尋找心之秘密

འབྱོར་བ་མེད་དུས་དཔལ་འབྱོར་ཐོབ་ན་སྙམ། །
貧窮之時一心想財富,
ནོར་རྫས་འབྱོར་དུས་སྙིང་པོ་མི་འདུག་དྲན། །
得到財富認為無實意,
ཡོད་མེད་གང་གིས་མགུ་བའི་ཐབས་མེད་པའི། །
有無財富無法滿足時,
འཁྲུལ་བའི་བློ་ཡི་ཁ་འཛིན་སུ་ཡིས་ནུས། །
誰能隨從論證迷亂心!

དེ་རིང་དགའ་ནས་ཁྱེད་ལྷག་མི་དགོས་ཟེར། །
今天歡天喜地需要您,
སང་ཉིན་སུན་ནས་འགྲིག་ཐབས་མི་འདུག་ཟེར། །
明日生厭不得永相伴,
མཛའ་གྲོགས་སུས་ཀྱང་སེམས་ཁ་མི་ཁེངས་བའི། །
親密友伴無法滿足心,
ཅོལ་ཆུང་སེམས་འདིའི་ངོ་སྲུང་སུ་ཡིས་ནུས། །
誰能顧及情面搖曳心!

དེ་རིང་ཟས་འདི་ཧ་ཅང་ཞིམ་འདུག་ཟེར། །
今日認為食物極香甜,
སང་ཉིན་གཞན་ཞིག་ཟ་རྒྱུ་རྙེད་ན་དྲན། །
兩天之後覓食另一些,
ཟས་རིགས་གང་གིས་ཚིམ་པའི་དུས་མེད་པའི། །
有無止境滿足口腹時,
ཕོངས་པའི་བློ་འདི་སུ་ཡིས་ངོ་སྲུང་ནུས། །
誰能奉承此乃貧困心!

རང་ཡུལ་འདུག་དུས་གཞན་ཡུལ་འགྲིམ་དགོས་དྲན། །
人在故鄉尋思往異地,
གཞན་ཡུལ་སླེབས་དུས་རང་ཡུལ་ལོག་ན་འདོད། །
漂泊他鄉又思歸故裡,
ཡུལ་ཕྱོགས་གང་གིས་སེམས་ཁ་མི་ཁེངས་བའི། །
無論何處無法滿足心,
ཅོལ་ཆུང་བློ་རྗེས་སུ་ཞིག་རྒྱུགས་པར་ནུས། །
無聊追逐狂心多少人?

མཛའ་གྲོགས་ཡོད་དུས་འགྲིག་ཐབས་མི་འདུག་ཟེར། །
有了愛侶認為難相伴,
སོ་སོར་བྲལ་དུས་སྐྱོ་བས་མནར་སོང་ཟེར། །
彼此分離思念穿腸肚,
སུ་དང་འགྲོགས་ན་འགྲིག་ཐབས་མེད་པ་ཡི། །
與人同住永遠難相處,
སྨྱོན་པའི་བློ་འདིའི་ངོ་སྲུང་སུ་ཡིས་ནུས། །
何人能夠守護瘋狂心?

ཟང་ཟིང་གནས་ནས་དབེན་པར་འགྲོ་ན་བསམ། །
住在鬧市希望得安靜,
དབེན་པར་སླེབས་དུས་གྲོང་པའི་གཡེངས་བ་དྲན། །
人在淨處又思喧鬧市,
གང་དུ་ཕྱིན་ཡང་འགྲིག་པའི་དུས་མེད་པའི། །
身在何方永遠不滿足,
སེམས་སྨྱོན་འདི་ལ་སུ་ཞིག་ཡིད་གཏད་ཡོད། །
何人敢膽相信瘋狂心?

བཞག་སར་མི་སྡོད་ཕར་ཕར་ཡལ་ནས་འགྲོ །
安置之時不住飄飄然,
ཕར་ལ་བཏང་ན་ཚུར་ལ་འཁོར་ཡོང་བའི། །
放棄他處旋轉歸平靜,
ཕྱི་ནང་ཡུལ་ཀུན་རྗེས་སུ་རྒྱུགས་འགྲོ་བའི། །
此心追逐一切內外境,
རྣམ་རྟོག་འཕྲོ་རྒོད་འདོ་ཀོ་སུ་ཡིས་འགོག
何人能夠阻止分別心?

