རང་སེམས་རང་ལ་དབང་བས་ན། །
因自心由自己掌控,
རང་གིས་རང་སེམས་གསོ་དགོས། །
需要自己治癒自心;
རང་སེམས་རང་གིས་མནར་བས་ན། །
因自心令自己受苦,
རང་སྡུག་རང་ལ་ཡོང་འཁོར་ཡོང། །
自痛苦會輪到自己!
རང་ཉིད་རང་ལ་དབང་བས་ན། །
因自己由自己掌控,
རང་གིས་རང་ཉིད་འདུལ་དགོས། །
需要自己降服自己;
རང་ལ་རང་གིས་ལྷད་པས་ན། །
如自己令自己不純,
རང་སྐྱོན་རང་ལ་ཟུག་ཡོང་། །
自缺點會令自痛苦!
རང་དབང་རང་ལ་ཡོད་དུས་སུ། །
自己擁有自由之時,
རང་དྲིན་རང་ཆེ་དགོས།
應該自己恩惠自己;
རང་དབང་རང་གིས་བརླགས་པས་ན། །
自失去自己的自由,
རང་མགོ་རང་གིས་བརྡུང་ཡོང་། །
會自敲打自己的頭!
རང་ཉིད་རང་ལ་དགའ་བས་ན། །
因為自己喜歡自己,
རང་བསམ་རང་གིས་ཐོངས་དགོས། །
需要自己反思自己;
རང་ཉིད་རང་དམར་བས་ན། །
假如自己疼愛自己,
རང་གིས་རང་ཉིད་སྐྱོང་དགོས། །
要自愛惜照顧自己!
སྐལ་བཟང་ཉི་མས།༧-༡༠-༢༠༡༦།
尊貴的堪布 格桑尼瑪 仁波切 2016年10月7日