聖度母

མ། བྱམས་སྙིང་རྗེའི་སྤྱན་གྱིས་འགྲོ་བ་ཀུན་ལ་བུ་ལྟར་གཟིགས། །
媽,以慈悲的雙眼凝視一切眾生如同兒子!
མ། ཐུགས་མཁྱེན་པས་འགྲོ་ལ་ལམ་སྟོན་མཛད། །རྗེ་བཙུན་མ།
媽,以先知的智慧指示眾生道途,聖度母!
མ། མཐུ་ནུས་པས་འཇིགས་པ་ཀུན་ལས་སྐྱོབས་པར་
མཛད་པའི་རྗེ་བཙུན་མ། །
媽,以無畏的力量拯救一切之聖度母!
མ། མ་དྲིན་མོ་ཆེ་ལ་གསོལ་བ་འདེབས། །མ་གཅིག་མ། །
媽,虔誠地祈禱恩深似海的母親,唯一母!

མ།དགྲ་དུག་གསུམ་ཆུ་སྲིན་ཁ་རུ་ཚུད་པའི་ཉམ་ཐག་འགྲོ། །
媽,可憐的眾生被三毒的鰐魚吞噬了!
མ། སེམས་བསམ་མེད་སྨྱོན་པའི་ཚོགས་ལ་གཟིགས། །རྗེ་བཙུན་མ།
媽,請用慈悲凝視那些意識瘋狂的眾生,聖度母!

མ། ལས་དཀར་ནག་དུ་སྤྲིན་དྲག་ཏུ་
འཁྲིགས་པའི་འཁོར་བའི་མེ་འོབས་ནང་། །
媽,善惡的宿業如陰雲密布在輪迴的火坑中!
མ། སེམས་ཞེན་པས་ཡང་ཡང་མཆོང་བ་རྣམས། །ཐུགས་རྗེས་ཟུངས། །
媽,請攝受因再三貪婪而跳進的所有眾生!

མ། དབྱིངས་སྐྱེ་མེད་ཡུམ་ཆེན་ཞལ་རས་བདག་ལ་བསྟན་ན་ཡང་། །
媽,雖然顯示法界佛母於無生的面目!
མ། བློ་གཉིས་སྣང་འཁྲུལ་པའི་ལིང་ཐོག་འདིས། རྗེ་བཙུན་མ། །
媽,我卻被二取眼翳障蔽了得心識而模糊,聖度母!

མ། ཡ་ང་བའི་རེ་དོགས་གདོན་གྱི་གཅོང་རོང་ཟབ་མོར་མཆོང་བ་ལ། །
媽,那些墮入邪魔疑慮恐懼的深谷!
མ། རང་རིག་པའི་མིག་དབང་གནོངས་མཛོད་མ། ། མ་གཅིག་མ། །
媽,請賜予自證的智慧眼目,唯一母!

མ། བུ་གདུང་བའི་གདུང་དབྱངས་འབོད་ས་
འཕགས་མ་སྒྲོལ་མའི་ཡུམ། །
媽,是孩兒憂愁悲歌抒憤的救度佛母之聖度母!
མ། །སྡུག་ཆེ་བའི་ཆོ་ངེ་འདོན་ས་མ། །རྗེ་བཙུན་མ། །
媽,當痛苦慟哭時您是我的所依,聖度母!
མ། བློ་དགེ་བའི་དགེ་བར་གོམ་ཁ་སྤོ་ལ་ཕྱག་རིང་མ་ལྷོད་མ། །
媽,您伸出慈善的雙手引領我步入善法!
མ། དོན་རྟོགས་པའི་ལུས་སྟོབས་བསྐྱེད་མཛོད་མ། །མ་གཅིག་མ། །
媽,您是長養身體證悟真理的源泉,唯一母!

སྐལ་བཟང་ཉི་མས།
尊貴的堪布 格桑尼瑪 仁波切

About Author