུད་ལ་སྐྱེས་ནས། །
菩提心已生,
བྱང་ཆུབ་གོ་འཕང་ཐོབ་བྱུང་།
獲得菩提果!
སྤྱི་ལོ་༢༠༡༩། ཟླ་༦། ཚེས་༣༠། ཉིན་འཇར་མན་གྱི་རྒྱལ་ས་རྦིར་ལེན་ནས་ཆོས་བཤད་གྲུབ་རྗེས་འཆམ་འཆམ་ལ་འགྲོ་ཞོར་དུ་དབྱངས་སུ་གྱེར་བའི་ཚིག་རྣམས་ལ་རུམ་བཏེག་ནས་བསྐྱར་སྣོན་དང་བཅས་ཏེ་སྐལ་བཟང་ཉི་མས་བྲིས་པ་དགེའོ། །
西元2019年6月30日,格桑尼瑪於德国首都柏林傳法完畢後,一邊散步一邊和着旋律隨口而唱。後在隆德寺對個别詞句作了修改,願吉祥!
尊貴的堪布 格桑尼瑪 仁波切