རང་སྣང་འཁྲུལ་པ་བདེན་པ་ཡིན་སྣང་ཤར། །
自顯迷亂卻認是實相,
རང་སྐྱོན་རང་གི་ཡོན་ཏན་ཡིན་པར་རློམས། །
自己過失妄想是功德,
རང་རློམས་ང་རྒྱལ་དྲེགས་པས་ཡོངས་ཁེངས་བའི། །
貢高傲慢之情遍一切,
རྨོངས་པའི་ཡིད་འདིས་ཀུན་ཀྱང་རྨོངས་པར་བྱས། །
愚癡之心蒙蔽所有人!

ཡིད་འོང་ཡུལ་ལ་ཞེན་ཆགས་ཆུ་ལྟར་གཡོ། །
貪戀悦意之境詐幻影,
ཆགས་པའི་རྗེས་སུ་མིག་སེར་ཐོག་ལྟར་རྒོད། །
貪戀後面投以嫉妒心,
དེ་ཡི་བར་ནས་ཞེ་སྡང་མེ་ལྟར་འབར། །
中間又生瞋心如烈火,
སེམས་སྨྱོན་འདི་ཡིས་ཀུན་ཀྱང་སྨྱོན་པར་བསྒྱུར། །
狂心使人變得更瘋狂!

དེ་ཕྱིར་སེམས་ཀྱི་གསང་བ་འཚོལ་བའི་ཕྱིར། །
是故為使尋覓心奧秘,
མཚུངས་མེད་བླ་མའི་གདམས་ངག་ཟབ་མོ་ཞུས། །
求取無比上師甚深教,
དད་མོས་དྲག་པོས་ཚུལ་བཞིན་ཉམས་སུ་ལོངས། །
堅定信心如理去修持,
རང་ངོ་རང་གིས་ཤེས་པའི་དུས་ཤིག་ཡོང་། །
有朝一日能夠見心性!

ཇི་སྲིད་སེམས་ཀྱི་གསང་བ་མ་ཤེས་བར། །
未能領悟心性奧秘前,
ཇི་ལྟར་མཁས་བཙུན་བཟང་པོ་ཡིན་བརློམས་ཀྱང་། །
如何妄執自己賢良學,
གཉིས་འཛིན་འཁྲུལ་པའི་རྒྱ་ལས་གྲོལ་མི་སྲིད། །
不能解脱二取之迷亂,
སེམས་ཀྱི་གསང་བ་སེམས་ཀྱིས་འཚོལ་བར་བྱོས། །
請以自心尋覓心奧秘!

ནམ་ཞིག་རང་ངོ་རང་གིས་ཤེས་པའི་ཚེ། །
一旦認識自心面目時,
ཇི་ལྟར་བྱས་ཀྱང་བདེ་བ་ཆེན་པོའི་ངང་། །
一切所行均是大安樂,
སུ་དང་འགྲོགས་ན་དགའ་ཞིང་དགེ་བའི་དཔལ། །
與人相處皆是真善樂,
ཇི་ལྟར་བྱུང་ཡང་བློ་བདེ་གུ་ཡངས་ཆེ།
所有事情乃在安樂中!

རང་དབང་རང་ལ་ཐོབ་པའི་དུས་བཟང་ཞིག །
自他一切所有有情眾,
རང་གཞན་ཀུན་ལ་འབྱུང་བའི་སྐབས་ཡོད་པས། །
都有手握自由之機遇,
དོན་ཆུང་ཟང་ཟིང་གནས་ལ་མི་འཁོར་བར། །
不得執迷無意瑣碎事,
དོན་ཆེན་སེམས་དོན་ཉམས་ལེན་ད་ལྟ་མཛོད། །
現請修持大義心實義!

སྐལ་བཟང་ཉི་མས། 24-3-2019
尊貴的堪布 格桑尼瑪 仁波切
書於2019年3月24日

About Author